གཡུང་དྲུང་བོན་གྱི་དྲྭ་རྒྱ།

རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་སྒྲུབ་པ་ཆེན་མོ།

IMG_8990༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དབུ་བཞུགས་ཐོག་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་དང་འདུས་གྲྭ་ཡོངས་རྫོགས་བོད་ཟླ་དང་པོའི་ཚེས་ཉེར་གསུམ་ནས་བཟུང་།  ཉི་ཤུ་དགུའི་བར་བདུན་ཕྲག་གཅིག་དང་ཉེར་དགུའི་དགོང་མོར་མཚན་ཕུད་ཀྱི་སྒྲུབ་པ་བཅས་ཉིན་མཚན་བརྒྱད་ཀྱི་རིང་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་དཀྱིལ་འཁོར་ཞལ་ཕྱེས་ནས་བསྙེན་འཛབ་གྲངས་ཚངས་བསགས་བསྒྲུབས་མཛད་པ་དང་བོད་ཚེས་སུམ་ཅུའི་ཉིན་རྒྱལ་བ་མཉམ་མེད་ཆེན་པོའི་བླ་སྒྲུབ་དང་ཤེས་རབ་སྨྲ་སེང་གི་སྒྲུབ་གཞུང་སོགས་སྦྲག་སྟེ་གཏང་རག་གི་ཚོགས་འཁོར་རྒྱས་འབུལ་དང་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་མཆོག་གིས་སྐྱ་སེར་ཡོངས་ལ་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་བཀའ་དབང་བཀའ་དྲིན་བསྩལ་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་མོ།།