གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཡུང་དྲུང་བོན་གྱི་སྐྱབས་འགྲོའི་ཚོགས་ཞིང་།

refuge_new_small2༡༽རྒྱལ་ཀུན་འདུས་པའི་བདག་ཉིད་བྱིན་གྱིས་བརླབས་པའི་སྟོན་པ་དཔལ་ལྡན་དྲིན་ཅན་རྩ་བའི་བླ་མ་ཉིད་རྣམ་པ་ཀུན་བཟང་གཤེན་ལྷ་འོད་དཀར་གྱི་ཆ་ལུགས་སུ་བཞུགས་པ། དེ་ཡང་ལོངས་སྤྱོད་རྫོགས་སྐུའི་ཕྱག་རྒྱ་ཉེར་ལྔ།ཞི་བའི་རྒྱན་བཅུ་གསུམ།ཚངས་པའི་ཚུལ་དགུ། མཚན་བཟང་པོ་སུམ་ཅུ་རྩ་གཉིས།དཔེ་བྱད་བཟང་པོ་བརྒྱད་ཅུ།ངེས་པའི་ཐོ་ཡིག་བཞི་བཅུ།འོད་ཟེར་གྱི་ཕུང་པོ་བྱེ་བ་འཕྲོ་བའི་ཚུལ་དུ་བཞུགས་པ།༢༽བརྒྱུད་གསུམ་གྱི་འདུས་སོ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་ཉིད་དག་པ་དྲང་སྲོང་གི་ཆ་ལུགས་སུ་བཞུགས་ཤིང་། ན་བཟའ་གོས་དྲུག་གསོལ་བ།ཆགས་ཞེན་གྱི་སྐྱོན་དང་བྲལ་བའི་བརྡ་རུ་ཕྱག་རྒྱ་པད་སྐོར། བདག་འཛིན་རྩད་ནས་གཅོད་པའི་བརྡ་རུ་རལ་གྲི།བོན་སྒོ་མ་ལུས་པའི་བདག་ཉིད་ཡིན་པའི་བརྡ་རུ་པོ་ཏི་བཅས་བསྣམས་པ།༣༽རྣམ་འདྲེན་རྒྱལ་བ་གཉིས་པའི་རྒྱལ་ཚབ་རིན་ཆེན་རྒྱལ་མཚན།༤༽མཁན་ཆེན་ནམ་མཁའ་ཡེ་ཤེས།༥༽ཀུན་བཟང་རྒྱལ་མཚན།༦༽རིན་ཆེན་རྒྱལ་མཚན།༧༽ཚུལ་ཁྲིམས་རྒྱལ་མཚན།༨༽བསོད་ནམས་ཡེ་ཤེས།༩༽བསོད་ནམས་གཡུང་དྲུང།༡༠༽ཤེས་ཙུ་དྲུང་མོ།༡༡༽ཤེས་རབ་འོད་ཟེར།༡༢༽གཡུང་དྲུང་རྒྱལ་མཚན།༡༣༽ཤེས་རབ་བློ་གྲོས།༡༤༽ཤེས་རབ་འོད་ཟེར།༡༥༽གཙུག་ཕུད་འོད་ཟེར།༡༦༽གཡུང་དྲུང་ཚུལ་ཁྲིམས།༡༧༽རིན་ཆེན་འོད་ཟེར།༡༨༽རིན་ཆེན་ལྷུན་གྲུབ།༡༩༽ཤེས་རབ་བསྟན་འཛིན།༢༠༽ཤེས་རབ་དབང་རྒྱལ།༢༡༽གཡུང་དྲུང་དབང་རྒྱལ།༢༢༽ཕུན་ཚོགས་རྣམ་རྒྱལ།༢༣༽བསོད་ནམས་བློ་གྲོས།༢༤༽ཟླ་བ་རྒྱལ་མཚན།༢༥༽ཉི་མ་བསྟན་འཛིན།༢༦༽བསོད་ནམས་ཕུན་ཚོགས།༢༧༽ཤེས་རབ་གཡུང་དྲུང།༢༨༽སངསརྒྱས་བསྟན་འཛིན།༢༩༽བསྟན་འཛིན་ཚུལ་ཁྲིམས།༣༠༽ཕུན་ཚོགས་བློ་གྲོས།༣༡༽རྒྱལ་བ་བློ་གྲོས།༣༢༽བསྟན་པ་བློ་གྲོས།༣༣༽ཉི་མ་དབང་རྒྱལ།༣༤༽ཤེས་རབ་བློ་གྲོས།    མཁན་རབ་འདི་རྣམས་སྡོམ་གསུམ་རྨ་མེད་དུ་འཛིན་པའི་དྲང་སྲོང་ན་བཟའ་གོས་དྲུག་རིན་ཆེན་རྫས་ལྔས་བརྒྱན་པ་ཤ་སྟག་གོ།
རྫོགས་ཆེན་སེམས་སྡེའི་ཡང་སྙིང་ཞང་ཞུང་སྙན་རྒྱུད་ཀྱི་བླ་མ་བརྒྱུད་པ་རྣམས་དབུས་ནས་གཡས་གཡོན།
༣༥༽བརྒྱུད་ཁུངས་སྟོན་པ་ཀུན་ཏུ་བཟང་པོ་རྒྱན་མེད་གཅེར་བུ།༣༦༽གཤེན་ལྷ་འོད་དཀར།༣༧༽རྒྱལ་བ་གཤེན་རབས།༣༨༽ཚད་མེད་འོད་ལྡན།༣༩༽འཕྲུལ་གཤེན་སྣང་ལྡན།༤༠༽བཟང་བཟའ་རིང་བཙུན།༤༡༽འཆི་མེད་གཙུག་ཕུད།༤༢༽གསང་བ་འདུས་པ།༤༣༽ཡོངས་སུ་དག་པ།༤༤༽ཀླུ་བོན་བ་ནམ།༤༥༽ཁྲི་ལྡེ་ཟམ་བུ།༤༦༽བ་ནམ་སྐྱོལ་པོ།༤༧༽ཁྲིེ་ཤོས་རྒྱལ་བ།༤༨༽ར་སངས་བསམ་འགྲུབ།༤༩༽དར་མ་ཤེས་རབ།༥༠༽དར་མ་བྷོ་དེ།༥༡༽ཞང་ཞུང་ཁྲི་འཕེན།༥༢༽མུ་ཡེ་ལྷ་རྒྱུང།༥༣༽རྨ་གཤེན་ལེགས་བཟང།༥༤༽གྱེར་གཤེན་སྟག་ལྷ།༥༥༽ར་སངས་གཡུང་དུང།༥༦༽གསས་ཆེན་གཡུང་འཕེན།༥༧༽དགེ་འབར་དོན་གྲུབ།༥༨༽གྱེར་སྤུངས་དགེ་འཕེན།༥༩༽དེ་སྲས་དགེ་རྒྱལ།༦༠༽ཞང་ཞུང་རྣ?་རྒྱལ།༦༡༽མུ་རྒྱུང་དཀར་པོ།༦༢༽ཧོར་ཏི་ཆེན་པོ།༦༣༽དོན་ཀུན་གྲུབ་པ།༦༤༽ར་སངས་འཕེན་རྒྱལ།༦༥༽གུ་རུབ་གསས་དགའ།༦༦༽ཟླ་བ་རྒྱལ་མཚན།༦༧༽ཏ་པི་ཧྲི་ཙ།༦༨༽སྣང་གཤེར་ལོད་པོ།༦༩༽རྒྱལ་གཟིགས་གསས་ཆུང།༧༠༽དམུ་གཤེན་ཙོ་གེ།༧༡༽གྱེར་གཤེན་ཙོ་ཏང།༧༢༽ཤོད་ཁྲམ་ཆེན་པོ།༧༣༽དམུ་རྒྱལ་བློ་གྲོས།༧༤༽དཔོན་རྒྱལ་བཙན་པོ།༧༥༽གུ་གེ་བློ་ལྡན།༧༦༽པུ་རེང་ཀུན་དགའ།༧༧༽རྣལ་འབྱོར་སྲས་མཆོག།༧༨༽ཁྱུང་བྱིད་མུ་ཐུར།༧༩༽བདེ་བ་རིང་མོ།༨༠༽རྟོག་མེད་ཞིག་པོ།༨༡༽ལྷུན་གྲུབ་མུ་ཐུར།༨༢༽གཤེན་རྒྱལ་ལྷ་རྩེ།༨༣༽ལྷ་སྒོམ་དཀར་པོ།༨༤༽དངོས་གྲུབ་རྒྱལ་མཚན།༨༥༽འོར་སྒོམ་ཀུན་འདུལ།༨༦༽ཤེས་རབ་རྒྱལ་མཚན།༨༧༽དམ་པ་འབུམ་ར?ེ།༨༨༽རྟོགས་ལྡན་དབེན་པོ།༨༩༽རྒྱལ་མཚན་རིན་ཆེན།༩༠༽ཅིག་ཆོད་དད་ཤེས།༩༡༽རྒྱལ་བ་གཡུང་དྲུང་།༩༢༽རི་པ་ཤེར་བློ།༩༣A༽ཡེ་ཤེས་རིན་ཆེན།༩༤B༽བླ་མ་རྒྱལ་མཚན།༼འདི་ཉིད་མཉམ་མེད་དང་དུས་མཉམ་པས་འདིར་བཞག་གོ༽གསང་བདག་གྲུབ་པའི་དབང་པོ་འཕོ་ཆེན་འཇའ་ལུས་བསྙེམས་པའི་བླ་མ་འདི་རྣམས་གདགས་ཡོད་ཀུན་བཟང་གཤེན་ལྷའི་ཆ་ལུགས་ཅན་ཤ་སྟག་གོ།
རྫོགས་ཆེན་བསྒྲགས་པ་སྐོར་གསུམ་གྱི་བརྒྱུད་རིམ་བླ་མ་རྣམས་གཡས་ནས་གཡོན་རིམ་བཞིན།
༩༤༽རྫོགས་སྐུ་གཤེན་ལྷ་འོད་དཀར།༩༥༽བདེར་གཤེགས་རྒྱལ་བ་རིགས་ལྔ།༩༦༽འཆི་མེད་གཙུག་ཕུད།༩༧༽ལྷ་གཤེན་ཡོངས་སུ་དག་པ།༩༨༽མི་ལུས་བསམ་ལེགས།༩༩༽ཡེ་ཤེས་སྙིང་པོ།༡༠༠༽འོད་ཟེར་དཔག་མེད།༡༠༡༽མུན་པ་ཀུན་གསལ།༡༠༢༽འཕྲུལ་གཤེན་སྣང་ལྡན།༡༠༣༽གསང་བ་འདུས་པ།༡༠༤༽སྟོང་རྒྱུང་མཐུ་ཆེན།༡༠༥༽ཤ་རི་དབུ་ཆེན།༡༠༦༽ལྕེ་ཚ་མཁར་བུ།༡༠༧༽གྱིམ་ཚ་རྨ་ཆུང་།༡༠༨༽ལི་ཤུ་སྟག་རིང་།༡༠༩༽གྲུབ་ཆེན་བཅོ་བརྒྱད།༡༡༠༽ཅོ་བཟའ་བོན་མོ།༡༡༡༽གཞོད་སྟོན་དངོས་གྲུབ།༡༡༢༽རྒྱ་སྟོན་ཇོ་ལྡེ།༡༡༣༽ཞིག་པོ་སྣང་སེང་།༡༡༤༽སྐྱོ་སྟོན་སྔགས་དཔལ།༡༡༥༽གཡོ་སྟོན་ལྷུན་དཔལ།༡༡༦༽སེང་གེ་འབྲུག་སྒྲ།༡༡༧༽བོན་ཞིག་བློ་བདེ།༡༡༨༽རྟོག་ལྡན་གཡུང་རིན།༡༡༩༽མཁས་བཙུན་ཤེར་གྲུབ།༡༢༠༽ཡོན་ཏན་སེང་གེ།༡༢༡༽བླ་མ་རྒྱལ་མཚན།
ཟབ་མོ་ཨ་ཁྲིད་ཀྱི་བརྒྱུད་རིམ་བླ་མ།༡༢༢༽དགོངས་མཛོད་རི་ཁྲོད་པ།༡༢༣༽སྒོམ་ཆེན་འབར་བ།༡༢༤༽ཁྱུང་སྒོམ་ཇོ་གཡུང།༡༢༥༽དམ་པ་ཚུལ་ཤེས།༡༢༦༽གཡོར་པོ་མེ་དཔལ།༡༢༧༽བདུད་རྩི་རྒྱལ་མཚན།༡༢༨༽བློ་གྲོས་རྒྱལ་མཚན།༡༢༩༽འདུལ་བ་རྒྱལ་མཚན།༡༣༠༽རྒྱལ་བ་གཡུང་དྲུང།༡༣༡༽ནམ་མཁའ་འོད་ཟེར།༡༣༢༽བསོད་ནམས་རྒྱལ་མཚན།༡༣༣༽བསོད་ནམས་བློ་གྲོས།༡༣༤༽རྣམ་རྒྱལ་ཀ་ར།༡༣༥༽རིན་ཆེན་བློ་གྲོས།
རྣམ་དག་འདུལ་བའི་བརྒྱུད་རིམ་གྱི་བླ་མ།
༡༣༦༽ཁྲི་གཙུག་རྒྱལ་བ།༡༣༧༽གཙུག་གཤེན་རྒྱལ་བ།༡༣༨༽དྲང་སྲོང་རྒྱལ་བ།༡༣༩༽གཙུག་སྲས་རྨ་བོ།༡༤༠༽ཁྲི་ལྡེ་གུང་གྲགས།༡༤༡༽མུ་ཆོ་ལྡེམ་དྲུག།༡༤༢༽དམུ་ཚ་ཏྲ་ཧེ།༡༤༣༽ཁྲི་སྡེ་འོད་པོ།༡༤༤༽ལྷང་ལྷང་གཙུག་ཕུད།༡༤༥༽དང་བ་ཡིད་རིང།༡༤༦༽ཐུགས་དཀར་ཡེ་ཤེས།༡༤༧༽གུང་རུམ་ཡེ་ཤེས།༡༤༨༽འོད་ལྷ་གསལ་འབར།༡༤༩༽རྫུ་འཕྲུལ་ཡེ་ཤེས།༡༥༠༽ཡེ་ཤེས་ཚུལ་ཁྲིམས།༡༥༡༽གཡུང་དྲུང་ཚུལ་ཁྲིམས༡༥༢༽གཙུག་ཕུད་ཚུལ་ཁྲིམས།༡༥༣༽ག་ཆུ་རྒྱལ་བ།༡༥༤༽ཡ་གོང་རྒྱལ་བ།༡༥༥༽ལྡེ་བཙུན་རབ་གསལ།༡༥༦༽ཇོ་བཙུན་ཡེ་ཤེས།༡༥༧༽མུ་ཟི་གསལ་ཟངས།༡༥༨༽ཁྲི་འབར་ཚུལ་ཁྲིམས།༡༥༩༽རྒྱལ་བ་གཙུག་ཕུད།༡༦༠༽གཙུག་ཕུད་ཚུལ་ཁྲིམས།༡༦༡༽བླ་ཆེན་མུ་ཐུར།༡༦༢༽གཉོས་བཙུན་རིན་རྒྱལ།༡༦༣༽ཀུན་དགའ་ཚུལ་ཁྲིམས།༡༦༤༽རིན་ཚེན་གཙུག་ཕུད།༡༦༥༽པྲ་ཕུད་ཚུལ་ཁྲིམས།༡༦༦༽ཚུལ་ཁྲིམསཡེ་ཤེས།༡༦༧༽ཤེས་གཙུན་གཡུང་དྲུང།༡༦༨༽གཡུང་དྲུང་རྒྱལ་མཚན།༡༦༩༽མཁན་སློབ་རྣམ་གཉིས།༡༧༠༽དམ་པ་དགོངས་མཛོད།༡༧༡༽ཤེས་རབ་འོད་ཟེར།༡༧༢༽གཤེན་སྟོན་ནམ་མཁའ།༡༧༣༽གཡོར་པོ་མེ་དཔལ།༡༧༤༽བདུད་རྩི་རྒྱལ་མཚན།༡༧༥༽དར་མ་རྒྱལ་མཚན།༡༧༦༽ཚུལ་ཁྲིམས་བླ་མ།༡༧༧༽འགྲོ་མགོན་མར་སྟོན།༡༧༨༽བར་ཐང་ཞང་སྟོན།༡༧༩༽སུམ་སྟོན་ལྷ་འབུམ།༡༨༠༽འགྲོ་མགོན་བློ་གྲོས།༡༨༡༽ཡེ་ཤེས་བློ་གྲོས།༡༨༢༽འདུལ་བ་བློ་གྲོས།༡༨༣༽ཤེས་རབ་བློ་གྲོས།༡༨༤༽གཡུང་དྲུང་ཡེ་ཤེས།༡༨༥༽ཚུལ་ཁྲིམས་ཡེ་ཤེས།    དྲི་མེད་འདུལ་བ་བརྒྱུད་པའི་བླ་མ་འདི་རྣམས་གོས་དྲུག་རྫས་ལྔས་བརྒྱན་པ་ཤ་སྟག་གོ།
གསང་སྔགས་སྤྱི་སྤུངས་བསྒྲགས་པ་སྐོར་གསུམ་གྱི་བརྒྱུད་རིམ་བླ་མ།    ༡༨༦༽འཕྲུལ་གཤེན་སྣང་ལྡན།༡༨༧༽བཟང་ཟ་རིང་བཙུན།༡༨༩༽གསང་བ་འདུས་པ།༡༩༠༽སྟག་ལ་མེ་འབར།༡༩༡༽ཡོངས་སུ་དག་པ།༡༩༢༽མི་ལུས་སེམས་ལེགས།༡༩༣༽ཡེ་ཤེས་སྙིང་པོ།༡༩༤༽སྣང་བ་མདོག་ཅན།༡༩༥༽མུ་ཁྲི་བཙན་པོ།༡༩༦༽ཧ་ར་ཅི་པར།༡༩༧༽སྒ་ཝེར་ལི་ཝེར།༡༩༨༽ཨ་ནུ་འཕྲག་ཐག།༡༩༩༽སད་ནེ་གའུ།༢༠༠༽ཐ་མི་ཐད་ཀེ།༢༠༡༽ཐོག་འཕྲུལ།༢༠༢༽སྤེ་བེན་ཐོག་རྩེ།༢༠༣༽སྟོང་རྒྱུང་མཐུ་ཅན།༢༠༤༽ཤ་རི་དབུ་ཆེན།༢༠༥༽གྱིམ་ཚ་མ་རྨ་ཆུང།༢༠༦༽ལྕེ་ཚ་མཁར་བུ།༢༠༧༽ཧྲིས་པ་གྱེར་མེད།༢༠༨༽དམུ་ཚ་གྱེར་མེད།༢༠༩༽དྲན་པ་ནམ་མཁའ།༢༡༠༽གཤེན་ཆེན་ཀླུ་དགའ།༢༡༡༽གྱེར་མི་ཉི་འོད།༢༡༢༽རྨ་སྟོན་སྲིད་འཛིན།༢༡༣༽དབྱིལ་སྟོན་ཁྱིང་རྒོད།༢༡༤༽བྲུ་ཆེན?ནམ་མཁའ།༢༡༥༽ཞུ་གཡས་ལེགས་པོ།༢༡༦༽སྤ་སྟོན་དཔལ་མཆོག།༢༡༧༽རྨེའུ་ལྷ་རི་གཉན་པོ།༢༡༨༽བྲུ་ཤ་ཁྱུང་གི་རྒྱལ་མཚན།༢༡༩༽བྲུ་ཤ་རྗེ་བཙུན།༢༢༠༽བྲུ་སྟོན་ཉི་རྒྱལ།༢༢༡༽གཡོར་པོ་མེ་དཔལ།༢༢༢༽གཉོས་ཚུལ་ཁྲིམས་རྒྱལ་མཚན།༢༢༣༽འགྲོ་མགོན་བདུད་རྩི་རྒྱལ་མཚན།༢༢༤༽འགྲོ་མགོན་བློ་གྲོས་རྒྱལ་མཚན།༢༢༥༽འདུལ་བ་རྒྱལ་མཚན།༢༢༦༽རྒྱལ་བ་གཡུང་དྲུང།༢༢༧༽ནམ་མཁའ་འོད་ཟེར།༢༢༨༽བསོད་ནམས་རྒྱལ་མཚན།༢༢༩༽བསོད་ནམས་བློ་གྲོས།༢༣༠༽ནམ་མཁའ་བསོད་ནམས།༢༣༡༽ཚེ་དབང་རྒྱལ་མཚན།༢༣༢༽ནམ་མཁའ་རིན་ཆེན།༢༣༣༽རྣམ་རྒྱལ་ཀ་ར།༢༣༤༽མཁས་གྲུབ་རིན་ཆེན་བློ་གྲོས།    ཟབ་དཀར་གསང་བའི་བདག་པོའི་བླ་མ་འདི་རྣམས་གྲུབ་དབང་གཏེར་ཆེན་འདུལ་འཛིན་ཅི་རིགས་པའི་ཆ་ལུགས་སུ་བཞུགས་པ་ཤ་སྟག་གོ།
གཡས་རྒྱབ་ཏུ་རྫོགས་པའི་སངས་རྒྱས་ཀྱི་ཚོགས།    ༢༣༥༽རྒྱལ་བ་གཤེན་རབ་མི་བོ་ཀུབ་ལས་རྣམ་པར་རྒྱལ་བ།༼ཡིད་ཀྱི་ཁྱེའུ་ཆུང༽༢༣༦༽གཡུང་དྲུང་གཙུག་གཤེན་རྒྱལ་བ།༢༣༧༽གསས་བུ་རྨ་ལོ།༢༣༨༽གསས་བུ་གཡུ་ལོ།༢༣༩༽གཏོ་བུ་འབུམ་སངས།༢༤༠༽སྣང་བ་རང་འབྱུང་ཐུགས་རྗེ་ཅན།༢༤༡༽དགེ་བ་འཁོར་བ་ཀུན་འདྲེན།༢༤༢༽ཀུན་ཤེས་ཉོན་མོངས་དུག་སྲེག།༢༤༣༽ལེགས་པ་མཚན་མེད་ཐུགས་རྗེ་ཅན།༢༤༤༽སྙོམས་པ་ཐམས་ཅད་མཁྱེན་གཟིགས།༢༤༥༽བྱམས་པ་ཁྲི་རྒྱལ་ཁུག་པ།༢༤༦༽དག་པ་གཏོ་རྒྱལ་ཡེ་མཁྱེན།༢༤༧༽བྱམས་ལྡན་ཐང་མ་མེ་སྒྲོན།༢༤༨༽སྐལ་བཟང་སངས་རྒྱས་སྟོང་རྩ་གཉིས།༢༤༩༽ཕྱོགས་བཅུའི་སངས་རྒྱས་རྫོགས་པའི་སངས་རྒྱས་འདི་རྣམས་རྣམ་དག་འདུལ་བ་འཛིན་པའི་ཆ་ལུགས་སུ་བཞུགས་པ་གོས་དྲུག་རྫས་ལྔས་རྒྱན་པ་ཤ་སྟག་ཡིན།
གཡོན་རྒྱབ་ཏུ་ས་བཅུ་གཡུང་དྲུང་སེམས་པ།    ༢༥༠༽གདུང་འཚོབ་མུ་ཆོ་ལྡེམ་དྲུག།༢༥༡༽སྒོམ་ལམ་པའི་གཡུང་དྲུང་སེམས་དཔའ།༢༥༢༽མཐོང་ལམ་པའི་གཡུང་དྲུང་སེམས་དཔའ།༢༥༣༽སྦྱོར་ལམ་པའི་གཡུང་དྲུང་སེམས་དཔའ།༢༥༤༽ཚོགས་ལམ་པའི་གཡུང་དྲུང་སེམས་དཔའ།    གཡུང་དྲུང་སེམས་པའི་རྟེན་སེམས་ཅན་ཅི་ཡང་རུང་ཞིང་སྔགས་བཙུན་གང་ཡང་འབྱུང་བ་འདུལ་རྫོགས་གཉིས་གང་རུང་གི་ཆས་སུ་བཞུགས་པའོ། རྒྱབ་ཏུ་གསུང་རབ་ཀྱི་རྣམ་པ།དེ་རྒྱབ་ཏུ་མཆོད་རྟེན་གྱི་རྣམ་པ།
གཡོན་དུ་མཁའ་འགྲོ་རྒྱ་མཚོ།    ༢༥༥༽སྐལ་པ་བཟང་པོ་ཞལ་གཅིག་པ།༢༥༦༽མི་གཡོ་བརྟན་མ།༢༥༧༽འདེགས་མ་ཀུན་གྲོལ།༢༥༨༽ཀྱེ་མ་འོ་མཚོ།༢༥༩༽ནམ་མཁའ་བདེ་ལྡན།༢༦༠༽དག་པ་ཀུན་སྡུད།༢༦༡༽གསལ་བ་དྲོད་འབེབས།༢༦༢༽ཐུགས་རྗེ་ཀུན་གྲོལ།༢༦༣༽ཨུ་རྒྱན་མཁའ་འགྲོ།༢༦༤༽ཅོ་བཟའ་བུ་མོ།༢༦༥༽འོད་ལྡན་འབར་མ།༢༦༦༽རྒྱ་གར་མཁའ་འགྲོ།༢༦༧༽གྲུ་ཤའི་མཁའ་འགྲོ།༢༦༨༽དུར་བྱའི་དབུ།༢༦༩༽འཕར་པའི་དབུ།༢༧༠༽ཆུ་སྲིན་དབུ།༢༧༡༽དུག་སྦྲུལ་དབུ།༢༧༢༽ལྕེ་སྤྱང་དབུ།༢༧༣༽སེང་གེ་དབུ།༢༧༤༽ཁྱུང་གི་དབུ།༢༧༥༽སྟག་གི་དབུ།༢༧༦༽གཟིག་གི་དབུ།༢༧༧༽དོམ་གྱི་དབུ།༢༧༨༽དྲེད་ཀྱི་དབུ།༢༧༩༽ཁྭ་ཏའི་དབུ།    མཁའ་འགྲོ་རྣམས་རུས་པའི་རྒྱན་དྲུག་གི་བརྒྱན་པ་ཅན་ཤ་སྟག་གོ།
གཡས་སུ་ཡི་དམ་གྱི་ལྷ་ཚོགས།    ༢༨༠༽ཞི་བ་ཀུན་སྣང་ཁྱབ་པ།༢༨༡༽ཁྲོ་བོ་གཙོ་མཆོག་མཁའ་འགྱིང་ཞལ་གསུམ་ཕྱག་དྲུག་པ།༢༨༢༽དབལ་གསས་རྔམ་པ་དབུ་དགུ་ཕྱག་བཅོ་བརྒྱད་པ།༢༨༣༽ལྷ་རྒོད་ཐོག་པ་ཞལ་བཞི་ཕྱག་བཅོ་བརྒྱད་པ།༢༨༤༽གསང་བ་དབྱིངས་རོལ་ཞལ་བདུན་ཕྱག་བཅུ་དྲུག༢༨༥༽ཚེ་དབང་རིག་འཛིན་ཞལ་གཅིག་ཕྱག་གཉིས་༼གསང་སྒྲུབ་ལྟར༽༢༨༦༽མ་རྒྱུད་གསང་མཆོག་མཐར་ཐུག་ཞལ་བདུན་ཕྱག་བཅུ་དྲུག་ཡུམ་ཀྱེ་མ་དམར་མོ་གཡས་པས་བམ་ཆེན་གཡོན་པས་བདུད་རྩི་བསྣམས་པ།༢༨༧༽དྲན་པ་ནམ་མཁའ་ཞལ་གཅིག་ཕྱག་གཉིས།༼གསང་སྒྲུབ་ལྟར༽༢༨༨༽འབུམ་པ་དབུ་དགུ་ཕྱག་བཅོ་བརྒྱད་པ།༢༨༩༽རམ་པ་ཞལ་གསུམ་ཕྱག་དྲུག་པ།༢༩༠༽རོལ་པ་དབུ་དགུ་ཕྱག་བཅོ་བརྒྱད་པ།༢༩༡༽བདུད་རྩི་གཡུང་དྲུང་འཁྱིལ་པ་ཞལ་གསུམ་ཕྱག་དྲུག༢༩༢༽ལྟག་ལ་སྤུ་གྲི་དམར་པོ་ཞལ་གཅིག་ཕྱག་གཉིས།༢༩༣༽གེ་ཁོད་གསང་བ་དྲག་ཆེན་དབུ་དགུ་ཕྱག་བཅོ་བརྒྱད་པ།ཡུམ་ཞལ་གསུམ་ཕྱག་དྲུག་པ།༢༩༤༽ཁྲོ་བོ་འབྲུག་གསས་ཆེམ་པ་ཞལ་གསུམ་ཕྱག་དྲུག་ཕུར་ཤམ་ཅན།༢༩༥༽མེ་རི་དབལ་ཆེན་གེ་ཁོད་དབུ་དགུ་ཕྱག་བཅོ་བརྒྱད་པ།༢༩༦༽སྤྱི་འདུལ་ཡི་དམ་རྒྱ་མཚོ་ཁྲོ་རྒྱལ་རཀྴ་མཁའ་འགྱིང་དབུ་དགུ་ཕྱག་བཅོ་བརྒྱད་པ།༢༩༧༽གསང་ཕུར་ཞལ་གསུམ་ཕྱག་དྲུག་ཕུར་ཤམ་ཅན།༢༩༨༽དབལ་གསས་ཁྱུང་ནག་ཁྲོ་བོ་དཀར་པོ་དབུ་དགུ་ཕྱག་བཅོ་བརྒྱད་པ།༢༩༩༽དབལ་ཁྱུང་དམར་པོ་ཁྱུང་ཞལ་ཕྱག་གཉིས་པ།
སྤྱོད་པའི་རྒྱུད་ཀྱི་ལྷ་ཚོགས།    ༣༠༠༽རྒྱལ་བ་ཀུན་སྣང་ཁྱབ་པ།༣༠༡༽སྟོན་པ་གཤེན་རབ་མི་བོ།༣༠༢༽སྲིད་པ་སངས་པོ་འབུམ་ཁྲི།༣༠༣༽ལྷ་ཆེན་གཤེན་ལྷ་འོད་དཀར།༣༠༤༽ཡུམ་ཆེན་ས་ཏྲིག་ཨེར་སངས།༣༠༥༽གཤེན་རབ་རྣམ་པར་རྒྱལ་བ།༣༠༦༽རྣམ་དག།༣༠༧༽བྱམས་མ།༣༠༨༽མེ་ལྷ།༣༠༩༽ཀེང་ཙེ་ལན་མེད།༣༡༠༽ཤེས་རབ་སྨྲ་སེང།
བྱ་བའི་རྒྱུད་ཀྱི་ལྷ་ཚོགས།    ༣༡༡༽འདུལ་མཆོག་སྟོན་པ་ཁྲི་གཙུག་རྒྱལ་བ།༣༡༢༽བྱམས་མ།༣༡༣༽རྣམ་དག།༣༡༤༽སྨོན་ལམ་མཐའ་ཡས།༣༡༥༽སྨན་ལྷ།༣༡༦༽ཀུན་དབྱིངས།༣༡༧༽དགེ་བསྙེན་ཐེག་པའི་ལྷ།༣༡༨༽བྱམས་ལྡནྲ༣༡༩༽དུས་འཁོར།༣༢༠༽ཀུན་རིག།༣༢༡༽རྒྱལ་བ་རྒྱ་མཚོ།༣༢༢༽རྣམ་འཇོམ།
བོན་སྐྱོང་ཕོ་རྒྱུད་ཀྱི་ལྷ་ཚོགས།    ༣༢༣༽གྲགས་སེང།༣༢༤༽གནམ་ཐེལ།༣༢༥༽རྒྱལ་པོ་ཤེལ་ཁྲབ་ཅན།༣༢༦༽ཉི་པང་སད།༣༢༧༽འཛམ་སྔོན།༣༢༨༽ཨ་བསེ།༣༢༩༽ཧུར་པ།༣༣༠༽དམག་དཔོན།༣༣༡༽མི་བདུད་འབྱམས་པ་ཁྲག་མགོ།
བོན་སྐྱོང་མོ་རྒྱུད་ཀྱི་ལྷ་ཚོགས།    ༣༣༢༽སྲིད་རྒྱལ་དྲེའུ་ནག་མོ།༣༣༣༽དྲེལ་དམར།༣༣༤༽སྨུ་མོ་སྲིད་རྒྱལ།༣༣༥༽དཀར་མོ་སྲིད་རྒྱལ།༣༣༦༽ནག་མོ་སྲིད་རྒྱལ།༣༣༧༽ཡུམ་སྲས།༣༣༨༽སྒྲ་བླ་མ།༣༣༩༽སྨན་མོ།༣༤༠༽རྫས་བརྒྱད།༣༤༡༽ནོར་བདུན།༣༤༢༽རྣམ་ལྔ།༣༤༣༽རྟགས་བརྒྱད་འབྲིའོ།།