གངས་རྒྱལ་ཏི་སེ།

དེ་ནས་གངས་ཏི་སེའི་སྐོར། མཛོད་སྒྲ་འགྲེལ་ལས། རྣིལ་དང་རྭང་ཞེས་བྱ་སྟེ། རྩེ་མོ་གངས་རི་དང་རྩ་བ་བྲག་རི་ཡོད་པ། ཤེལ་གྱི་མཆོད་རྟེན་འདྲ་བ་ཞིག་ཡོད་དོ། ། ཤིམ་ཕོད་ནོམ་པོའི་ཚུལ་རོལ་ན། ཞེས་པ་སྤོས་དྲི་ཅན་གྱི་བྱང་ཕྱོགས་ན་ཞེས་བྱའོ། ། དྭང་ར་ཞེས་པ་མཚོ་མོ་མ་དྲོས་ཞེས་པའོ། ། མ་དྲོས་གཙང་པོ་མུར་ཟངས་ཞེས་པ་ཀླུ་ཆེན་བརྒྱད་ལྷ་དང་དྲང་སྲོང་ལ་མཆོད་པ་ལ་འོང་ཙམ་ན་གནས་པའོ། ། དེ་གསུམ་ནི་སྒྱེད་པུ་ལྟར་སུམ་ཚོམས་སུ་གནས་སོ། ། ཞེས་སོ། ། གྲུབ་དབང་བསྟན་འཛིན་རིན་ཆེན་གྱིས་མད་པའི་གངས་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག་ཅེས་པ་ལས། ༼༥༠༽མ་བརྩེགས་སྲིད་པའི་རི་བོ་ཆེན་པོ་བཞི། མ་བདལ་བྱུང་བའི་ཐང་ཆེན་པོ་བཞི། མ་བཀོད་འཁྱིལ་བའི་མཚོ་ཆེན་པོ་བཞི། རང་བྱུང་ཁྲུས་ཀྱི་སྒོ་མོ་ཆེན་པོ་བཞི། ཁ་ནས་འབབ་པའི་ཆུ་བོ་ཆེན་པོ་བཞི། མཆོག་ཏུ་བསྒྲུབ་པའི་གནས་ཆེན་པོ་བཞི། དྲག་པོ་དབལ་གྱི་གནས་ཆེན་པོ་བཞི། མི་འགྱུར་གླིང་གི་ཚལ་ཆེན་པོ་བཞི། རྫ་འཕྲུལ་སྤྲུལ་བའི་གསང་ཕུག་ཆེན་པོ་བཞི། མི་འཇིག་གཏམས་པའི་བྲག་ཆེན་པོ་བཞི། གཙུག་ལག་བོན་གྱི་གཏེར་ཆེན་པོ་བཞི། རིན་ཆེན་ནོར་གྱི་གཏེར་ཆེན་པོ་བཞི། གོམ་པ་སྤོས་ཆོག་གི་གླིང་ཆེན་པོ་བཞི། སྨོན་ལམ་བཏབ་ཆོག་གི་ལམ་བཞི། གཞན་ཡང་གསང་བའི་སྦས་ཕུག་བཅུ་གསུམ། ལྷ་ཡི་ཁྲུད་ཆབ་བཅུ་གསུམ། སྐུ་གདུང་མཆོད་རྟེན་བཅུ་གསུམ། མི་འགྱུར་ས་རྟགས་བཅུ་གསུམ། སྐུ་གསུང་ཐུགས་ཀྱི་གནས་གསུམ་མགོན་པོ་གསུམ་གྱི་གནས་གསུམ། ཡེ་ཤེས་རྫུ་འཕྲུལ་ལས་བཞི། ཞེས་དང་། གངས་རིའི་ལྷོ་ཕྱོགས་ཀྱི་གངས་རི་སྟག་རི་ཁྲ་བོ་ཞེས་པ་དེ་ཡུམ་སྒྲ་བླའི་རྒྱལ་ མོའི་བྱིན་གྱིས་བརླབས་པའི་གནས་ཡིན་ཞིང་། དེང་སང་དམེ་མོ་ནག་ཉིལ་ཞེས་ཟེར། མ་རྒྱུད་གྱི་བརྒྱུད་འཛིན་གྱི་གྲུབ་ཆེན་བར་དར་བསྟན་འཛིན་མཆོག་བདུན་གྱི་ནང་ ཚན་ཀ་གདམས་ཡེ་ཤེས་རྒྱལ་མཚན་གྱིས་མད་པའི་གངས་རི་མཚོ་གསུམ་གྱི་དཀར་ཆག་ལས། འདམ་སྟོད་ཐང་ལྷའི་རི་ཞོལ་དུ་རོང་པོ་ཁྲོམ་ཐོག་ནང་དུ་རུས་རིགས་འབྲུ་ལ་འཁྲུངས། ༼ཏི་སེ་དཀར་ཆག༤༤༩༽བདག་མེད་རྣལ་འབྱོར་ཡེ་རྒྱལ་ང་། རིག་འཛིན་མཁའ་འགྲོའི་ལུང་བསྟན་གྲུབ་སྟོད་སྨད་དབུས་གཙང་རུ་བཞི་ཡི། གསང་བའི་སྒྲུབ་གནས་འགྲིམས། བདུད་རྩི་སྨན་གྱི་བསྒྲུབ་པ་ཞུས། སྒོས་སུ་མངའ་རིས་ཡུལ་དུ་ཕེབས། གནས་ཆེན་གངས་རི་མཚོ་གསུམ་བསྐོར། གངས་གཉན་ཏི་སེའི་མདུན་དྲུང་གི། མཆོད་རྟེན་ཁོང་སེང་བྱ་བ་རུ། གསང་སྔགས་མེ་རི་འཁྱིལ་པ་ཡི། དབང་ལུང་མན་ངག་བསྐུར་ནས་ཀྱང་། ཞང་ཞུང་སྙན་བརྒྱུད་བཤད་ཙམ་ན། གླང་ལོ་ཟླ་བ་དྲུག་པ་ཡི། བཅུ་གཅིག་ནམ་གྱི་སྲོད་འཁོར་ལ། ཏི་སེ་འོད་ཀྱི་གསང་ཕུག་ན། འོད་ཟེར་ལྗང་ཁུའི་རྒྱུན་ལམ་ཞིགབདག་གི་མདུན་དུ་ཏལ་གྱིས་ཟུགཅེས་སོགས་དང་། ལུང་དེ་ལས༼༤༦༠༽རྒྱལ་གཤེན་མུ་ཁྲི་བཙད་པོའི་ཞལ་ནས། གངས་གཉན་ཡ་བག་ཤ་ར་འདི། དང་པོ་འབྱུང་བ་བཞི་ལས་གྲུབ། རྒྱུ་ནི་གཡའ་གངས་ཤེལ་ལས་གྲུབ། ཡས་མར་དཔག་ཚད་ཕྱེད་དང་བརྒྱད། མཐའ་སྐོར་རྒྱང་གྲགས་ཕྱེད་དང་བརྒྱད། དབྱིབས་ནི་ཤེལ་གྱི་མཆོད་རྟེན་འདྲ། གྲུ་བཞི་ཕྱོགས་བཞིར་སྒོ་བཞི་དོད། ཞེས་དང་། ཞི་རྒྱས་དབང་དྲག་རྣམ་པ་གཞིས། གཞལ་ཡས་ཆེན་པོར་བྱིན་གྱིས་བརླབས། དེ་ལ་སྐོར་ལམ་རྣམ་གསུམ་ཡོད། ཅེས་དང་།

དཔོན་གསས་ཐ་མི་ཐད་ཀའི་ཞལ་ནས་གདམས་པ་འདི་སྐད་གསུངས། རྫོགས་སྐུ་ཀུན་ཏུ་བཟང་པོ་ཡི། ཐུགས་ཉིད་མི་གཡོ་མཛོད་ཁང་ནས། འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། སྟོད་སྨད་བར་དང་གསུམ་གྱི་ནི། གནས་ཆེན་གསུམ་དུ་བྱིན་གྱིས་བརླབས། ཁྱད་པར་སྐུ་ཡི་གཏིང་རིམ་ནས། ཨ་དཀའ་འོད་དང་ལྡན་ཞིགམཁའ་ལ་འོད་སུ་འཕྲོས་ནས་ནི། ཁྱད་པར་གནས་མཆོག་འདི་ལ་ཐིམ། གཉིས་མེད་གཅིག་ཏུ་བྱིན་གྱིས་བརླབས། དེ་ཕྱིར་གནས་མཆོག་ཁྱད་པར་ཆེ། ཀུན་བཟང་སྐུ་དང་གཉིས་སུ་མེད། ཞེས་དང་། ཁྱེད་གསོན་དང་སྐལ་ལྡན་རྣལ་འབྱོར་བ། སངས་རྒྱས་བསྟན་པའི་གཙོ་བོ་དེ། གངས་ཅན་བོད་དུ་ཕེབས་ནས་ཀྱང་། ཆུ་བཞི་འདུས་པའི་མགོ་བོ་ལ། བོན་ཡང་རྣམ་པ་ལྔ་རུ་གསུངས། ཞེས་དང་། དེ་ནས་གངས་དཀར་ཏི་སེ་ཡི། ཤར་ལྷོ་ནུབ་བྱང་བཞི་རུ་བྱོན། གསང་སྔགས་ཞི་ཁྲོ་སྤྱི་སྤུངས་བཤད། ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་བསྐོར། བཀའ་རྟགས་ཞབས་རྗེས་བཞི་རུ་བཞགཅེས་དང་། ༼༤༦༨༽བོན་མོ་སྟག་ཝེར་གྱིས། མ་པང་གཡུ་ཡི་མཚོ་མོ་དེ། བདུད་རྩི་ངད་ཀྱི་ཟིལ་པ་ཆགས། རྒྱ་མཚོ་ཆེན་པོ་འཁྱིལ་བ་ལ། མ་དྲོས་ཀླུ་ཡི་ཕོ་བྲང་བཅས། ཟིལ་ཅན་ཞེས་སུ་དེ་ནས་གྲགས། འོག་མིན་དབྱིངས་ཀྱི་ཕོ་བྲང་ནས། བདུད་རྩིའི་ཟིལ་པ་འཐིགས་པ་ནི། དབྱར་དགུན་སྟོན་དཔྱིད་མེད་པ་རུ། རྟ་རྔའི་ཉག་མ་ཙམ་ཞིག་འབབ། མ་དྲོས་ཟིལ་ཆེན་ནང་དུ་ཐིམ། མ་པང་མཚོ་དང་གཉིས་སུ་མེད། ཅེས་དང་། ཨ་ནུ་འཕྲག་ཐག་གི་ཞལ་ནས། སྔོན་སངས་རྒྱས་བསྟན་པའི་གཙོ་བོ་དེ། མལ་དྲོས་ཀླུ་ཡི་རྒྱ་མཚོ་ཡི། ཕྱོགས་བཞིའི་ཁྲུས་སྒོ་བཞིར་བྱོན་ཏེ། ཁྲུས་དང་མདོ་སྡེ་རིམ་པས་གསུངས། ལར་ཡང་མ་དག་སེམས་ཅན་གྱིས། ཁྲུས་དང་གཙང་སྒྲ་བྱས་གྱུར་ན། དག་པའི་ཞིང་དུ་སྐྱེ་བར་འགྱུར། ཞེས་དང་། སད་ནེ་གའུའི་ཞལ་ནས། མ་དྲོས་ཀླུ་ཡི་གདན་སྟེང་ན། གཡུང་དྲུང་སེམས་དཔའི་གྲོང་ཁྱེར་ནི། སུམ་བརྒྱ་དྲུག་ཅུའི་ཕོ་བྲང་བཏབ། ཁྲུས་དང་གཙང་སྦྲ་གང་བྱས་རྣམས། ལས་ཀྱི་བག་ཆགས་དག་ནས་ཀྱང་། དགའ་ལྡན་ལྷ་ཡི་ཡུལ་དུ་སྐྱེ། ཚོགས་ཀྱི་འབྲེལ་བ་གང་བཞག་པ། དོན་གཉིས་ཕུན་སུམ་ཚོགས་པའོ། ། ཕྱག་དང་སྐོར་བ་གང་བྱས་རྣམས། བར་ཆོད་རྐྱེན་ངན་བཟློག་ནས་ཀྱང་། མི་ཚེ་མཐའ་རུ་ཕྱིན་པར་འགྱུར། ཞེས་དང་། ཤད་པུ་ར་ཁུག་གི་ཞལ་ནས། སངས་རྒྱས་བསྟན་པའི་གཙོ་བོ་དེས། གངས་དཀར་ཏི་སེའི་ལྷོ་ནུབ་ཏུ། གཤེན་གླུ་ཐེངས་གསུམ་མགུར་དུ་བླངས། ནམ་མཁའི་ལྷ་བོན་སུམ་བརྒྱ་དེ། གཤེན་རབ་སྤྱན་སྔར་ཆར་བཞིན་བབས། གླུ་གར་རོལ་མོའི་བྲོ་གླུ་འཁྲབ། མི་འགྱུར་བཀའ་རྟགས་རྡོ་ལ་བཞགདེ་དུས་གངས་གཉན་ཡ་བག་ཤ་ར་ལ། གངས་དཀར་ཏི་སེ་བྱ་བར་བཏགས། མ་དྲོས་གཟི་ཆེན་མཚོ་མོ་ལ། མ་པང་གཡུ་མཚོ་བྱ་བར་བཏགས། རྒྱ་བོན་ཟིང་པ་མཐུ་ཆེན་གྱིས། སྔོན་ཡེ་གཤེན་གསང་བ་འདུས་པ་ཡིས། ལྷ་རྫོང་གསང་བའི་སྒྲུབ་གནས་སུ། གཡའ་གངས་མཚམས་ཀྱི་བྲག་ཕུག་ཏུ། གཙོ་མཆོག་སྐུ་ཡི་བསྒྲུབ་པ་བསྙེན། ཞེས་སོགས་དང་། དེ་ལྟར་སྒྲུབ་ཕུག་དེ་རྣམས་སུ། ཚོགས་ཀྱི་འབྲེལ་བ་གང་བཞག་པ། ཚེ་འདིར་བར་ཆོད་གློ་བུར་ཞི། ཕྱི་མར་རིག་འཛིན་མཁའ་འགྲོའི་ཞིང་། རང་ལུས་ལྷ་སྐུར་གྲུབ་པའོ། ། ཞེས་དང་། སུམ་པའི་བོན་པོ་དབུ་དཀར་གྱིས། སྔོན་བྱོན་གྲུབ་ཐོབ་རིག་འཛིན་སེམས་དཔའ་རྣམས། ཏི་སེ་གངས་ཀྱི་ལྷོ་ནུབ་ཏུ། ལོངས་སྤྱོད་ཚོགས་ཀྱིས་འཁོར་ལོ་བསྐོར། གསང་སེམས་དོན་གྱི་དྲོད་ཚད་ཉུལ། སྟག་འགྲོས་སེང་སྟབས་བྲོ་རུ་འཁྲབ། མི་འགྱུར་ཞབས་རྗེས་སུམ་ཅུ་བཞགདེ་ནས་ལི་ཤུ་སྟག་རིང་དང་། བླ་ཆེན་དྲན་པ་ནམ་མཁའ་དང་། མཁའ་འགྲོ་ཅོ་ཟ་བོན་མོ་དང་། དེ་གསུམ་རིག་འཛིན་གསང་ཕུག་ཏུ། མ་རྒྱུད་ཐུགས་ཀྱི་གཟེར་བུ་བསྒྲུབས། གྲུབ་རྟགས་མི་འགྱུར་ཞབས་རྗེས་བཞགབླ་ཆེན་དྲན་པ་ནམ་མཁའ་དང་། མཁའ་འགྲོ་ཅོ་ཟ་བོན་མོ་ཡིས། རྫོང་བྲག་གསང་བའི་བྲག་ཕུག་ཏུ། གསང་བདུད་དམར་པོ་དམ་ལ་བཏགས། མི་འགྱུར་བཀའ་རྟགས་ཞབས་རྗེས་བཞགཡི་དམ་གསང་བའ་སྒྲུབ་ཕུག་ཏུ། སྐྱེ་མེད་ཡི་གེ་རང་བྱོན་ཡོད། རྔ་གཤང་ཆིབས་ནས་མཁའ་ལ་འཕུར། མི་འགྱུར་བཀའ་རྟགས་རྡོ་ལ་བཞགཅེས་དང་། གནས་ཀྱི་འབྲེལ་བ་བཞག་པ་རྣམས། མ་དག་སེམས་ཅན་ལུས་བོར་ནས། དག་པའི་ཞིང་དུ་སྐྱེ་བར་ངེས། ཞེས་གསུངས།

སྤེ་བོན་ཐོག་ཙེའི་ཞལ་ནས། གཉན་ཆེན་གངས་དཀར་ཏི་སེ་ལ། བསྒོམ་བསྒྲུབ་ཡུན་དུ་གང་བྱས་པ། རབ་ལ་སྟོང་ཉིད་ལྟ་བ་ནི། ཐོགས་མེད་རྩེ་རྒྱལ་ལྟ་བ་འཆར། ཞེས་སོགས་ནས། ཕྱག་དང་སྐོར་བ་བྱས། གཅིག་བཅུ་ཁྲི་འབུམ་དག་ཏུ་འགྲོ། མཚན་བཅས་བཟླས་བརྗོད་བྱས་པ་རྣམས། དང་གི་སྒྲིབ་པ་དག་ནས་ཀྱང་། ཞེས་སོགས་མང་པོ་གསུངས། བློ་ལྡན་གྱི་ལུང་བསྟན་ཟུར་བྱང་ལས། འམ་གླིང་ལྟེ་བ་གངས་ཏི་སེ། གང་མཇལ་སྐྱེ་བ་གསུམ་ནས་ཐར། མ་པང་གཡུ་མཚོ་སྔོན་མོ་ལ། གང་འཐུང་ཚེ་རབས་སྡིག་སྒྲིབ་སྦྱང་། ཞེས་གསུངས། མེ་རི་གྱད་ཕུར་གྱི་འཕྲིན་ལས། ༼༡༩༠༽ལས། ཏི་སེ་ཤེལ་གྱི་མཆོད་རྟེན་ནི། མ་བརྩེགས་དཔངས་མཐོ་བོན་གྱི་རི། མ་པང་གཡུ་མཚོ་མཎྡལ་ནི། མ་བརྐོས་གཏིང་ཟབ་ཁྲུས་ཀྱི་མཚོ། སྤོས་རི་ངད་ལྡན་སྒྲུབ་གནས་ནི། ཉམས་དགའ་ཡིད་འོང་བཞུགས་པའི་གནས། རི་བོ་དེ་ཡི་ཕྱོགས་བཞི་ལ། འཁྱིལ་བའི་མཚོ་བཞི་མེ་རེ་རེ། གཅིག་གི་གུང་རྒྱུད་དངུལ་མོ་མཚོ། གཅིག་ནི་མ་པང་གཡུ་མོ་མཚོ། གཅིག་ནི་ལ་ངག་གསེར་མོ་མཚོ། གཅིག་ནི་ཟོམ་ཤང་ལྕགས་མོ་མཚོ། ཞེས་སོགས་དང་། ལུང་དེ་ལས། མ་པང་མཚོ་ཡིས་ཕྱོགས་བཞི་ལ། འབབ་པའི་ཆུ་བཞི་ཐ་ལ་ལ། ཞེས་དང་། དེ་ཡི་ཐུགས་རྗེའི་འོད་ཟེར་གཅིགའམ་གླིང་ཉི་མ་ནུབ་ཕྱོགས་ཀྱི། རུ་ཐོག་རི་ཡི་རྩེ་མོར་འཕྲོས། ལྷ་ཆེན་ཀུན་ཐོག་རིང་ནམ་དང་། ཤེལ་བཟའ་འཕྲུལ་ཆེན་བཤོས་པའི་སྲས། དྲེགས་པ་དབལ་ཆེན་གེ་ཁོད་ནི། ཞེས་པས་སྟོད་རུ་ཐོག་གི་གནས་སུ་ཡང་དབལ་ཆེན་གེ་ཁོད་ཀྱི་བྱིན་གྱིས་བརླབས་པའི་ གནས་ཤིག་ཀྱང་ངེས་པར་དུ་ཡོད་པར་འདུག་ཀྱང་འདིར་གསལ་པོར་བཤད་དཀའ། མེ་རི་གྱད་ཕུར་གྱི་སྐོང་བ་ལས། བླ་རི་གངས་དཀར་ཏི་སེ་ལ། གསེར་གྱི་མེ་དཔུང་སེར་པོ་འབར། བླ་མཚོ་དྭང་ར་མ་པང་ལ། གཡུ་ཡི་དུད་པ་སྔོན་པོ་འཐུལ། བླ་བྲག་རྟ་སྒོའི་བྲག་ཆེན་ལ། གསེར་གྱི་ཚྭ་ཚྭ་འཁྲུགས་ཤིང་འཕྲོ། རི་བྲག་མཚོ་ལ་སྤྲུལ་པའི་གསས། གེ་ཁོད་དབུ་གསུམ་ཕྱག་དྲུག་པ། ཞེས་པས་ཡི་དམ་ལྷ་ཡིས་བྱིན་གྱིས་བརླབས་པའི་ཚུལ་བསྟན། གཞན་ཡང་ལུང་དེ་ལས། ལས་ཀྱི་དཀྱིལ་ཆེན་ཞེས་པའི་ཡི་དམ་ལྷས་བྱིན་གྱིས་བརླབས་པ། སྟོད་སེང་གེ་གངས་ཀྱི་རིའོ། ། ལས་ཀྱི་སུམ་ཕུད་ཀྱིས་བྱིན་གྱིས་བརླབས་པའི་གནས། ལ་ཞགས་རི་ཡི་རྩེ་མོ་ཞེས་གསུངས་པས་སྟོད་ལ་ཞགས་ཞེས་པའི་ས་ལ་ཡོད་པར་མངོན། ཚེ་དབང་གནས་བརྒྱད་ཀྱི་བསྟོད་པ་ལས། འམ་བུ་གླིང་གི་དབུས་ཕྱོགས་ཀྱི། ཏི་སེ་གངས་ཀྱི་རི་བོ་ལ། འགྲོ་མགོན་ཚེ་དབང་རིག་འཛིན་བཞུགས། ཞེས་རྗེ་བཙུན་ཚེ་དབང་གིས་བྱིན་གྱིས་བརླབས་པའི་གནས་ཡིན་པར་བསྟན། མ་པང་མཚོ་ཡི་ལྷོ་ཤར་ཕྱོགས་སུ་ཐག་རིང་ཙམ་ཞིག་ན་སྤོས་རི་ངད་ལྡན་ཞེས་རི་རྩེ་ མོ་བཞི་ལྔ་ཙམ་དུ་གྱེས་པའི་ཚུལ་ཅན་དེ་ཡང་བྱིན་གྱིས་བརླབས་པའི་གནས་དང་། ལུང་གིས་ཟིན་པའི་གནས་ཀྱང་ཡིན། དཀར་ཆག་གི་མཆན་དུ། དེང་སང་བོན་རི་ཟེར། ཞེས་སོ། །

མཛོད་ཀྱི་ལུང་དང་མཐུན་མིན་བརྟག་གོ། སྤྲུལ་སྐུ་བློ་ལྡན་གྱི་ལུང་བསྟན་ཟུར་བྱང་དང་། ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག་ལས། སྤོད་ངད་ལྡན་པ་རི་ཡི་ཕོ་བྲང་དུ། ཉེར་བཞག་བྱང་སེམས་འདུས་སྡེ་རྒྱ་ཆེར་སྤེལ། ཞེས་དང་། གངས་རིའི་མདུན་དེང་སང་རྒྱང་གྲགས་དགོན་ཞེས་པའི་ས་གནས་སུ། སྔར་ཞང་ཞུང་སྲིད་པའི་རྒྱལ་པོ་ཁྲི་ཝེར་ལ་རྗེ་གསེར་གྱི་བྱ་རུ་ཅན་གྱི་རྒྱལ་ས་ཡིན་ཞིང་། རྒྱལ་པོ་འདི་སྟོན་པ་བོད་དུ་ཕེབས་སྐབས་སུ་མདོ་ཁྲི་རྗེ་ལུང་བསྟན་ཞུ་བ་བོ་དེ་ཡིན་པར་བཤད། དེང་སང་རྒྱ་ཉི་མ་ཞེས་པའི་ས་དེ་རྒྱུད་ལས་བཤད་པའི་ཉི་འོད་གཡེར་དམར་རྒྱལ་ཁམས་ཞེས་པ་དེ་ཡིན་པར་གསལ།
སྨན་རིའི་དཔོན་སློབ་བསྟན་འཛིན་རྣམ་དག་གིས་མཛད།

1,524 total views, 1 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།