བྱང་སེམས་གབ་པའི་ས་བཅད་བཞུགས་སོ།

༄༅།། །།སྟོན་པ་འཁོར་བ་ཀུན་དང་ཐུན་མོང་དང་དབྱེར་མེད་པའི་བླ་མ་བཀའ་དྲིན་ཅན་གྱི་ཞབས་ལ་གུས་པས་འདུད། མི་མགོན་གྱི་ས་བཅད་གཉིས་ཏེ། འཇུག་སྒོའི་ཡན་ལག་དང༌། འཇུག་ཡུལ་གྱི་ངོ་བོ་བསྟན་པའོ། དང་པོ་ལ་གསུམ་སྟེ། དད་མདུན་བསྐྱེད་པའི་ཡན་ལག་ཏུ་ཡོན་ཏན་དང༌། ཐ་སྙད་རྟོགས་པའི་ཡན་ལག་ཏུ་མཚན་དང༌། ཇི་ལྟར་འཇུག་པའི་ཡན་ལག་ཏུ་བཤད་ཐབས་བསྟན་པའོ། དང་པོ་ལ་གཉིས་ཏེ། དངོས་དང༌། བསྡུ་བའོ། དང་པོ་ལ་གསུམ་སྟེ། བརྒྱུད་ཚུལ་ཁུངས་ཀྱི་ཁྱད་པར་དང༌། གདམས་ངག་ལུང་གི་ཁྱད་པར་དང༌། བཞག་པ་སྣོད་ཀྱི་ཁྱད་པར་རོ། དང་པོ་ལ་གཉིས་ཏེ། ཁུངས་ཀྱི་ཡོན་ཏན་དང༌། བརྒྱུད་ཚུལ་གྱི་ཡོན་ཏན་ནོ། བཞག་པ་སྣོད་ལ་གཉིས་ཏེ། སྣོད་མེད་ཀྱི་ཐུན་མོང་མ་ཡིན་པ་དང༌། སྣོད་ལྡན་གྱིས་འབྲས་བུ་ཐོབ་ཚུལ་ལོ། གཉིས་པ་མཚན་མ་ལ་གསུམ་སྟེ། མདོར་བསྟན་དང༌། རྒྱས་བཤད་དང༌། མདོ་བསྡུ་བའོ། གཉིས་པ་ལ་གཉིས་ཏེ། དཔེའི་སྒོ་ནས་དང༌། དོན་གྱི་སྒོ་ནས་གདགས་པ་བཤད་པའོ། གསུམ་པ་བཤད་ཐབས་ལ་གསུམ་སྟེ། མདོར་བསྟན་དང༌། རྒྱས་བཤད་དང༌། མདོ་བསྡུ་བའོ། གཉིས་པ་རྒྱས་བཤད་ལ་གཉིས་ཏེ། ཐུགས་རྗེ་བྱིན་རླབས་ཀྱིས་བཤད་པ་དང༌། ཚིག་གི་དོ་བརྡེག་གིས་བཤད་པའོ། དེ་ལ་གསུམ་སྟེ། གྲངས་ཀྱི་མདོར་བསྟན་པ་དང༌། གསལ་བ་མིང་གི་ཁྱད་པར་བསྟན་པ་དང༌། སོ་སོའི་དོན་རྒྱས་པར་བཤད་པའོ། གཉིས་པ་མིང་གི་ཁྱད་པར་ལ་གཉིས་ཏེ། དཔེའི་སྒོ་ནས་དང༌། དོན་གྱི་སྒོ་ནས་བཤད་པའོ། གསུམ་པ་སོ་སོའི་དོན་ལ་གཉིས་ཏེ། མཚམས་སྦྱོར་དང༌། བཤད་ལུགས་དངོས་སོ། དེ་ལ་ལྔ་སྟེ། ཁྱུང་ཆེན་ལྡེང་ཐབས་དང༌། སེང་གེ་མཆོང་སྟབས་དང༌། ངང་མོ་འགྲོས་དང༌། ཁུ་བྱུག་གསུངས་དང༌། རུས་སྦལ་སྐུམ་ཐབས་ཀྱི་བཤད་ལུགས་བསྟན་པའོ། གཉིས་པ་འཇུག་ཡུལ་གྱི་ངོ་བོ་ལ་གསུམ་སྟེ། རྩ་བ་དང༌། ཡན་ལག་དང༌། ཉིང་ལག་གི་སྒོ་ནས་བསྟན་པའོ། དང་པོ་ལ་གསུམ་སྟེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། མདོ་བསྡུ་བའོ། གཉིས་པ་རྒྱས་བཤད་ལ་གཉིས་ཏེ། མཚམས་སྦྱོར་དང༌། ཡན་ལག་གི་རབ་ཏུ་དབྱེ་བའོ། དེ་ལ་བཞི་སྟེ། སྤྱི་ཁོག་གི་ཡན་ལག་དང༌། ཁྱབ་བྱེད་ཀྱི་ཡན་ལག་དང༌། ཟུར་རྡེག་གི་ཡན་ལག་དང༌། མདེའུ་ཐུང་གི་ཡན་ལག་གོ དང་པོ་ལ་གཉིས་ཏེ། སོ་སོའི་དོན་དང༌། མདཽ་བསྡུ་བའོ། གཉིས་པ་ཁྱབ་བྱེད་ལ་གཉིས་ཏེ། མདོར། རྒྱས་སོ། གསུམ་པ་ཟུར་རྡེག་ལ་གཉིས། མདོར་དང༌། རྒྱས་སོ། བཞི་པ་མདེའུ་ཐུང་ལ་བཞི། མདོར། རྒྱས་སོ། གཉིས་པ་ཡན་ལག་ལ་གསུམ་སྟེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། མདོ་བསྡུ་བའོ། གསུམ་པ་སྙིང་ལག་རྒྱས་པའི་སྒོ་ནས་བཤད་ལ་བཞི་སྟེ། སྤྱི་ཁོག་གི་ཡན་ལག་དང༌། འགོ་མཇུག་ཏུ་ཁྱབ་པའི་ཡན་ལག་དང༌། ཟུར་བརྡེག་གི་ཡན་ལག་དང༌། མདེའུ་ཐུང་གི་ཡན་ལག་བསྟན་པའོ། དང་པོ་ལ་བཅོ་བརྒྱད་དེ་དཀྱུས་ལ་གསལ་ལོ། དང་པོ་ཕྱག་འཚལ་བའི་སྐབས་ལ་བཅུ་གཅིག་སྟེ། དང་པོ་སྟོན་པ་ཉིད་སྐུ་ཆེ་བའི་ཡོན་ཏན་བསྟན་པ་དང༌། སེམས་ཅན་གྱི་འདྲེན་སྟོན་མཛད་པ་དང༌། བཀའི་རྩལ་ལུགས་དང༌། རིག་པའི་བརྒྱུད་ཁུངས་དང༌། བསྟན་པ་བཞག་པའི་གནས་དང༌། ཐུགས་རྗེ་ཟིན་པར་བྱ་བའི་ཐབས་དང༌། བྱང་ཆུབ་སེམས་ཀྱི་བཙའ་ཐབས་དང༌། གསང་བའི་ནན་ཏན་དང༌། དོན་དམ་པའི་བྱང་ཆུབ་ཀྱི་སེམས་དང༌། མཚན་དང་ཡན་ལག་དང༌། ཡོངས་སུ་ཁྱབ་པའི་སེམས་ལ་མདུད་པར་བསྟན་པའོ། ཡན་ལག་གཉིས་པ་ལྕགས་ཀྱི་ཐ་རམས་སྔོན་པོའི་ལུང་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བསྟན་པའོ། དང་པོ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། དེ་ལ་གཉིས། མ་རྟོགས་པའི་སྐྱོན་དང༌། རྟོགས་པའི་ཡོན་ཏན་ནོ། དེ་ལ་གཉིས། མདོར་བསྟན་དང༌། རྒྱས་བཤད་དོ།

དེ་ལ་བཞི། རྟོགས་བྱེད་ཀྱི་ཐབས་དང༌། རྟོགས་པའི་དོན་ཕྱལ་བར་མི་གཏོང་བ་དང༌། རྟོགས་པའི་སྒོ་ལྕགས་ཀྱི་ཡོན་ཏན་དང༌། དེ་སྤངས་བླངས་གཉིས་མེད་དུ་འཆར་ཚུལ་ལོ། གཉིས་པ་བྱེ་བྲག་ལ་གཉིས་ཏེ། མདོར་བསྟན་དང༌། རྒྱས་བཤད་དོ། ཡན་ལག་གསུམ་པ་བཅིང་དཀྲོལ་གྱི་སྐབས་ལ་གཉིས་ཏེ། བཅིང་ཚད་བསྟན་པ་དང༌། དཀྲོལ་ཚད་བསྟན་པའོ། དང་པོ་ལ་གཉིས། དྲི་བ་བསྟན་པ་དང༌། དྲི་ལན་བསྟན་པའོ། དང་པོ་ལ་གཉིས་ཏེ། མདོར་བསྟན་དང༌། རྒྱས་བཤད་དོ། དེ་ལ་གཉིས། སོ་སོའི་གནས་ན་བཅིང་པ་དང༌། དགོན་པར་བཅིང་པར་དྲི་བའོ། གཉིས་པ་དྲི་ལན་ལ་གཉིས། མདོར་བསྟན་དང༌། རྒྱས་བཤད་དོ། དེ་ལ་གཉིས། སོ་སོའི་གནས་ན་བཅིང་པ་དང༌། དགོན་པར་བཅིངས་པ་དྲི་བའི་ལན་ནོ། དེ་ལ་གཉིས། མདོར་བསྟན་དང༌། རྒྱས་བཤད་དོ། གཉིས་པ་ཁྲོལ་ཚད་ལ་གཉིས་ཏེ། མདོར་བསྟན་དང༌། རྒྱས་བཤད་དོ། དེ་ལ་གཉིས། སོ་སོའི་གནས་སུ་ཁྲོལ་བ་དང༌། དགོན་པར་ཁྲོལ་བའོ། དེ་ལ་གཉིས། མདོར་བསྟན་དང༌། རྒྱས་པར་བཤད་པའོ། ཡན་ལག་བཞི་པ་འཕྲུལ་གྱི་ལྡེ་མིག་གི་ལུང་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། ཡན་ལག་ལྔ་པ་གོལ་སྒྲིབ་ཀྱི་སྐབས་ལ་གཉིས་ཏེ། སྒྲིབ་སྐྱོན་བསལ་བ་དང༌། གོལ་སྐྱོན་བསལ་བའོ། དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། དེ་ལ་གཉིས་ཏེ། སྐྱོན་ངོས་བཟུང་པ་དང༌། དེ་ཉིད་བསལ་བའོ། དང་པོ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པའོ། དང་པོ་ལ་བཞི་སྟེ། བྱུང་ཁུངས་བསྟན་པ་དང༌། རྣམ་གྲངས་དང༌། གང་ལ་གནས་པ་དང༌། ཁྱད་པར་སྒྲིབ་བྲལ་དུ་བསྟན་པའོ། གཉིས་པ་བྱེ་བྲག་ཏུ་བཤད་པ་གཉིས་ཏེ། ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པ་བསྟན་པའོ། དང་པོ་ལ་གཉིས་ཏེ། བཤད་གཞི་འགོད་པ་དང༌། དེ་ཉིད་བཤད་པའོ། གཉིས་པ་ཤེས་སྒྲིབ་ལ་གཉིས་ཏེ། མདོར་བསྟན་དང༌། རྒྱས་བཤད་དོ། གཉིས་པ་དེ་ཉིད་བསལ་བ་ལ་གཉིས་ཏེ། མདོར་བསྟན་དང༌། རྒྱས་བཤད་དོ། དེ་ལ་གཉིས། ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་སྦྱོངས་པའོ། དང་པོ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པའོ། དེ་ལ་གཉིས། ཐེག་པ་འོག་མ་དང༌། ཐེག་པ་གོང་མའི་བཞེད་བསྟན་པའོ། དེ་ལ་གསུམ། བཞེད་དོན་དང༌། དཔེས་མཚོན་པ་དང༌། སྦྱངས་ལུགས་དངོས་སོ། དེ་ལ་བཞི། འོག་མའི་སྤྲོ་བ་བསྐྱེད་ཚུལ་དང༌། སྒོམ་པས་ཉམས་སུ་བླངས་པ་དང༌། ལྟ་བ་སྤྱི་རྒྱ་གཅོད་པ་དང༌། མན་ངག་གི་བསྟན་ལ་ཕབ་པའོ། གཉིས་པ་ཤེས་སྒྲིབ་སྦྱངས་པ་ལ་གསུམ། ངོས་བཟུང་པ་དང༌། སྤྱི་བསྟན་པ་དང༌། བྱེ་བྲག་བཤད་པའོ། གཉིས་པ་གོལ་སྐྱོན་བསལ་བ་ལ་གཉིས་ཏེ། གོལ་སྐྱོན་ངོས་བཟུང་བ་དང༌། དེ་ཉིད་བསལ་བར་བསྟན་པའོ། དང་པོ་ལ་གསུམ་སྟེ། གང་གོལ་བ་དང༌། གང་ལས་གོལ་བ་དང༌། གར་གོལ་བའོ། དང་པོ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་བཤད་དོ། གཉིས་པ་གང་ལས་གོལ་བ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་བཤད་དོ། གསུམ་པ་གར་གོལ་བ་ལ་གཉིས་ཏེ། མདོར་བསྟན་དང༌། རྒྱས་བཤད་དོ། གཉིས་པ་དེ་ཉིད་བསལ་ཐབས་ལ་གཉིས། མདོར་བསྟན་དང༌། རྒྱས་བཤད་དོ། ཡན་ལག་དྲུག་པ་བདུད་རྩི་ཟིལ་ཐིགས་ཀྱི་ལུང་ལ་གཉིས་ཏེ། དང་པོ་རྒྱས་པར་བཤད་པ་དང༌། གཞན་རྣམས་འགྲེས་སུ་བསྟན་པའོ།
ཡན་ལག་བདུན་པ་གཟིགས་ཚད་ཀྱི་སྐབས་ལ་གཉིས་ཏེ། བཤད་གཞི་འགོད་པ་དང༌། དེ་ཉིད་བཤད་པའོ། དེ་ལ་གསུམ། གང་གིས་གཟིགས་པ་དང༌། གང་ལ་གཟིགས་པ་དང༌། ཇི་ལྟར་གཟིགས་པའོ། དེ་ལ་དྲུག་སྟེ། ཡེ་ཤེས་དང༌། རིག་པ་དང༌། ཐུགས་རྗེ་དང༌། སྤྲུལ་པ་དང༌། ཤེས་རབ་དང༌། སེམས་ཉིད་ཀྱི་སྤྱན་གྱིས་ཡུལ་ཇི་ལྟར་གཟིགས་པའི་ཚུལ་ལོ། ཡན་ལག་བདུན་བརྒྱད་པ་རིག་པ་གསེར་གྱི་ཉ་མོ་བག་ལ་ཉལ་ལུང་ལ་གསུམ་སྟེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། མདོ་བསྡུ་བའོ། དང་པོ་ལ་གཉིས་ཏེ། འཆར་གཞི་དང༌། འཆར་ཚུལ་ལོ། དེ་ལ་གཉིས། རྟོགས་པ་ཡེ་ཤེས་ཀྱི་འཆར་ཚུལ་དང༌། འཁྲུལ་རྟོགས་ཉོན་མོངས་ཀྱི་འཆར་ཚུལ་ལོ། གསུམ་པ་མདོ་བསྡུ་ལ་བཞི་སྟེ། དོན་གྱི་བསྡུ་ཚིག་དང༌། འབྲས་བུ་ཐོབ་ཚུལ་དང༌། གཉིས་འཛིན་གྱི་ཉེས་སྐྱོན་དང༌། བླ་མེད་ཀྱི་འབྲས་བུའོ།
ཡན་ལག་དགུ་པ་དེམས་ཆེན་པོ་བཅོ་བརྒྱད་ཀྱི་སྐབས་ལ་གཉིས་ཏེ། བཤད་བཞི་འགོད་པ་དང༌། དེ་ཉིད་བཤད་པའོ། དེ་ལ་གཉིས། དྲི་བས་མདོར་བསྟན་པ་དང༌། ལན་གྱིས་རྒྱས་པར་བཤད་པའོ།
ཡན་ལག་བཅུ་པ་བདེ་ཆེན་གྱིས་ལུང་ལ་གཉིས། སྤྱིར་བསྟན་པ་དང༌། བྱེ་བྲག་དུ་བཤད་པའོ། དང་པོ་ལ་གསུམ་སྟེ། གཞིའྀ་གནས་ལུགས་བདེ་བ་དང༌། ལམ་གྱི་འཆར་ཚུལ་བདེ་བ་དང༌། འབྲས་བུ་གྲོལ་འབྲས་བདེ་བའོ། དང་པོ་ལ་གཉིས་ཏེ། ཁྱད་གཞི་དང༌། ཁྱད་པར་རོ།
ཡན་ལག་བཅུ་གཅིག་པ་གཟེར་བུ་ཉེར་གཅིག་གི་སྐབས་ལ་གསུམ་སྟེ། བཤད་གཞི་བཀོད་པ་དང༌། དེ་ཉིད་བཤད་པ་དང༌། མདོ་བསྡུ་བའོ། གཉིས་པ་ལ་གཉིས་ཏེ། མདོར་བསྟན་དང༌། རྒྱས་བཤད་དོ། དེ་ལ་གསུམ། འཆོར་བ་མེད་པ་གཡུང་དྲུང་གི་གཟེར་བདུན། འདུ་འབྲལ་མེད་པ་ཡེ་ཤེས་ཀྱི་གཟེར་བདུན། ཉམ་ང་མེད་པ་དོན་གྱི་གཟེར་བདུན་ནོ།
ཡན་ལག་བཅུ་གཉིས་པ་མཉམ་པ་ཉིད་ཀྱི་ལུང་ལ་གསུམ་སྟེ། སྒྱུ་མའི་རྟོག་དཔྱོད་ལས་བརྡ་བཟླ་བར་བསྟན་པ་དང༌། ཐམས་ཅད་སེམས་ཀྱི་ངང་ལ་མཉམ་པར་བསྟན་པ་དང༌། དོན་གྱི་མདོ་བསྡུ་བའོ། དང་པོ་ལ་གསུམ་སྟེ། འཁྲུལ་ལུགས་དང༌། འཁྲུལ་པ་བཟློག་ཐབས་དང༌། བཟློག་པའི་ཡོན་ཏན་ནོ། དང་པོ་ལ་གཉིས་ཏེ། མདོར་བསྟན་དང༌། རྒྱས་བཤད་དོ། གསུམ་པ་བཟློག་པའི་ཡོན་ཏན་ལ་བཞི་སྟེ། ཆགས་སྡང་གི་མཚན་མ་དག་པ་དང༌། སྤང་རྟོགས་ཕྱིར་མི་ལྡོག་པ་དང༌། དགོས་དགུ་རང་ལ་ཚང་བ་དང༌། མི་འཇིགས་པའི་སྟོབས་དང་ལྡན་པའོ།
ཡན་ལག་བཅུ་གསུམ་པ་ཐ་སྙད་མེད་པའི་སྐབས་ལ་གཉིས་ཏེ། བཤད་བཞི་འགོད་པ་དང༌། དེ་ཉིད་བཤད་པོ། དེ་ལ་གསུམ། མདོར་བསྟན་དང༌། རྒྱས་བཤད་དོ། མདོ་བསྡུའོ། དང་པོ་ལ་གཉིས་ཏེ། ཁྱད་གཞི་དང༌། ཁྱད་པར་རོ། གཉིས་པ་རྒྱས་བཤད་ལ་གཉིས་ཏེ། སྤྱིར་བསྟན་དང༌། བྱེ་བྲག་ཏུ་བཤད་པའོ། དེ་ལ་གཉིས། སྒྲུབ་བྱའི་ཐ་སྙད་དང་བྲལ་བ་དང༌། དགག་བྱའི་ཐ་སྙད་དང་བྲལ་བ་བསྟན་པའོ། གསུམ་པ་མདོ་བསྡུ་བ་ལ་གསུམ། མཐའ་བྲལ་དང༌། དཔེ་དོན་རྟགས་དང༌། བློ་འདས་ཀྱིས་བསྡུ་བའོ།
ཡན་ལག་བཅུ་བཞི་པ་རིག་པ་དམར་ཐག་གི་ལུང་ལ་གསུམ་སྟེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། མདོ་བསྡུ་བའོ། དང་པོ་ལ་གསུམ་སྟེ། གང་ལ་གཅད་པ་དང༌། གང་གཅད་པ་དང༌། ཇི་ལྟར་གཅད་པའོ།
ཡན་ལག་བཅོ་ལྔ་པ་རྩོལ་བྲལ་གྱི་སྐབས་ལ་གསུམ་སྟེ། བཤད་གཞི་འགོད་པ་དང༌། དེ་ཉིད་བཤད་པ་དང༌། མདོ་བསྡུ་བའོ། གཉིས་པ་ལ་གཉིས་སྟེ། སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པའོ། དང་པོ་ལ་གསུམ་སྟེ། རྩོལ་བྲལ་དངོས་དང༌། སྒྲུབ་ཚུལ་དང༌། གདམས་པའོ། གསུམ་པ་མདོ་བསྡུ་ལ་གཉིས་ཏེ། ཁྱད་པར་གྱི་སྒོ་ནས་བསྡུ་བ་དང༌། ཁྱད་གཞིའི་སྒོ་ནས་བསྡུ་བ་དང༌།
ཡན་ལག་བཅུ་དྲུག་པ་མི་ནུབ་རྒྱལ་མཚན་གྱི་ལུང་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། དང་པོ་ལ་གཉིས། གང་གིས་གསུངས་པ་དང༌། གང་གསུངས་པའོ། དེ་ལ་གཉིས། སྒོམ་བྱ་དང༌། སྒོམ་ཚུལ་ལོ།
ཡན་ལག་བཅུ་བདུན་པ་བཅོས་སུ་མེད་པའི་སྐབས་ལ་གསུམ་སྟེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། ཞོར་འབྱུང་གི་མདོ་བསྡུ་བའོ། གཉིས་པ་ལ་གསུམ་སྟེ། དབྱིངས་ནས་ཡེ་ཤེས་གསལ་བ་ལ་བཅོས་སུ་མེད་པ་དང༌། དབྱིངས་ནས་ཡེ་ཤེས་ཤར་བ་ལ་བཅོས་སུ་མེད་པ་དང༌། བྱང་ཆུབ་ཀྱི་སེམས་ཡེ་ནས་བཅོས་མེད་དུ་བསྟན་པའོ།
ཡན་ལག་བཅོ་བརྒྱད་པ་ཡེ་ཤེས་ཐིག་ལེའི་ལུང་ལ་གཉིས་ཏེ། ཐིག་ལེའི་རྣམ་གྲངས་རྒྱས་པར་བཤད་པ་དང༌། ཞོར་འབྱུང་གི་མདོ་བསྡུ་བའོ། གཉིས་པ་འགོ་མཇུག་ཏུ་ཁྱབ་པའི་ཡན་ལག་ལ་གསུམ་སྟེ། སྐབས་ཀྱི་མདོར་བསྟན་པ་དང༌། དེ་ཉིད་རྒྱས་པར་བཤད་པ་དང༌། ཆེ་བ་ཡོན་ཏན་གྱིས་མདོ་བསྡུ་བའོ། གཉིས་པ་ལ་བཅུ་སྟེ། བསྡུ་བ་གསུམ་དང༌། བཞག་པ་གཅིག་དང༌། མི་ནོར་བ་ཐིག་ཆེན་དང༌། དེ་བཞིན་ཉིད་བཞི་དང༌། མི་འགྱུར་བ་གཡུང་དྲུང་དང༌། གཤེན་རབ་དང་སེམས་ཅན་རྟོགས་དང་མ་རྟོགས་ཀྱི་ཁྱད་པར་དང༌། མཐའ་རྣམ་པ་དགུ་ལས་འདས་པ་དང༌། ཐེག་པ་འོག་མ་ལས་གོང་མའི་ལྟ་བ་ཁྱད་པར་དུ་འཕགས་པ་དང༌། མ་རིག་པའི་སྐྱོན་བསལ་ནས་ཡེ་ཤེས་ཀྱི་ཚོགས་བསྐྱེད་དེ་མི་འགག་པར་བྱ་བའི་དོན་དང༌། དེ་ལྟར་ཡིན་ནོ་བའི་རྟོག་པ་ལས་བསྡའ་བཟླ་ཞིང་མི་དམིགས་པ་ལ་མཉམ་པར་བཞག་པས་འགོ་མཇུག་ཏུ་ཁྱབ་པའི་ཡན་ལག་དང་བཅུའོ། དང་པོ་ལ་གཉིས། དྲི་བའི་སྒོ་ནས་མདོར་བསྟན་པ་དང༌། ལན་གྱི་སྒོམ་ནས་རྒྱས་པར་བཤད་པའོ། དེ་ལ་གསུམ། དཔེ་དང༌། དོན་དང༌། རྟགས་ཀྱི་བསྡུ་པའོ། གསུམ་པ་ལ་གསུམ། མདོར། རྒྱས། བསྡུས་པའོ། བཞི་པ་དེ་བཞིན་ཉིད་ལ་གཉིས། དྲི་བ་དང་དྲི་ལན་གྱིས་མདོར་བསྟན་པ་དང༌། རྒོལ་བ་དང་རྒོལ་ལན་གྱིས་རྒྱས་པར་བཤད་པའོ། དང་པོ་ལ་གཉིས། དྲི་བ་དང༌། ལན་ནོ། གཉིས་པ་རྒྱས་བཤད་ལ་གཉིས། རྒོལ་བ་དང༌། ལན་ནོ། དེ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། དེ་ལ་བཞི། བོན་དེ་བཞིན་ཉིད་དང༌། སེམས་དང༌། དགོངས་པ་དང༌། འབྲས་བུ་དེ་བཞིན་ཉིད་དོ། ལྔ་པ་མི་འགྱུར་བ་གཡུང་དྲུང་ལ་གཉིས། དྲི་བ་དང་དྲི་ལན་གྱི་མདོར་བསྟན་པ་དང༌། རྒོལ་བ་དང་རྒོལ་ལན་གྱིས་རྒྱས་པར་བཤད་པའོ། དང་པོ་ལ་གཉིས། དྲི་བ་དང༌། ལན་ནོ། གཉིས་པ་རྒྱས་བཤད་ལ་བཅུ། སྣང་སྲིད་དང༌། བོན་དང༌། སེམས་ཅན། ལྷ། གནས། ཁ་དོག། ཡེ་ཤེས། ཏིང་འཛིན། དགོངས་པ་དང༌། འབྲས་བུ་མི་འགྱུར་བའི་གཡུང་དྲུང་ཐོབ་པའོ། དྲུག་པ་རྟོགས་དང་མ་རྟོགས་གི་ཁྱད་པར་ལ་གསུམ། དྲི་བ་དང་དྲི་ལན་གྱི་མདོར་བསྟན་པ་དང༌། རྒོལ་བ་དང་རྒོལ་ལན་གྱིས་རྒྱས་པར་བཤད་པ་དང༌། ཁྱད་པར་ཡིན་ལུགས་ཀྱིས་མདོ་བསྡུ་བའོ། དང་པོ་ལ་གཉིས། དྲི་བ་དང༌། དྲི་ལན་ནོ། གཉིས་པ་རྒྱས་བཤད་ལ་གཉིས། རྟོགས་པ་གཤེན་རབ་དང༌། མ་རྟོགས་སེམས་ཅན་གྱི་ཁྱད་པར་རོ། དང་པོ་ལ་གསུམ། ཡེ་སངས་རྒྱས་པ་དང༌། ཐུགས་རྗེ་སྤྲུལ་པ་དང༌། གང་ཟག་རྒྱུའི་གཤེན་རབ་བོ། དང་པོ་ལ་གཉིས། མདོར་བསྟན་དང༌། རྒྱས་བཤད་དོ། གཉིས་པ་སེམས་ཅན་ལ་གསུམ། ཐེར་ཟུག་ཡིད་ཀྱི་གཟུགས་དང་བཅས་པ་དང༌། འཁོར་བའི་རྒྱུན་དུ་ཞུགས་པ་དང༌། རང་འབྱུང་རང་ཞི་སྐྱེ་བ་བཞི་དང་ལྡན་པའི་སེམས་ཅན་ནོ། བདུན་པ་མཐའ་འདས་ལ་གསུམ། དྲི་བས་མདོར་བསྟན་པ་དང༌། ལན་གྱིས་རྒྱས་པར་བཤད་པ་དང༌། ལ་བཟླས་མདོ་བསྡུ་བའོ།
བརྒྱད་པ་ཐེག་པ་ལ་གཉིས། དྲི་བས་མདོར་བསྟན་པ་དང༌། ལན་གྱིས་རྒྱས་པར་བཤད་པའོ། དགུ་པ་སྐྱོན་བསལ་ལ་གཉིས། དྲི་བས་མདོར་བསྟན་པ་དང༌། ལན་གྱིས་རྒྱས་པར་བཤད་པའོ། བཅུ་པ་མཉམ་བཞག་ལ་གཉིས། མདོར་བསྟན་དང༌། རྒྱས་བཤད་དོ། གསུམ་པ་ཟུར་བརྡེག་གི་ཡན་ལག་ལ་གསུམ་སྟེ། བཤད་གཞི་འགོད་པ་དང༌། དེ་ཉིད་བཤད་པ་དང༌། མདོ་བསྡུ་བའོ། གཉིས་པ་ལ་ལྔ་སྟེ། ལྟ་བ་ཆེན་པོས་ཐག་གཅོད་པ་དང༌། ཚད་བོར་བ་དང༌། ལྟངས་ཕུལ་བ་དང༌། འཕྱོངས་གཅོད་པ་དང༌། ལ་གཅད་པའི་ཟུར་བརྡེག་གི་ཡན་ལག་གོ དང་པོ་ལ་གསུམ། མདོར་བསྟན། རྒྱས་བཤད། བསྡུ་བའོ། གཉིས་པ་ཚད་བོར་བ་ལ་གཉིས། མདོར་བསྟན་དང༌། རྒྱས་བཤད་དོ། གསུམ་པ་ལྟངས་ཕུལ་བ་ལ་གཉིས། བཤད་བཞི་འགོད་པ་དང༌། དེ་ཉིད་བཤད་པའོ། དེ་ལ་གཉིས། མདོར་བསྟན་དང༌། རྒྱས་བཤད་དོ། དེ་ལ་བདུན། ཨ་དཀར་དང༌། དྲང་སྲོང་དང༌། དགེ་བསྙེན། སྲིད་གཤེན། འཕྲུལ་གཤེན། སྣང་གཤེན། ཕྱྭ་གཤེན་གྱི་ལྟ་བའི་ལྟངས་ཕུལ་ལོ། དང་པོ་ལ་གཉིས། གང་གིས་ཇི་ལྟར་ཕུལ་བ་དང༌། དེ་ཉིད་སུན་འབྱིན་པའོ། དེ་ལ་གསུམ། གང་གིས་བརྗོད་པ་དང༌། ཚིག་གཅད་ཀྱི་གནས་ལུགས་བརྗོད་པ་དང༌། ཚིག་ལྷུག་གིས་གོལ་བར་བསྟན་པའོ། གཉིས་པ་དྲང་སྲོང་ལ་གཉིས། ལྟངས་ཕུལ་དང༌། སུན་འབྱིན་ནོ། དེ་ལ་གསུམ། གང་གིས་གསུངས་པ་དང༌། གནས་ལུགས་དང༌། གོལ་བར་བསྟན་པའོ། གསུམ་པ་དགེ་བསྙེན་ལ་གཉིས། ལྟངས་ཕུལ་དང༌། སུན་འབྱིན་ནོ། དེ་ལ་གསུམ། གང་གིས་གསུངས་པ་དང༌། གནས་ལུགས་དང༌། གོལ་བར་བསྟན་པའོ། བཞི་པ་སྲིད་གཤེན་ལ་གཉིས། ལྟངས་ཕུལ་དང༌། སུན་འབྱིན་ནོ། དེ་ལ་གསུམ། གང་གིས་གསུངས་པ་དང༌། གནས་ལུགས་དང༌། གོལ་བར་བསྟན་པའོ། ལྔ་པ་འཕྲུལ་གཤེན་ལ་གཉིས། ལྟངས་ཕུལ་དང༌། སུན་འབྱིན་ནོ། དེ་ལ་གསུམ། གང་གིས་གསུངས་པ་དང༌། གནས་ལུགས་དང༌། གོལ་བར་བསྟན་པའོ། དྲུག་པ་སྣང་གཤེན་ལ་གཉིས། ལྟངས་ཕུལ་དང༌། སུན་འབྱིན་ནོ། དེ་ལ་གསུམ། གང་གིས་གསུངས་པ་དང༌། གནས་ལུགས་དང༌། གོལ་བར་བསྟན་པའོ། བདུན་པ་ཕྱྭ་གཤེན་ལ་གཉིས། ལྟངས་ཕུལ་དང༌། སུན་འབྱིན་ནོ། དེ་ལ་གསུམ། གང་གིས་གསུངས་པ་དང༌། གནས་ལུགས་དང༌། གོལ་བར་བསྟན་པའོ། བཞི་པ་འཕྱོངས་བཅད་ལ་གསུམ། མདོར་བསྟན་དང༌། རྒྱས་བཤད་དང༌། བསྡུ་བའོ། ལྔ་པ་ལ་གཅད་པ་ལ་གསུམ། མདོར་བསྟན་དང༌། རྒྱས་བཤད་དང༌། བསྡུ་བའོ། གཉིས་པ་ལ་གཉིས། གང་གིས་གསུངས་པ་དང༌། གང་གསུངས་པའོ། བཞི་པ་མདེའུ་ཐུང་གི་ཡན་ལག་ལ་གཉིས་ཏེ། བཤད་གཞི་འགོད་པ་དང༌། དེ་ཉིད་བཤད་པའོ། དེ་ལ་ལྔ༌། གོ་རིམས་ཀྱི་ཁ་བསྐང་དང༌། དགོངས་ཉམས་དང༌། ཞལ་བསྡུར་དང༌། བཏང་བཞག་དང༌། དཀྱུས་ལས་གུད་དུ་བཀོལ་བའི་མདེའུ་ཐུང་གི་ཡན་ལག་གོ། གཉིས་པ་ལ་གསུམ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། དགྱེས་ཚུལ་གྱིས་མདོ་བསྡུ་བའོ། དང་པོ་ལ་གསུམ། ངོས་བཟུང་དང༌། གང་གིས་བསྡུར་བ་དང༌། གང་དུ་བསྡུར་བའོ། གཉིས་པ་རྒྱས་བཤད་ལ་དྲུག ཡེ་གཤེན་དང༌། ཡུམ་དང༌། གསང་འདུས་དང༌། ཀླུ་གྲུབ་དང༌། རྒྱལ་གཤེན་དང༌། ཡོངས་དག་གི་དགོངས་ཉམས་སོ། གསུམ་པ་ཞལ་བསྡུར་ལ་གསུམ། མདོར་བསྟན་དང༌། རྒྱས་བཤད་དང༌། མདོ་བསྡུ་བའོ། གཉིས་པ་ལ་གསུམ། གང་གིས་གང་ལ་གནས་པ་དང༌། གསན་པའི་ལྟངས་ཕུལ་པ་དང༌། བསྔགས་པའི་ལན་བརྗོད་པ་དང༌། གཉིས་པ་ལ་གཉིས། མདོར་བསྟན་དང༌། རྒྱས་བཤད་དོ། དེ་ལ་གསུམ། སྟག་ལ་དང༌། དྲང་སྲོང༌། གསང་འདུས་ཀྱིས་བཞེད་དོ། དེ་ལ་གཉིས། དངོས་དང༌། བཟོད་གསོལ་ལོ། བཞི་པ་གཏང་གཞག་ལ་གསུམ། མདོར་བསྟན་དང༌། རྒྱས་བཤད་དང༌། མདོ་བསྡུ་བའོ། གཉིས་པ་ལ་གསུམ། ངོ་བོས་མདོར་བསྟན་པ་དང༌། རྒྱུ་མཚན་གྱིས་བྱེ་བྲག་ཏུ་བྱས་པ་དང༌། བྱེ་བྲག་སོ་སོའི་དོན་བསྟན་པའོ། དེ་ལ་གསུམ། རྒྱས་པ་དང༌། འབྲིང་པོ་དང༌། ཉུང་ངུན་གྱི་གཏང་བཞག་གོ དང་པོ་གཉིས། མདོར་བསྟན་དང༌། རྒྱས་བཤད་སོ། གཉིས་པ་འབྲིང་པོ་ལ་གཉིས། མདོར་བསྟན་དང༌། རྒྱས་བཤད་དོ། ལྔ་པ་གུད་བཀོལ་ལ་གསུམ། མདོར་བསྟན་དང༌། རྒྱས་བཤད། མདོ་བསྡུའོ། དང་པོ་ལ་གཉིས། མཚན་གྱི་རྣམ་གྲངས་དང༌། དོན་གྱི་ངོས་བཟུང་ངོ༌། གཉིས་པ་རྒྱས་བཤད་ལ་གཉིས། འགལ་བའི་སྒྲོ་འདོགས་གཅོད་པ་དང༌། འབྲས་བུ་ལ་ཐེ་ཚོམ་གཅོད་པའོ། དང་པོ་ལ་གཉིས། དངོས་དང༌། མདོ་བསྡུ་བའོ། དང་པོ་ལ་གཉིས། རྗོད་བྱེད་ཀྱི་མཚན་དང༌། བརྗོད་བྱའི་གཞུང་ལ་སྒྲོས་འདོགས་གཅོད་པའོ། དང་པོ་ལ་གཉིས། མཚན་དངོས་དང༌། གདགས་ཚུལ་ལའོ། དང་པོ་ལ་གཉིས། དྲི་བ་དང༌། ལན་ནོ། དེ་ལ་བཞི། བཙའ་ཐབས་དང༌། རང་བཞིན་དང༌། དགོས་པ་དང༌། བསྡུ་བའི་སྒོ་ནས་གབ་པར་བསྟན་པའོ། གཉིས་པ་གདགས་ཚུལ་ལ་གཉིས། ཞུ་བ་དང༌། ལན་ནོ། གཉིས་པ་བརྗོད་བྱ་ལ་ལྔ་སྟེ། ཕྱག་གིས་དྲངས་ཏེ་ལུང་དང༌། སྐབས་དང༌། ཁྱབ་བྱེད་དང༌། ཟུར་བརྡེག་དང༌། མདེའུ་ཐུང་གི་ཡན་ལག་ལ་སྒྲོ་འདོགས་གཅོད་པའོ། དང་པོ་ལ་དགུ་སྟེ། ཕྱག་དང༌། ཐ་རམས་དང་ལྡེ་མིག  བདུད་རྩི་ཟིལ་ཐིགས། རིག་པ་གསེར་ཉ། བདེ་བ་ཆེན་པོ། མཉམ་པ་ཉིད། རིག་པ་དམར་ཐག མི་ནུབ་རྒྱལ་མཚན། ཡེ་ཤེས་ཐིག་ལེའི་ལུང་ལ་སྒྲོ་འདོགས་གཅོད་པའོ། དང་པོ་ལ་གཉིས། སྤྱི་དོན་དང༌། བྱེ་བྲག་གནས་སྐབས་ལའོ། དང་པོ་ལ་གཉིས། ཞུ་བ་དང༌། ཞུ་ལན་ནོ། གཉིས་པ་གནས་སྐབས་ལ་གཉིས། ཞུ་བ་དང༌། ལན་ནོ། དེ་ལ་གསུམ། ཐ་སྙད་ཀྱི་རབ་དབྱེ། དགོས་པའི་རྒྱུ་མཚན། ཡུལ་གྱི་རང་བཞིན་ནོ། དང་པོ་ལ་གཉིས། མདོར་བསྟན་དང༌། རྒྱས་བཤད་སོ། དེ་ལ་གཉིས། དྲི་བ་དང༌། ལན་ནོ། གཉིས་པ་ཐ་རམས་དང་ལྡེ་མིག་གཉིས། སྤྱི་དོན་དང༌། བྱེ་བྲག་ལ་སྒྲོ་འདོགས་གཅོད་པའོ། གཉིས་པ་སྐབས་ལ་དྲུག བཅིངས་དཀྲོལ་དང༌། གོལ་སྒྲིབ། གཟིགས་ཚད། དེམས་གཟེར་བུ། ཐ་སྙད་མེད་པ་དང༌། མ་བཅོས་པ་དང་རྩོལ་བྲལ་གྱི་སྐབས་ལ་སྒྲོ་འདོགས་གཅོད་པའོ། གཉིས་པ་ལ་གཉིས། སྒྲིབ་པ་ཉི་ཤུ་དང༌། གོལ་ས་བཅུ་གཉིས་ཀྱྀ་སྐབས་ལའོ། གསུམ་པ་ཁྱབ་བྱེད་ཀྱི་ཡན་ལག་ལ་སྒྲོ་འདོགས་གཅོད་པ་ལ་བཅུ་སྟེ། བསྡུ་པ་གསུམ། བཞག་པ་གཅིག་མི་ནོར་བ་ཐིག་ཆེན། དེ་བཞིན་ཉིད་བཞི། རྟོགས་དང་མ་རྟོགས་ཀྱི་ཁྱད་པར། མི་འགྱུར་བ་གཡུང་དྲུང༌། མཐའ་རྣམ་པ་དགུ་ལས་འདས་པ། འོག་མ་ལས་གོང་མའི་ལྟ་བ་ཁྱད་པར་དུ་དཔག་པ། མ་རིག་པའི་སྐྱོན་བསལ་ནས་ཡེ་ཤེས་ཀྱི་ཚོགས་བསྐྱེད་པ། གསལ་ལོ་བའི་རྟོག་པ་ལ་བསྡ་བཟླ་ཞིང་མི་དམིགས་པ་ལ་མཉམ་པར་བཞག་པས་འགོ་འཇུག་ཏུ་ཁྱབ་པའི་ཡན་ལག་ལ་སྒྲོ་འདོགས་གཅོད་པའོ། དང་པོ་ལ་གཉིས། དཔེ་བྱེ་བྲག་ཏུ་བསྟན་པ་དང༌། བསྡུ་པ་སྤྱིར་བསྟན་པའོ།
གཉིས་པ་འབྲས་བུ་ལ་གཉིས། ལམ་དང༌། འབྲས་བུའི་དོན་ལ་ཐེ་ཚོམ་གཅོད་པའོ། དང་པོ་ལ་བཞི། སྤྱི་ཁོག ཁྱབ་བྱེད། ཟུར་བརྡེག མདེའུ་ཐུང་གི་ཡན་ལག་གི་དོན་ལ་ཐེ་ཚོམ་གཅོད་པའོ། དང་པོ་ལ་བཅུ་བདུན་ཏེ། ཕྱག་འཚལ་བ་དང༌། ཐ་རམས་དང༌། ལྡེ་མིག བཅིངས་དཀྲོལ། གོལ་སྒྲིབ། བདུད་རྩི་ཟིལ་ཐིགས། གཟིགས་ཚད། གསེར་ཉ། དེམས། བདེ་ཆེན། གཟེར་བུ། མཉམ་ཉིད། ཐ་སྙད་མེད་པ། རིག་པ་དམར་ཐག་རྩོལ་བ་དང་བྲལ་བ། མི་ནུབ་རྒྱལ་མཚན། མ་བཅོས་པའི་སྐབས། ཡེ་ཤེས་ཐིག་ལེའི་ལུང་གི་དོན་ལ་ཐེ་ཚོམ་གཅོད་པའོ། ཁྱབ་བྱེད་ཀྱི་ཡན་ལག་ལ་གཉིས། བསྡུ་པ་རྒྱས་པར་བཤད་པ་དང༌། སྤྱིར་མཐར་ཕྱིན་ལ་བསྡུ་སྟེ་བསྟན་པའོ། གཉིས་པ་འབྲས་བུ་ལ་གཉིས། སྣང་བཅས་དང༌། སྣང་མེད་ལ་ཐེ་ཚོམ་གཅོད་པའོ། བགྲོད་མེད་ལམ་ལ་འཇུག་བདེ་བའི་ཕྱིར། ལུང་ལ་རིག་པའི་ས་གཅོད་བཀོད། ནོངས་སྲིད་སྐྱབས་ཡུལ་གཉེན་ལ་གཤགས། དགེ་བས་འགྲོ་ཀུན་གྲོལ་བར་ཤོག མུ་ཙུག་སྨྲར་ཞི་ཨེ་མ་ཧོ།།

ཞེས་པའི་ཚུལ་འདི་ནི་གཤེན་གྱི་དྲང་སྲོང་ཤེས་རབ་རྒྱལ་མཚན་ལ་གཡས་རུའི་སྟོན་པ་རིན་ཆེན་བློ་གྲོས་ཀྱི་བསྐུལ་བ་ལ་བརྟེན་ནས་བཀྲིས་སྨན་རིའི་དབེན་གནས་སུ་སྦྱར་བ་དགེའོ།། བཀྲ་ཤིས་པར་ཤོག སྨོན་ལམ། བྱིན་ཆེ། དགེའོ།།

1,339 total views, 2 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།