གཡུང་དྲུང་བོན་གྱི་དྲྭ་རྒྱ།

སློབ་དཔོན་ཆེན་མོ་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་མཆོག་གི་ལོ་རྒྱུས་སྙིང་བསྡུས་དང་ཁོང་གི་གསུང་རྩོམ་ངོ་སྤྲོད།

samདེང་གི་ཆར་མཁར་རྨེའུ་བསམ་གཏན་རྒྱལ་མཚན་མཆོག་ནི་ཕྷཱརནྶཱིའི་(France)རྒྱལ་ས་པཱེ་རཱིས་(Paris)སློབ་གྲྭ་ཆེན་མོ་ནས་རྒན་ཡོལ་ཐོན་ནས་དེ་གར་བཞུགས་ཤིང་། ད་ལྟ་དགུང་ལོ་ ༧༨ ལ་ཕེབས་བཞིན་འདུག ཁོང་ནི་བོད་མདོ་སྨད་ཨ་མདོའི་ལྷོ་ཤར་དུ་ཡོད་པའི་ཤར་ཁོག་གམ་ཟུང་ཆུ་ཡུལ་གྱི་ ཀི་ཚལ་གྲོང་གསེབ་ཏུ་སྤྱི་ལོ་ ༡༩༣༦ ལོར་མཁར་རྨེའུ་ཚང་གི་ཡབ་ཚེ་དགའ་དང་ཡུམ་ཟིན་མོ་གཉིས་ཀྱི་སྲས་གཉིས་ལས་གཏེར་བརྒྱ་དགའ་དབང་ཞེས་གཅེན་པོར་སྐུ་འཁྲུངས། དགུང་ལོ་བརྒྱད་ནས་བོད་ཡིག་འབྲི་ཀློག་འགོ་རྩམས་པ་ན་ཡུལ་གྱི་ཉེ་འགྲམ་དུ་བོན་ལུགས་ཀྱི་སྣ་སྟེང་དགོན་པ་ཞེས་པར་གྲྭ་བཞུགས་གནང་། དགོན་སྡེ་དེར་དགུང་ལོ་བཅུ་གསུམ་བར་དུ་བསླབ་པ་སློབ་གཉེར་མཛད། དགུང་ལོ་བཅུ་བཞིའི་ཐོག་བོན་གྱི་སྐྱང་ཚང་དགོན་པར་བོན་སློབ་བསྟན་འཛིན་བློ་གྲོས་རྒྱ་མཚོའི་དྲུང་ནས་རབ་བྱུང་བསྒྲུབས་ཞིང་མཚན་ཡང་བསམ་གཏན་རྒྱལ་མཚན་དུ་བཏགས། དགོན་པ་དེར་ཆོས་གྲོགས་དང་མཁས་པའི་དབང་པོ་འདུ་མང་དང་ལྷན་དུ་སློབ་གཉེར་གནང་ནས་མཐར་དགུང་ལོ་བཅུ་དགུའི་སྟེང་སྤྱི་ལོ་༡༩༥༥ ལོར་དགེ་བཤེས་ལེགས་པར་ཐོན།

དེ་ནས་སྤྱི་ལོ་ ༡༩༥༦ ལོར་བོད་དབུས་གཙང་སུ་གནས་མཇལ་དང་འབྲེལ་རྒྱལ་ས་ལྷ་སར་ཕེབས། བོན་གྱི་དགོན་པ་སྨན་རི་དང་ར་ལག་གཡུང་དྲུང་གླིང་དུ་བོན་སློབ་མཁས་པའི་དབང་པོ་ སངས་རྒྱས་བསྟན་འཛིན་དང་བསྟན་འཛིན་རྣམ་དག་སོགས་ཐོག་མ་རུ་ཐུགས་མཇལ་བྱུང་། དེར་སངས་རྒྱས་བསྟན་པའི་ལུགས་ཀྱི་དགོན་སྡེ་ཆེན་པོ་འབྲས་སྤུངས་སྒོ་མང་གྲྭ་ཚང་ དུ་སློབ་གཉེར་གནང་སྒོ་བཙུགས། ཡིན་ཡང་བོད་གངས་ཅན་ལྗོངས་ཡོངས་སུ་རྒྱ་དམར་པོས་སྤྱི་ལོ་ ༡༩༥༠-༥༡ ནས་བཙན་འཛུལ་དང་འབྲེལ། སྤྱི་ལོ་ ༡༩༥༩ ལོར་བོད་མིས་རྒྱ་གུང་ཕྲན་ཏང་ལ་སྒེར་ལངས་ཀྱི་དབང་གིས་དུས་འགྱུར་བྱུང་བ་ན་བལ་ ཡུལ་བརྒྱུད་རྒྱ་གར་དུ་བཙན་འབྱོལ་དུ་སྦྱོར། དེར་རྒྱ་གར་དུ་བཞུགས་རིང་བོན་གྱི་ཕྱག་དཔེ་ཁག་དཔེ་སྐྲུན་གནང་སྒོ་བཙུགས་ནས་ རྒྱལ་ས་དིལླཱི་ (Delhi) རུ་དཔེ་སྐྲུན་ཁང་ཞིག་ཏུ་སྤྱི་ལོ་ ༡༩༦༡ ལོར་དབྱིན་ཇིའི་བོད་རིག་པའི་མཁས་དབང་དཱཝིཌ་ཤཱེནཱེལླ་གྷཱོརཱོཝ་ (Prof. Dr. David Snellgrove) ཞེས་མཁར་རྨེའུ་ལགས་ཀྱིས་ཁོང་ལ་མཁས་པ་ཆེན་པོ་སྐུ་ཞབས་བདེ་གསལ་དགེ་རབ་ཅེས་འབོད་པ་དང་ཐུགས་འཕྲལ་བྱུང་། (རྒྱས་པ་དཔྱད་གཞི་ཡིག་ཆ་ཨང་གྲངས་གཉིས་པ་དེར་གཟིགས་རོགས།) སྐབས་སུ་དཱ་ཝིཌ་མཆོག་ནི་བོད་རིགས་ཤིག་གི་བོད་རིག་པའི་ཐོག་སྦྱང་པ་ཡོད་པ་ཞིག་རྩོལ་བར་ལྷོ་ཨེཤཱིཡའི་ (South Asia) རྒྱལ་ཁབ་ཁག་ཏུ་སླེབས་པ་དང་སྟབས་མཐུན། དེ་ནི་དེ་དུས་བོད་ལ་དུས་འགྱུར་དང་འབྲེལ་ནུབ་ཕྱོགས་ཡཱུ་རཱོབ་ (Europe) དང་བྱང་ཨ་རཱི་ (North America) སོགས་སུ་གཏན་གཞིར་ཡོད་པའི་སློབ་གྲྭ་ཆེན་པོ་ཁག་ཁ་ཤས་ནང་བོད་རིག་པའི་ཐོག་ཉམས་ ཞིབ་ཀྱི་ཤེས་ཚད་ཡར་རྒྱས་གཏོང་ཆེད་དཔལ་སྦྱོར་གྱི་མཐུན་རྐྱེན་འཛོམས་པ་དང་ཤེས་ ལྡན་མི་སྣ་བརྩོལ་བཞིན་པའི་སྐབས་སུ་ཡིན།

ནུབ་ཕྱོགས་སུ་བོད་མི་ ཤེས་ཡོན་ཅན་སྣ་མང་གདན་འདྲེན་ཞུས་པའི་ཁོངས་ནས་མཁས་དབང་མཁར་རྨེའུ་དང་ཁོང་གི་ ཆོས་གྲོགས་དང་སློབ་གྲོགས་སངས་རྒྱས་བསྟན་འཛིན་གཉིས་དང་ལྷན་ཨི་ཊྲཱི་ལཱི་ (Italy) རྒྱལ་ས་ཪཱོམ་ (Rome) ནས་བོན་གྱི་སློབ་དཔོན་ཆེན་པོ་བསྟན་འཛིན་རྣམ་དག་བཅས་རྣམ་པ་གསུམ་དབྱིན་ཡུལ་གྱི་རྒྱལ་ས་ལཱོན་ཌཱོན་ (London) དུ་བོན་གྱི་རིག་པའི་ཐོག་ཉམས་ཞིབ་དང་སླབ་པ་གོང་མཐོར་གནང་མཁན་ཐོག་མ་རུ་འགྱུར། ཁོང་རྣམ་པ་དབྱིན་ཡུལ་དུ་གདན་ཕེབས་ཞུས་བཏང་སྐོར་དཔྱད་གཞིའི་ཡིག་ཆ་ཨང་གཉིས་པ་ དབྱིན་ཡིག་ཏུ་ཡོད་པ་དེར་གཟིགས་རོགས། དབྱིན་ཡུལ་དུ་ལོ་ངོ་དགུ་ལྷག་བཞུགས་རིང་དབྱིན་སྐད་དུ་སྦྱང་པ་འཕེལ་དུ་བྱུང་ བར་བརྟེན་སྤྱི་ལོ་ ༡༩༦༨ ལོར་ལཱོན་ཌཱོན་སློབ་གྲྭ་ཆེན་མོའི་ཨེཤཱིཡ་དང་ཨཕྷ་རཱི་ཀཱའི་སློབ་གཉེར་སྡེ་ཚན་ (School of Oriental and African Studies, University of London) ནས་མཚན་ཉིད་སློབ་དཔོན་གྱི་སློབ་ཐོན་(MPhil/Master of Philosophy) བསྒྲུབས། དབྱིན་ཡུལ་དུ་ཉམས་ཞིབ་པའི་ལས་གནས་ཐོག་ཡུན་རིང་ཕྱག་ལས་གནང་བ་ན་མཁས་དབང་མཆོག་ ནས་གསུང་རྩོམ་གང་མང་ཞིག་རྩོམ་པ་དང་རྩོམ་སྒྲིག་གནང་།

དེར་གཤལ་གསལ་དུ་མཁས་ དབང་མཆོག་གི་མི་ཚེའི་ལོ་རྒྱུས་དང་མཚུངས་དང་གསུང་རྩོམ་ཁག་གི་སྐོར་ལོ་དུས་ ལྟར་བཀོད་པ་ལས་ཐོག་མར་མཁས་དབང་མཆོག་ནས་བརྗོད་གཞི་རྐྱང་པའི་ཐོག་དཔེ་དེབ་ཁག་ གི་ཆེད་རྩོམ་དང་ནད་འགྲེལ། དེ་བཞིན་དཔྱད་རྩོམ་ཕྱོགས་སྒྲིག་གནང་བ་རྣམས་ས་བཅད་དང་པོ་རུ་བཀོད་ཡོད།
ས་བཅད་གཉིས་པར་མཁས་དབང་ མཆོག་ནས་ཚོགས་འདུ་ཆེན་མོ་ཁག་དུ་རྩོམ་པ་པོའམ་མཁས་དབང་གཞན་གྱིས་གཏམ་བཤད་དང་ དཔྱད་རྩོམ་སྒྲོག་སྦྱང་གནང་བ་རྣམས་ཞུ་སྒྲིག་དང་རྩོམ་སྒྲིག་གནང་པ་བཅས་རེའུ་ གཉིས་སུ་གསལ་བར་བསྟན་ཡོད།

དེ་ན་ཐོག་མ་ས་བཅད་དང་པོ་སྟེ་བརྗོད་གཞི་རྐྱང་པའི་ཐོག་དཔེ་དེབ་དང་དེ་བཞིན་དཔྱད་རྩོམ་ཕྱོགས་སྒྲིག་ གི་སྐོར་ལས། ལཱོན་ཌཱོན་དུ་བཞུགས་ནས་དུས་ཡུན་མི་རིང་བ་ན་སྤྱི་ལོ་ ༡༩༧༢ ལོར་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས་པའི་ལེགས་བཤད་རིན་པོ་ཆེའི་གཏེར་ མཛོད་ཅེས་པའི་རབ་བྱེད་བཞི་པའི་ཚན་ཁག་གི་གཤེན་དང་བྲུ་ཞུ་སྦ་རྨེའུ་ལོ་རྒྱུས་ ནས་མཇུག་བར་དུ་དབྱིན་སྐད་དུ་བསྒྱུར་བ་དང་ལྷན་དེང་རབས་ཅན་གྱི་ཞིབ་འཇུག་དང་ མཐུན་པའི་དཀའ་གནད་ཀྱི་དོན་གསལ་བའི་མཆན་བཏབ་པ་དང་ལོ་ཚིགས་སྒྲིགས་པ་སོགས་“བོད་ཀྱི་བོན་གྱི་ལོ་རྒྱུས་ལེགས་བཤད་མཛོད་”ཅེས་དབྱིན་སྐད་དུ་ The Treasury of Good Sayings: A Tibetan History of Bon ཞེས་དཔར་དུ་སྐྲུན། དེ་ནས་ལོ་ངོ་གཉིས་སྟེ་སྤྱི་ལོ ༡༩༧༢-༧༤ ཕྷཱ་རནྶཱིའི་རྒྱལ་ས་པཱེ་རཱིས་སློབ་གྲྭ་ཆེན་མོར་ (Ecole Pratique des Hautes Etudes, Paris) སློབ་དཔོན་ཆེན་པོ་མཁས་དབང་རཱོལཕྷ་སཊཱཨྣི་ (Professor Dr. Rolf A. Stein) གྱི་ཕྱག་རོགས་སུ་ཉམས་ཞིབ་པའི་ལས་གནས་སུ་བཞུགས།

ཡང་ལོ་ངོ་གཉིས་རིང་སྤྱི་ལོ་ ༡༩༧༥-༧༧ བར་དུ་ཉི་ཧོང་(Japan) གི་རྒྱལ་ས་ཊཱོཀ་ཡཱོ་ (Tokyo) ཡི་ཤར་ཕྱོགས་དཔེ་མཛོད་ཁང་ (Toyo Bunko) དང་ཊཱོཀ་ཡཱོའི་སློབ་གྲྭ་ཆེན་མོ་ (University of Tokyo) རུ་ཡོད་པའི་བོན་གྱི་ཕྱག་དཔེ་ཁག་ལ་ཞིབ་འཇུག་དང་འབྲེལ་དེང་དུས་དཀར་ཆག་གི་ལམ་ནས་“དཔར་སྐྲུན་བྱས་པའི་བོན་གྱི་ཕྱག་དཔེའི་འགའ་ཡི་དཀར་ཆག་”ཅེས་དབྱིན་སྐད་དུ་ A Catalogue of Bonpo Publication ཞིག་བསྒྲིགས། དེ་ནས་ཡང་སླར་ཡང་པཱེ་རཱིས་སུ་སྤྱི་ལོ་ ༡༩༧༧ ཕྱིར་ལོགས་ནས་མཁས་དབང་རཱོལཕྷ་སཊཱཨྣི་གྱི་ཉམས་ཞིབ་པའི་ཕྱག་རོགས་སུ་ཕྷཱ་ རནྶཱི་ཡི་སློབ་གཉེར་ཁང་ (College de France) ཞེས་པར་བོད་ཀྱི་ཆོས་དང་རིག་གནས་ཐོག་ལས་ཕྱག་ལས་གནང་། ཡུན་མི་རིང་བ་ན་སྤྱི་ལོ་ ༡༩༨༡ ལོ་ནས་བཟུང་པཱེ་རཱིས་སུ་གཏན་གཞིས་སྤྱི་ཚོགས་རིག་པ་དང་མི་རིགས་རིག་པའི་ཞིབ་ འཇུག་ཁང་(Centre National de la Recherche Scientifique, CNRS) གི་རང་རྐྱ་ཐུབ་པའི་ཞིབ་འཇུག་པའི་འགོ་གནས་སུ་སྤྱི་ཚོགས་རིག་པ་དང་མི་རིགས་རིག་པའི་ཞིབ་འཇུག་ཁང་(Laboratoire d’ ethnologie et de Sciologie comparative) ཞེས་པར་ལས་གནས་ཐོབ། སྐབས་སུ་བོད་ཀྱི་རིས་སུ་མ་ཆད་པའི་ཆོས་ལུགས་ཁག་གི་ཆོ་གའི་སྲོལ་རྒྱུན་ཐོག་ཉམས་ཞིབ་ཀྱི་གཞི་སྒོ་བརྩམས།

དེར་མཁར་རྨེའུ་ལགས་ ཀྱིས་ཆོ་གའི་སྲོལ་རྒྱུན་འདི་དག་ནི་ཆེས་སྔ་བའི་བོད་མི་རང་གི་གདོད་མའི་གཤིས་ ལུགས་ཀྱི་རྟོག་པའི་རྒྱུན་ཡིན་པ་དང་། དེ་དག་རྒྱ་གར་དང་རྒྱ་ནག་ནས་སངས་རྒྱས་པའི་ཆོས་ལུགས་བརྒྱུད་དེ་བྱུང་བ་མ་ཡིན་ པ་གཞི་ནས་ཤེས་པ་བྱུང་ཞེས་རང་ཉིད་ཞིབ་འཇུག་པས་རྣམ་པའི་སྒོ་ནས་འདོད་འདོན་གསལ། སྐབས་བབས་སུ་ཉམས་ཞིབ་པའི་ལས་གནས་གནང་བཞིན་སྤྱི་ལོ་ ༡༩༨༥ ལོར་སྔར་གྱི་ལཱོན་ཌཱོན་སློབ་གྲྭ་ཆེན་མོ་ (School of Oriental and African Studies, University of London) ནས་རིགས་གཅིག་རྐང་འཛིན་པའམ་མཚན་ཉིད་སློབ་དཔོན་ཆེན་མོ (PhD/ Doctor of Philosophy) ཞེས་པའི་སློབ་ཐོན་ཡང་རིམ་པར་བསྒྲུབས། པཱེ་རཱིས་སུ་ཉམས་ཞིབ་ཡུན་རིང་གནང་ནས་སྤྱི་ལོ་ ༡༩༨༧ ལོར་ཕྷཱེ་རཱེནྕཱི་སྐད་དུ་ཞིབ་འཇུག་པ་ཕྷཱི་ལཱིཔྤཱི་སཱ་གཱནྟ་ (Philippe Sagant) དང་མཉམ་ལས་བྱས་ནས་ཨ་མདོ་ཤར་བའི་ཁྱིམ་དུ་ཕོ་མོ་སྡོད་སའི་གོ་གནས་སྐོར་མི་ རིགས་རིག་པའི་རིག་འགྲོས་ཀྱི་ཐོག་ནས་ཡུལ་སྲོལ་གྱི་ཁྱད་ཆོས་སྟོན་པའི་སྐོར་ དཔྱད་རྩོམ་ La place du rang dans la maison sharwa, Amdo ཞེས་བོད་ཡིག་ཏུ་“ཨ་མདོ་ཤར་ཁོག་གི་ཁྱིམ་གཞིས་སུ་ཡུལ་མིའི་གོ་གནས་སྒྲིག་རིམ།”ཞེས་པ་ལྗགས་རྩོམ་གནང་། དེ་ནས་མི་རིང་བ་ན་སྤྱི་ལོ་ ༡༩༨༨ ལོར་ལྕམ་ཨཱནྣཱེ་མཱ་རཱི་བཱོ་ལཱོནྡཱིའོ་ (Anne-Marie Blondeau) དང་ཞིབ་འཇུག་མཉམ་ལས་ཐོག་བོན་ལུགས་ཀྱི་རྒྱུ་ཐེག་པའི་གཏོ་རིགས་ཤ་བ་དང་འབྲེལ་ བའི་ཆོ་གའི་སྨྲང་ངམ་རབས་ཀྱི་རྣམ་འབྱེད་དང་དེའི་ཡིད་ཆེས་སྐོར་དཔྱད་རྩོམ་ ཕྷཱེ་རཱེནྕཱི་སྐད་དུ་ Le Cerf à la vaste ramur ཞེས་བོད་ཡིག་ཏུ་“ཤ་བ་རུ་རྒྱས།”ཞེས་པ་བརྩམས། ཡང་སྤྱི་ལོ་དེ་ཉིད་དུ་ཏུན་ཧོང་
ནས་རྙེད་པའི་རྙིང་མའི་ རྫོགས་ཆེན་སྐོར་གྱི་ཡིག་རྙིང་གཞིར་བཞག་སྟེ་རྫོགས་པ་ཆེན་པོའི་ལྟ་བའི་བྱུང་ ཁུངས་དང་དེའི་ལོ་རྒྱུས་འཕེལ་རིམ་ལ་དེང་རབས་ཞིབ་འཇུག་གི་ལམ་ནས་དབྱེ་ཞིབ་ རྒྱས་སྤྲོས་ཐོག་“བོད་ཀྱི་སངས་རྒྱས་ཆོས་ལུགས་སུ་ཡོད་པའི་རྫོགས་པ་ཆེན་པོའི་ལྟ་བའི་སྐོར།”ཞེས་དབྱིན་སྐད་དུ་ The Great Perfection: A Meditative Teaching of Tibetan Buddhism ཞེས་བྲིས།

སྤྱི་ལོ་ ༢༠༠༧ ལོར་ཕྱག་དཔེ་དེ་ཉིད་བསྐྱར་སྐྲུན་ཡང་གནང་། དེ་བཞིན་ལོ་ངོ་ ༡༩༨༨ དེ་ཉིད་དུ་༸རྒྱལ་བ་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་མཛད་པའི་གསང་བ་རྒྱ་ ཅན་ནས་བསྡུད་དེ་མཛད་པ་གཟིགས་སྣང་སྐོར་མཐོང་བ་དོན་ལྡན་ཞེས་པར་ལོ་རྒྱུས་དང་ དེའི་འགྲེལ་བཤད་དེང་དུས་ཀྱི་ཉམས་ཞིབ་ལམ་ནས་ཕྱག་དཔེ་“རྒྱལ་དབང་ལྔ་བའི་དག་སྣང་།”ཞེས་དབྱིན་སྐད་དུ་ Secret Visions of the Fifth Dalai Lama ཞེས་པ་དེའང་ལེགས་པར་བསྒྲུབས། ལོ་གཅིག་རྗེས་སྤྱི་ལོ་༡༩༨༩ ལོར་“བོད་ཀྱི་གསོ་བ་རིག་པའི་སློབ་གཉེར་ཐོག་དཔེ་སྐྲུན་དེབ་ཐེར་ཝེ་རོ་ཙ་ཎ་དང་རྒྱུད་བཞི་”ཞེས་པ་དབྱིན་སྐད་དུ་ Vairocana and the Rgyud-bzhi: Tibetan Medicine, a Publication for the Study of Tibetan Medicine ཞེས་ཕྱག་དཔེ་ཞིག་པར་དུ་གནང་། འདིར་ལོ་ངོ་ཡིན་རིང་བར་དུ་སྤྱི་ཚོགས་རིག་གནས་ཀྱི་ཐོག་ཞིབ་འཇུག་ཕུལ་དུ་བྱུང་ བ་དང་གྲུབ་འབྲས་ལེགས་པོ་གནང་བ་ལ་བརྟེན་སྤྱི་ལོ་ ༡༩༩༠ ལོར་ཁོང་ལ་ཕྷཱ་རཱནྶཱི་ཡི་རྒྱལ་ཡོངས་ཞིབ་འཇུག་ཁང་ཆེན་མོ་(Centre National de la Recherche Scientifique, CNRS) ནས་དངུལ་གྱི་རྟགས་མའི་གསོལ་རས་ཐོབ། སྤྱི་ལོ་དེ་ཉིད་ཟུང་ནས་ཞིབ་འཇུག་ཁང་དེའི་ཉམས་ཞིབ་སྡེ་ཚན་གྱི་ངེས་སྟོན་པའི་(Director, Charge de Recherche) གོ་གནས་སུ་ལས་འགན་བཞེས།

སྤྱི་ལོ་ ༢༠༠༡ རྒན་ཡོལ་མ་ཞུས་བར་དུ་གོ་གནས་དེའི་ཐོག་ཕྱག་ལས་གནང་། དེ་ནས་ལོ་ལྟར་དུ་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་། སངས་རྒྱས་ཀྱི་བསྟན་པ་དང་བོན་གྱི་བསྟན་པའི་ཐོག་གཅིག་ཞུགས་གཉིས་ཞུགས་རྗེས་ དཔྱད་རྩམ་མམ་ཕྱག་དཔེ་སྣ་མང་ལྗགས་རྩོམ་གནང་། དེ་ཡང་སྤྱི་ལོ་ ༡༩༩༡ ལོར་“གཱུཡཱི་མཱིཊ་འགྲེམས་སྟོན་ཁང་དུ་ཕཱོར་ནཱི་ཡར་གྱིས་ཕྱོགས་བསྡུས་གནང་བའི་༸རྒྱལ་དབང་ལྔ་པའི་གསང་བའི་རྣམ་ཐར་གསེར་གྱི་བྲིས་མ”ཞེས་དབྱིན་སྐད་དུ་ Secret Visions of the Fifth Dalai Lama: The Gold Manuscript in the Fournier Collection Musée Guimet ཞེས་པ་བྲིས་རྩོམ་གནང་།
དེ་ནས་ལོ་ངོ་ཡུན་རིང་དུ་དཔྱད་རྩོམ་འདྲ་མིན་ཚོགས་འདུ་ཁག་མང་ནང་གཏམ་བཤད་གནང་བ་རྣམས་ཕྱོགས་གཅིག་ཏུ་བསྡུས་སྟེ་སྤྱི་ལོ་༡༩༩༨ ལོར་“བོད་ཀྱི་ལོ་རྒྱུས། གཏམ་རྒྱུད། ཆོ་ག་དང་། ཡིད་ཆེས་ཁག་ལ་སློབ་གཉེར་གནང་བའི་མདའ་དང་འཕང་”ཞེས་དབྱིན་སྐད་དུ་ The Arrow and the Spindle: Studies in History, Myths, Rituals and Beliefs in Tibet ཞེས་པ་པོད་ཕྲེང་དང་པོ་པར་དུ་ལེགས་པར་གྲུབ། དེར་པོད་ཕྲེང་འདིའི་ནང་དཔྱད་རྩོམ་ ༣༢ ཕྱོགས་སུ་བསྒྲིགས་པ་དེ་བོད་ཀྱི་ལོ་རྒྱུས། གཏམ་རྒྱུད། ཆོ་ག་དང་། ཡིད་ཆེས་བཅས་ཀྱི་བྱུང་ཁུངས་དང་དེ་དག་གི་དབྱེ་བཤད་གནང་འདུག
དེ་ཡང་གྲུབ་མཐའི་ཕྱོགས་ ཞེན་དང་འོས་མིན་གྱི་ལ་རྒྱའི་ཀུན་སློང་དོར་ཏེ་དེང་རབས་ཀྱི་ཞིབ་འཇུག་གི་ལམ་ ནས་འཛམ་གླིང་སྤྱི་འགྲོས་ཀྱི་ཚན་རིག་དང་བསྟུན་དགོས་པའི་གནད་དོན་སོགས་ཁ་གསལ་བཀོད་འདུག དེས་མ་ཟད་ཚན་རིག་གི་ཞིབ་འཇུག་ཐབས་ལམ་ནི་དངོས་གཙོའི་བདེན་འཚོལ་ལྟ་བའི་ལམ་དུ་ བགྲོད་དགོས་པའི་ཐབས་ཉིད་ཡིན་ཞེས་གཏན་འབེབ་ཀྱི་ཐོག་ནས་གསུང་།

འདིར་དཔྱད་རྩོམ་ ༣༢ ལས་ ༣༠ པེ་ཅིང་བོད་ཀྱི་སྤྱི་ཚོགས་ཚན་རིག་ཁང་གི་བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་ དབྱིན་སྐད་ནས་བོད་སྐད་དུ་བསྒྱུར་ཏེ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་མདའ་དང་འཕང་ཞེས་པའི་མིང་ཐོག་ ཏུ་༢༠༠༧ ལོར་པར་སྐྲུན་ཐོག་མར་གནང་། ཡང་པོད་ཕྲེད་དང་པོ་དེ་སྤྱི་ལོ ༢༠༠༩ ལོར་པར་སློག་ཀྱང་གནང་། དེ་ནས་ཕྱག་དཔེ་མཚན་བྱང་དེ་ཉིད་ཀྱི་ཐོག་པོད་ཕྲེང་གཉིས་པ་དེ་སྤྱི་ལོ་ ༢༠༠༥ དང་། པོད་ཕྲེང་གསུམ་པ་དེ་ཉེ་ཆར་སྤྱི་ལོ་ ༢༠༡༤ སྤྱི་ཟླ་གསུམ་པའི་ནང་དཔྱད་རྩོམ་གྲངས་བཅུ་རེ་ལྡན་པའི་ཐོག་དཔར་སྐྲུན་ཞུས། སྤྱི་ལོ་ ༡༩༩༨ ལོར་སླར་ནས་ཕྷཱེ་རཱེནྕཱི་སྐད་དུ་ཞིབ་འཇུག་པ་ཕྷཱི་ལཱིཔྤཱི་སཱ་གཱནྟ་དང་མཉམ་ ལས་ཐོག་རང་ཉིད་ན་གཞོན་དུས་ཨ་མདོ་ཤར་ཁོག་གི་སྤྱི་ཚོགས་དམངས་མས་ཕོ་རྒོད་དཔའ་ བོ་རྣམས་གཉན་བུ་ཞེས་དེ་ཚོའི་ཕ་མེས་ཡུལ་ལྷ་ཡིན་པར་ཡིད་ཆེས་བྱེད་པ་དང་དེ་ བཞིན་ཕོ་རྒོད་དེ་དག་ལ་བོད་ཀྱི་རིག་གཞུང་ནས་འབྱུང་བའི་ཕོ་རྩལ་སྣ་དགུ་འཛོམས་ པའི་ལྟ་ཚུལ་ཡོད་པ་རྣམས་མྱོང་ཚོར་བྱུང་བ་དེ་དག་ Les Neuf Forces de l’Homme, Récits des confins du Tibet ཞེས་བོད་ཡིག་ཏུ་“བོད་ཀྱི་མཐའ་མཚམས་སུ་གནས་པའི་ཕོ་རྩལ་སྣ་དགུའི་རབས་”ཞེས་པ་ཞིག་བྲིས་རྩོམ་གནང་།

ལོ་དེའི་རྗེས་མ་སྟེ་ སྤྱི་ལོ་ ༡༩༩༩ ལོར་སྤ་བསྟན་རྒྱལ་བཟང་པོས་མཛད་པའི་ཞང་ཞུང་སྙན་རྒྱུད་ཀྱི་བླ་མ་བརྒྱུད་པའི་ རྣམ་ཐར་དང་དེའི་ཐང་ག་དང་ཞང་ཞུང་སྙན་རྒྱུད་ནས་འབྱུང་བའི་རྫོགས་ཆེན་འཁོར་ལོ་ བཞི་སྦྲགས་དང་དེའི་ལྟ་བ་མཚོན་བྱེད་ཐང་ག་རྣམས་ཀྱི་འགྲེལ་བཤད་དང་ལོ་རྒྱུས་ སྐོར་དབྱིན་སྐད་དུ་ The Little Luminous Boy ཞེས་བོད་ཡིག་ཏུ་“ཞང་ཞུང་ཡུལ་གྱི་ཁ་རྒྱུན་ལོ་རྒྱུས་འོད་ཀྱི་
ཁྱེའུ་ཆུང་”ཞེས་ པ་པར་དུ་སྐྲུན། དེ་ནས་སྤྱི་ལོ་ ༢༠༠༣ ལོར་འབྲུག་རྒྱལ་ཁབ་ཏུ་ཡོད་པའི་རྙིང་མའི་གཏེར་སྟོན་རྡོ་རྗེ་གླིང་པའམ་བོན་ ལུགས་སུ་བོན་ཞིག་གཡུང་དྲུང་གླིང་པར་གྲགས་པའི་གདུང་འཛིན་གྱི་ཕོ་བྲང་ཨོ་རྒྱན་ ཆོས་གླིང་ཞེས་པའི་དཔེ་མཛོད་ཁང་དུ་བཞུགས་པའི་དཔེ་ཆའི་དཀར་ཆག་རྣམས་ The Diamond Isle: A Catalogue Buddhist Writings in the Library of Ogyen Choling, Bhutan ཞེས་བོད་ཡིག་ཏུ་“རྡོ་རྗེ་གླིང་། འབྲུག་ཨོ་རྒྱན་ཆོས་གླིང་གི་དཔེ་མཛོད་ཁང་དུ་ཡོད་པའི་སངས་རྒྱས་ཆོས་ལུགས་ཀྱི་དཔེ་ཆའི་དཀར་ཆག་”ལེགས་པར་བསྒྲུབས།

ཡང་སྤྱི་ལོ་ ༢༠༠༥ ལོར་ Feast of the Morning Light: the Eighteenth Century Wood Engravings of Life Stories of Shenrab and Bon Canon from Gyalrong ཞེས་བོད་ཡིག་ཏུ་“རྒྱལ་ རོང་དུ་དུས་རབས་བཅོ་བརྒྱད་པའི་ནང་བསྒྲུབས་པའི་སྟོན་པ་གཤེན་རབ་མི་བོའི་བཀའ་ དང་བཀའ་བརྟེན་དང་སྟོན་པའི་མཛད་རྣམ་བཅས་ཀྱི་ཤིང་པར་གྱི་འགྲེལ་བཤད་སྣང་བའི་ དགའ་སྟོན་”ཞེས་པ་ པར་དུ་བསྐྲུན། དེབ་འདིའི་ནང་རྒྱལ་རོང་དུ་ཁྲོ་ཆེན་རྒྱལ་པོ་ཀུན་དགའ་ནོར་བུ་དང་ཆུ་ཆེན་རྒྱལ་ པོ་ནམ་མཁའ་རྒྱལ་པོ་གཉིས་དང་ཁོང་རྣམ་པའི་དབུ་བླ་གཏེར་སྟོན་སངས་རྒྱས་གླིང་པ་ དང་ཁོང་གི་སློབ་མ་གྲུབ་དབང་ཀུན་གྲོལ་གྲགས་པ་རྣམས་ཀྱིས་གཙོར་བྱས་ནས་དུས་རབས་ བཅོ་བརྒྱད་པའི་ནང་སྟོན་པ་གཤེན་རབ་ཀྱི་མཛད་རྣམ་དང་བཀའ་འགྱུར་དང་བཀའ་བརྟེན་ རྣམས་ཤིང་པར་དུ་བརྐོས་པའི་ལོ་རྒྱུས་དང་དེ་དག་གི་འགྲེལ་བཤད་བཅས་བཀོད་འདུག
དེ་ཡང་མཁར་རྨེའུ་མཆོག་ གིས་ཉེ་འདུས་སུ་གསུང་རྩོམ་ནི་༸གོང་ས་ལྔ་པ་ཆེན་པོའི་རང་རྣམ་དུ་ཀཱུ་ལའི་གོས་ བཟང་གི་པོ་ཏི་དང་པོ་དབྱིན་འགྱུར་མ་དགོས་གནད་མཆན་དང་ལྷན་ The Illusive Play: The Autobiography of the Fifth Dalai Lama ཞེས་བོད་ཡིག་ཏུ་“༸རྒྱལ་དབང་ལྔ་པའི་རང་རྣམ་འཁྲུལ་བའི་རོལ་རྩེད་”ཅེས་ པ་དཔར་དུ་འདེབས་སོ། འདིར་གོང་དུ་ཞུས་པ་བཞིན་མཁས་དབང་མཆོག་ཉིད་ཀྱི་བརྗོད་གཞི་རྐྱང་འགྲེལ་དང་རང་ ཉིད་ཀྱི་དཔྱད་རྩོམ་ཕྱོགས་སྒྲིག་སོགས་ཀྱི་རེའུ་མིག་ཡིན།

ས་བཅད་གཉི་པར་མཁས་དབང་ མཆོག་ནས་འཛམ་གླིང་ཡུལ་ཁག་སོ་སོའི་ཞིབ་འཇུག་མི་སྣ་དང་མཉམ་དུ་ཚོགས་འདུ་ཆེན་ མོ་ཁག་དུ་རྩོམ་པ་པོའམ་ཉམས་ཞིབ་པ་གཞན་གྱིས་གཏམ་བཤད་ཁག་ཞུ་སྒྲིག་དང་རྩོམ་ སྒྲིག་འགན་ཁུར་ཞུས་ནས་དཔར་སྐྲུན་བྱས་པའི་དེབ་རྣམས་ལོ་དུས་ལྟར་བཀོད་ཡོད། དེ་ཡང་སྤྱི་ལོ་ ༡༩༩༧ ལོར་མི་རིགས་རིག་པའི་མཁས་པ་ཨལཱེཛྫྲཱནྜར་མཱཀ་ཌཱོ་ནཱལྜ་ (Alexander
Macdonald) ལ་གུས་བཀུར་ཞུས་པའི་བོད་ཀྱི་མི་རིགས་རིག་པའི་སྐོར་དབྱིན་སྐད་དང་ཕྷཱེ་ རཱེནྕཱི་སྐད་ཐོག་ཏུ་རྒྱལ་ཁབ་སོ་སོའི་ཞིབ་འཇུག་པས་བྲིས་པའི་ཆེད་རྩོམ་སུམ་ བཅུ་སོ་ལྔ་ཡོད་པར་རྩོམ་སྒྲིག་པའི་འགན་ཁུར་ཐོག་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ དང་ཞིབ་འཇུག་པ་ཕྷཱི་ལཱིཔྤཱི་སཱ་གཱནྟ་གཉིས་ཀྱིས་ Les habitants du toi du monde ཞེས་བོད་ཡིག་ཏུ་“འཛམ་གླིང་གི་ཐོག་ཕིབ་ཏུ་གནས་པའི་ཡུལ་མི་”ཞེས་དཔེ་དེབ་ཏུ་ཕྱོགས་སྒྲིག་གནང་འདུག
དེ་ནས་སྤྱི་ལོ་ ༢༠༠༠ ལོར་New Horizons in Bon Studies ཞེས་བོད་ཡིག་ཏུ་“བོན་གྱི་སློབ་གཉེར་གྱི་གནམ་སའི་མཐའ་མཚམས་གསར་པ་”ཞེས་ཉི་ཧོང་རྒྱལ་ཁབ་ཏུ་སྤྱི་ལོ་༡༩༩༩ ལོར་གྲོང་ཁྱེར་ཨོ་སཱ་ཀཱར་(Osaka) ཡོད་པའི་མི་རིགས་རིག་པའི་འགྲེམ་སྟོན་ཁང་དུ་རྒྱལ་ཁབ་སོ་སོ་ནས་ཕེབས་པའི་བོན་ གྱི་སློབ་གཉེར་གྱི་ཞིབ་འཇུག་པ་ཉི་ཤུས་སྤེལ་བའི་དཔྱད་རྩོམ་རྣམས་མཁར་རྨེའུ་ མཆོག་དང་ཡཱ་སཱུ་ཧཱི་ཀཱོ་ནཱ་གཱ་ནཱོ་(Yasuhiko Nagano)གཉིས་ཀྱིས་རྩོམ་སྒྲིག་འགན་ཁུར་ནས་ཕྱོགས་སྒྲིག་གནང་བ་ཞིག་ཡིན་འདུག
སླར་ཡང་ཁོང་གཉིས་ནས་སྤྱི་ ལོ་ ༢༠༠༡ ལོར་རྩོམ་སྒྲིག་འགན་ཁུར་ལྷན་གཅིག་ཏུ་གནང་བའི་སོག་སྡེ་སྤྲུལ་སྐུ་བསྟན་པའི་ ཉི་མས་དཔར་སྐྲུན་བྱས་པའི་བོན་གྱི་བཀའ་འགྱུར་གྱི་དགོངས་འགྲེལ་བཀའ་བརྟེན་པོ་ ཏི་གསུམ་བརྒྱའི་དཀར་ཆག་ཞིབ་རྒྱས་སུ་བཀོད་ཡོད་པ་བལ་ཡུལ་བོན་དགོན་ཁྲི་བརྟན་ ནོར་བུ་རྩེའི་དགེ་འདུན་རྣམ་པས་རྩིས་འཕྲུལ་དུ་བླུགས་ཏེ་ཉི་ཧོང་རྒྱལ་ཁབ་ཀྱི་ གྲོང་ཁྱེར་ཨོ་སཱ་ཀཱའི་མི་རིགས་རིག་པའི་འགྲེམས་སྟོན་ཁང་གིས་ A Catalogue of the New Collection of Bonpo Katen Texts ཞེས་བོད་ཡིག་ཏུ་“བོན་པོ་བཀའ་བརྟེན་གྱི་དཀར་ཆག་གསར་སྒྲིག་”ཞེས་པར་དུ་སྐྲུན།

ཡང་དེ་བཞིན་གོང་གི་ཉི་ཧོང་གི་མཁས་དབང་ལྷན་དུ་སྤྱི་ལོ་ ༢༠༠༢ ལོར་“བོན་གྱི་ཆོ་ག་དང་། དད་སྲོལ་སྐོར་ཕྱག་དགེ་ཕྱོགས་སྒྲིག་ཁུ་བྱུག་སྔོན་མོའི་གསུན་སྙན་”ཞེས་དབྱིན་སྐད་དུ་ The Call of the Blue Cockoo: An anthology of Nine Bonpo Texts on Myths and Rituals ཞེས་པ་ཐོན། དེབ་དེར་ཁོང་གཉིས་ནས་བོན་གྱི་ཕྱག་དཔེ་མིའུ་རིགས་བཞིའི་ལྷ་སེལ་ལ་སོགས་དཔེ་ཆ་ ཁག་དགུར་དེ་དག་གི་དཀའ་གནད་དང་དབྱིན་ཡིག་དཀའ་འགྲེལ་མདོར་བསྡུས་ཙམ་གསལ་བ་ཡིན་ འདུག
དེ་བཞིན་ཡང་སྤྱི་ལོ་ ༢༠༠༣ ལོར་ཁོང་གཉིས་ཀྱིས་ A Survey of Bonpo Monasteries and Temples in Tibet and the Himalaya ཞེས་བོད་ཡིག་ཏུ་“བོད་དང་རི་བོ་གངས་ཅན་རྒྱུད་ཀྱི་བོན་གྱི་དགོན་པ་དང་ལྷ་ཁང་རྣམས་ཀྱི་རྟོག་ཞིབ་རྒྱས་པ་”ཞེས་ པར་བོད་དང་རྒྱ་གར་དང་བལ་ཡུལ་དང་འབྲུག་བཅས་རི་བོ་གངས་ཅན་རྒྱུད་ཀྱི་བོན་གྱི་ དགོན་པ་དང་ལྷ་ཁང་ཉིས་བརྒྱ་སུམ་བཅུ་སོ་གསུམ་གྱི་པར་དང་དགོན་པའི་ལོ་རྒྱུས་ སོགས་འགྲེལ་བཤད་རྒྱས་པར་བཀོད་འདུག དེབ་དེར་བོད་ནས་མཁས་དབང་རྟོགས་ཞིབ་བྱེད་མཁན་ཤར་ཡུལ་ཕུན་ཚོགས་ཚེ་རིང། དོན་གྲུབ་ལྷ་རྒྱལ། ཚེ་རིང་ཐར་དང་། དེ་བཞིན་ཕྱི་རྒྱལ་བ་ཅྷཱར་ལཱེས་རཱེམ་བཱེལ་(Charles Ramble) དང་མཱེ་རཱེཡཊྲཱ་ཀཱིནྡ་ (Marietta Kind) བཅས་ཡིན། མཁར་རྨེའུ་བསམ་
གཏན་རྒྱལ་མཚན་མཆོག་ནས་དགོན་པའི་འདུ་འགོད་ཀྱི་སློབ་སྟོན་པ་དང་རྩོམ་སྒྲིག་འགན་ཁུར་གནང་འདུག་པས་པར་སྐྲུན་ལེགས་པར་བསྒྲུབས།

སྤྱི་ལོ་ ༢༠༠༧ ལོར་ཨ་རི་གྲོང་ཁྱེར་ནཱིའུ་ཡཱོཀ་རུ་ཡོད་པའི་རཱུ་བཱིན་འགྲེམས་སྟོན་ཁང་ (Rubin Museum of Art, New York)ཞེས་ པར་བོད་ཀྱི་བཟོ་རིག་པའི་འགྲེམས་སྟོན་ཁང་ཆེན་མོར་བོད་ཀྱི་བཟོ་རིག་ལས་སྐྲུན་ པའི་བོན་གྱི་གྲུབ་མཐའི་དཀྱིལ་འཁོར་དང་ཐང་ག་དང་སྐུ་བརྙན་བཅས་འགྲེམས་སྟོན་ གྱི་དཀར་ཆག་ཏུ་ Bon- the Magic Word: The Indigenous Religion of Tibet ཞེས་བོད་ཡིག་ཏུ་“བོད་ཀྱི་གདོད་མའི་ཆོས་ལུགས་འཕྲུལ་ངག་བོན་”ཞེས་པ་འགྲེམས་སྟོན་གྱི་བཀོད་འདོམས་པ་དང་དཀར་ཆག་གི་རྩོམ་སྒྲིག་འགན་ཁུར་ཐོག་མཁར་རྨེའུ་བསམ་གཏན་དང་ཇཱེཧྥ་ཝཱཊ་ (Jeff Watt) གཉིས་ཀྱིས་པར་དུ་འདེབས། ཡང་སྤྱི་ལོ་ ༢༠༠༨ ལོར་བལ་ཡུལ་དུ་ཡོད་པའི་དཔལ་ཁྲི་བརྟན་ནོར་བུ་རྩེའི་མཁན་པོ་བསྟན་པ་གཡུང་དྲུང་ མཆོག་གིས་དབུ་ཁྲིད་གནང་བའི་འོག་རྒྱལ་ཁབ་ཕྷཱ་རཱནྶཱིའི་ས་གནས་བཱུ་ལཱུ་ (Bulu?) ཞེས་པར་གཞིས་ཆགས་པའི་གཤེན་བསྟན་དར་རྒྱས་གླིང་དུ་རྒྱལ་སྤྱི་ཞིབ་འཇུག་པ་མི་ སྣ་སུམ་ཅུ་གདན་འདྲེན་ཞུས་སྟེ་གཡུང་དྲུང་བོན་གྱི་ལོ་རྒྱུས་དེ་གང་དུ་དར་བའི་ ཡུལ་ཁག་དེའི་རྗེས་འཇུག་མི་སྣ་དང་། དེའི་གསུང་རབ་ཀྱི་སློབ་གཉེར་སྐོར་དཔྱད་རྩོམ་སྤེལ་བ་དག་ཕྱོགས་སྒྲིག་བྱས་པ་ ཞིག་ཡིན་འདུག་པས་ཚོགས་འདུའི་བཀོད་སྒྲིག་སློབ་སྟོན་པ་དང་རྩོམ་སྒྲིག་པའི་འགན་ ཁུར་ཏེ་མཁར་རྨེའུ་བསམ་གཏན་དང་རྩོམ་སྒྲིག་ལས་རོགས་སུ་དཱོ་ནཱ་ཏཱེལླཱ་རཱོ་སཱི་ (Donatella Rossi) བཅས་ཀྱིས་སྤྱི་ལོ་ ༢༠༡༠ ལོར་ Bon: The Everlasting Religion of Tibet, Tibetan Studies in Honour of Professor David L. Snellgrove ཞེས་བོད་ཡིག་ཏུ་“དགེ་རྒན་ཆེན་མོ་བ་སྐུ་ཞབས་བདེ་གསལ་དགེ་རབ་(དཱ་ཝིཌ་ཤྀནཱེལླ་གྲཱོཝ་)ལགས་ལ་གུས་བཀུར་ཞུས་པའི་བོད་རིག་པའི་རྩོམ་དེབ། བོད་ཀྱི་གྲུབ་མཐའ་གཡུང་དྲུང་བོན་”ཞེས་པ་དཔར་དུ་འདེབས།

དུས་ཡུན་དེའི་མཚམས་སུ་ མཁས་དབང་མཁར་རྨེའུ་མཆོག་ནས་སྤྱི་ལོ་ ༡༩༩༦ ནས་ ༢༠༠༢ བར་ལོ་ངོ་དྲུག་རིང་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གྲོས་ཚོགས་ཀྱི་ཚོགས་ གཙོའི་ལས་གནས་ཡང་མང་མོས་འོས་ཤོག་གི་རྒྱལ་ཁའི་ཐོག་ནས་བསྐོས་གནང་བྱུང་བ་ལྟར་ ལྷན་ཚོགས་ཀྱི་ཚོགས་གཙོའི་འགོ་གནས་སུ་བོད་མི་ཐོག་མ་རུ་འགྱུར་དེར་སྤྱི་ལོ་ ༢༠༡༣ ལོར་སློབ་དཔོན་ཆེན་པོ་མཁས་དབང་ཚེ་རིང་ཤཱཀྱ་ཡང་ཚོགས་གཙོ་འོས་ཐོབ་བྱུང་བ་དེ་ བོད་མི་གཉིས་པ་རུ་མངོན། དེར་བོད་རིག་པའི་ཐོག་དོ་སྣང་ཅན་ནས་དུས་རྒྱུན་ནས་མཁར་རྨེའུ་མཆོག་མཁྱེན་གྱིས་ ཡོད་ཀྱང་། མཁྱེན་ལྡན་བོད་མི་མང་པོ་ཞིག་ནས་སློབ་དཔོན་ཆེན་པོ་མཁས་དབང་དགེ་བཤེས་མཁར་ རྨེའུ་བསམ་གཏན་རྒྱལ་མཚན་མཆོག་ནི་ཁོང་གིས་བོད་ཀྱི་བཙན་པོ་མཐའ་མ་འུའི་དུམ་ བརྟན་ནམ་དུན་བརྟན་ནམ་ལྷ་སྲས་དར་ཡང་ན་མ་ཡོངས་སུ་གྲགས་པའི་གླང་དར་མའི་ཐོག་ དཔྱད་རྩོམ་སྟེ་“བཙན་པོ་ལྷ་སྲས་དར་མ་དང་དེའི་རྗེས་སུ་བྱུང་བའི་རྒྱལ་རབས་མདོར་བསྡུས།” དབྱིན་སྐད་དུ་ (A Brief History of Tibet after the death of the Last Emperor, Btsan po Lha sras Dra ma) ཞེས་པ་དེ་ཉིད་གཟིགས་ནས་ཁོང་ལ་དགའ་བསུ་ཞུ་མཁན་དང་ཡང་ན་བློ་ཟུ་བོར་ཟུང་མཁན་ གཉིས་ཀྱི་ཐོག་ནས་བོད་མི་མང་དག་ཞིག་ཡོད་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་མཚན་རིག་ ཐོག་དཔྱད་རྩོམ་དང་དཔེ་དེབ་ཐོག་དེང་གཞི་ཐོ་བོའི་ངང་ནས་སྤེལ་གནང་བ་ལ་རྒྱལ་ སྤྱི་བོད་རིག་པའི་ཉམས་ཞིབ་པ་དང་མཁས་དབང་རྣམ་པས་སྤྱི་ལོ་ ༢༠༠༩ ལོར་“སློབ་དཔོན་ཆེན་མོ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་ལ་གུས་བཀུར་གྱི་བོད་རིག་པའི་རྩོམ་དེབ་”ཅེས་དབྱིན་སྐད་དུ་ Tibetan Studies in Honor of Samten Karmay ཞེས་པ་ཕྷཱརྲཱནྐཱོའཱི་སཱི་པཱོམྨཱའི་རཱེ་ (Francoise Pommaret) དང་། ཇཱེཨེན་ལཱུཀ་ཨ་ཆྷཱཌྲ་ (Jean-Luc Achard) གཉིས་ཀྱིས་དཔྱད་རྩོམ་ ༢༤ ལྡན་པའི་ཕྱག་དཔེ་དེ་ཉིད་རྩོམ་སྒྲིག་གནང་བ་ཞིག་ཨ་མདོའི་ས་མ་འབྲོག་གི་ཕྲུ་གུ་ མཁར་རྨེའུ་བསམ་གཏན་རྒྱལ་མཚན་མཆོག་ལ་རྒྱལ་སྤྱི་བོད་རིག་པའི་ཞིག་འཇུག་ཐོག་ ཞབས་འདེགས་སླ་ན་མེད་པ་གནང་བ་གུས་བསྟུད་དང་བཅས་དཔར་དུ་སྐྲུན་ནོ།

འདིར་རྩོམ་ཡིག་འདི་ནང་ མི་གསལ་བའི་མཁས་དབང་མཆོག་གི་དཔྱད་རྩོམ་ཁག་གཞན་རྣམས་ནི་མདའ་དང་ལྡེའུ་ཞེས་ པའི་པད་ཕྲེང་གསུམ་དུ་དཔར་དུ་སྐྲུན་འདུག་པའི་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་ མཁྱེན་རྒྱ་རུ།

ད་ལམ་བོད་ཀྱི་བཙན་ པོའི་ལོ་རྒྱུས་དང་བོན་གྱི་བོན་ཆོས་བྱུང་ཐོག་གསུང་རྩོམ་དང་དཔྱད་རྩོམ་ཁག་ སློབ་གཉེར་བྱས་སྐབས་སློབ་དཔོན་ཆེན་མོ་མཁས་དབང་དགེ་བཤེས་མཁར་རྨེའུ་བསམ་གཏན་ རྒྱལ་མཚན་མཆོག་གི་གསུང་རྩོམ་རྣམས་ལ་དོ་སྣང་དང་དོན་རྟོགས་བྱུང་བས་ན་གུས་པར་ ཁོང་ཉིད་ཀྱི་གསུང་རྩོམ་ཁག་བོད་མི་ཚོར་ངོ་སྤྲོད་མདོར་བསྡུས་ཤིག་གནང་འདོད་ བྱུང་བ་བརྟེན་། དེར་རྩོམ་ཡིག་འདི་བྲིས་སྐབས་མཁར་རྨེའུ་བསམ་གཏན་རྒྱལ་མཚན་མཆོག་གི་གསུང་རྩོམ་ ཁག་ནས་ཞིབ་བསྡུར་དང་འབྲེལ། མཁས་དབང་མཆོག་ཉིད་ནས་བསྐུར་གནང་བས་སློབ་འགྲིམས་དང་ལས་འགྲིམས་ལོ་རྒྱུས་གཞི་ རུ་བཟུང་ནས་ཇཱར་མཱཎ་གྱི་གྲོང་ཁྱེར་ལཱཨིཔཱ་ཛཱིཀ་སློབ་གྲྭ་ཆེན་མོ་ (University of Leipzig) སློབ་གཉེར་གྱི་ཞོར་དུ་སྤྱི་ལོ་ ༢༠༡༤ ཟླ་བ་ ༨ ཚེས་ ༡༥ ཉིན་བཟང་པོར་བྲིས་པར་དགེའོ།། །།

སློབ་དཔོན་ཆེན་པོ་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་མཆོག་གི་བོད་ཡིག་དབྱིན་ཡིག་དང་ཕཱེརཱེནྕཱི་ཡིག་བཅས་སྐད་ཡིག་གསུམ་དུ་གསུང་རྩོམ་གྱི་རེའུ་མིག

ཨང་། སྤྱི་ལོ། གསུང་རྩོམ་། ༼༡༽བརྗོད་གཞི་རྐྱང་འགྲེལ་ / ༼༢༽ཕྱོགས་བསྒྲིགས། ༼༣༽དཔྱད་རྩོམ། / ༼༤༽རྩོམ་སྒྲིག དཔར་སྐྲུན་ཁང་།

༡ ༡༩༧༢ ༼༡༽ The Treasury of Good Sayings: A Tibetan History of Bon (བོད་ཀྱི་བོན་གྱི་ལོ་རྒྱུས་ལེགས་བཤད་མཛོད།) University of Oxford Press, London ཤོག་གྲངས་ 365

༢ ༡༩༧༧ ༼༡༽ A Catalogue of Bonpo Publication (དཔར་སྐྲུན་བྱས་པའི་བོན་གྱི་ཕྱག་དཔེའི་འགའ་ཡི་དཀར་ཆག) Toyo Bunko, Tokyo
ཤོག་གྲངས་ 191

༣ ༡༩༨༦ བཙན་པོ་ལྷ་སྲས་དར་མ་དང་དེའི་རྗེས་སུ་བྱུང་བའི་རྒྱལ་རབས་མདོར་བསྡུས། (A Brief History of Tibet after the death of the Last Emperor, Btsan po Lha sras Dra ma) Library of Tibetan Works & Archives, Dharamsala
ཤོག་གྲངས་ 56

༤ ༡༩༨༧ ༼༣༽ La place du rang dans la maison sharwa, Amdo (ཨ་མདོ་ཤར་ཁོག་གི་ཁྱིམ་གཞིས་སུ་ཡུལ་མིའི་གོ་གནས་སྒྲིག་རིམ།) Editions CNRS, ཤོག་གྲངས་ 229-260

༥ ༡༩༨༨ ༼༣༽ Le Cerf à la vaste ramur (ཤ་བ་རུ་རྒྱས།) Peeters Louvain, Paris ཤོག་གྲངས་ 119-146

༦ ༡༩༨༨ ༼༢༠༠༧༽ ༼༡༽ The Great Perfection: A Meditative Teaching of Tibetan Buddhism (བོད་ཀྱི་སངས་རྒྱས་ཆོས་ལུགས་སུ་ཡོད་པའི་རྫོགས་པ་ཆེན་པོའི་ལྟ་བའི་སྐོར།) Brill, Leiden ཤོག་གྲངས་ 257

༧ ༡༩༨༨ ༼༡༽ Secret Visions of the Fifth Dalai Lama་ (རྒྱལ་དབང་ལྔ་བའི་དག་སྣང་།) Serindia, London ཤོག་གྲངས་142

༨ ༡༩༨༩ ༼༣༽ Vairocana and the Rgyud-bzhi: Tibetan Medicine, a Publication for the Study of Tibetan Medicine (བོད་ཀྱི་གསོ་བ་རིག་པའི་སློབ་གཉེར་ཐོག་དཔེ་སྐྲུན་ལྡན་པའི་དེབ་ཐེར་ཝེ་རོ་ཙ་ཎ་དང་རྒྱུད་བཞི།) Library of Tibetan Works & Archives, Dharamsala ཤོག་གྲངས་

༩ ༡༩༩༡ ༼༡༽ Secret Visions of the Fifth Dalai Lama: The Gold Manuscript in the Fournier Collection Musée Guimet (གཱུཡཱི་མཱིཊ་འགྲེམས་སྟོན་ཁང་དུ་ཕཱོར་ནཱི་ཡར་གྱིས་ཕྱོགས་བསྡུས་གནང་བའི་༸རྒྱལ་དབང་ལྔ་པའི་གསང་བའི་རྣམ་ཐར་གསེར་གྱི་བྲིས་མ།) Serindia Publications, Paris ཤོག་གྲངས་ 160

༡༠ ༡༩༩༧ ༼༢༠༠༩༽ ༼༢༽ The Arrow and the Spindle: Studies in History, Myths,
Rituals and Beliefs in Tibet (བོད་ཀྱི་ལོ་རྒྱུས། གཏམ་རྒྱུད། ཆོ་ག་དང་། ཡིད་ཆེས་ཁག་ལ་སློབ་གཉེར་གནང་བའི་མདའ་དང་འཕང་།) པོད་ཕྲེང་དང་པོ། Vol. I Mandala Publ., Kathmandu ཤོག་གྲངས་ 603

༡༡ ༡༩༩༧ ༼༤༽ Les habitants du toi du monde འཛམ་གླིང་གི་ཐོག་ཕིབ་ཏུ་གནས་པའི་ཡུལ་མི། (edited by Samten Karmay and Philippe Sagant) Société d’ethnologie, Nanterre ཤོག་གྲངས་ 747

༡༡ ༡༩༩༨ ༼༡༽ Les Neuf Forces de l’Homme, Récits des confins du Tibet (བོད་ཀྱི་མཐའ་མཚམས་སུ་གནས་པའི་ཕོ་རྩལ་སྣ་དགུའི་རབས།) Société d’ethnologie, Nanterre ཤོག་གྲངས་ 301

༡༢ ༡༩༩༩ ༼༡༽ The Little Luminous Boy (ཞང་ཞུང་ཡུལ་གྱི་ཁ་རྒྱུན་ལོ་རྒྱུས་ཀྱི་འོད་ཀྱི་ཁྱེའུ་ཆུང་།) Orchid Press, ཤོག་གྲངས་ 120

༡༣ ༢༠༠༠ ༼༤༽ New Horizons in Bon Studies བོན་གྱི་སློབ་གཉེར་གྱི་གནམ་སའི་མཐའ་མཚམས་གསར་པ། (edited by Samten Karmay and Yasuhiko Nagano) Nat. Museum of Ethnology, Osaka ཤོག་གྲངས་ 738
༡༤ ༢༠༠༡ ༼༤༽ A Catalogue of the New Collection of Bonpo Katen Texts བོན་པོ་བཀའ་བརྟེན་གྱི་དཀར་ཆག་གསར་སྒྲིག
(edited by Samten Karmay and Yasuhiko Nagano) N.M. of Ethnology, Osaka ཤོག་གྲངས་ 1,692

༡༥ ༢༠༠༢ ༼༤༽ The Call of the Blue: An anthology of Nine Bonpo Texts on Myths and Rituals (བོན་གྱི་ཆོ་ག་དང་། དད་སྲོལ་སྐོར་ཕྱག་དཔེ་ཕྱོགས་སྒྲིག་ཁུ་བྱུག་སྔོན་མོའི་གསུང་སྙན།) (edited by Samten Karmay and Yasuhiko Nagano) Nat. Museum of Ethnology, Osaka ཤོག་གྲངས་ 247

༡༦ ༢༠༠༣ ༼༤༽ A Survey of Bonpo Monasteries and Temples in Tibet and the Himalaya བོད་དང་རི་བོ་གངས་ཅན་རྒྱུད་ཀྱི་བོན་གྱི་དགོན་པ་དང་ལྷ་ཁང་རྣམས་ཀྱི་རྟོག་ཞིབ་རྒྱས་པ། (edited by Samten Karmay and Yasuhiko Nagano) Nat. Museum of Ethnology, Osaka ཤོག་གྲངས་ 881

༡༦ ༢༠༠༣ ༼༡༽ The Diamond Isle: A Catalogue Buddhist Writings in the Library of Ogyen Choling, Bhutan
(རྡོ་རྗེ་གླིང་། འབྲུག་ཨོ་རྒྱན་ཆོས་གླིང་གི་དཔེ་མཛོད་ཁང་དུ་ཡོད་པའི་སངས་རྒྱས་ཆོས་ལུགས་ཀྱི་དཔེ་ཆའི་དཀར་ཆག) University of Vienna, Vienna ཤོག་གྲངས་ 265

༡༧ ༢༠༠༥ ༼༢༽ The Arrow and the Spindle: Studies in History, Myths, Rituals and Beliefs in Tibet
(བོད་ཀྱི་ལོ་རྒྱུས། གཏམ་རྒྱུད། ཆོ་ག་དང་། ཡིད་ཆེས་ཁག་ལ་སློབ་གཉེར་གནང་བའི་མདའ་དང་འཕང་།) པོད་ཕྲེང་གཉིས་པ། Vol. II Mandala Publ., Kathmandu
ཤོག་གྲངས་ 237

༡༨ ༢༠༠༥ ༼༢༽ Feast of the Morning Light: the Eighteenth Century Wood Engravings of Life Stories of Shenrab and Bon Canon from Gyalrong (རྒྱལ་ རོང་དུ་དུས་རབས་བཅོ་བརྒྱད་པའི་ནང་བསྒྲུབས་པའི་སྟོན་པ་གཤེན་རབ་མི་བོའི་བཀའ་ དང་བཀའ་བརྟེན་དང་སྟོན་པའི་མཛད་རྣམ་བཅས་ཀྱི་ཤིང་པར་གྱི་འགྲེལ་བཤད་སྣང་བའི་ དགའ་སྟོན།) National Museum of Ethnology, Osaka ཤོག་གྲངས་ 284

༡༩ ༢༠༠༧ ༼༤༽ Bon- the Magic Word: The Indigenous Religion of Tibet བོད་ཀྱི་གདོད་མའི་ཆོས་ལུགས་འཕྲུལ་ངག་བོན། (edited by Samten Karmay and Jeff Watt) Philip Wilson Publishers, London ཤོག་གྲངས་ 231
༢༠༠༩ Tibetan Studies in Honor of Samten Karmay

སློབ་དཔོན་ཆེན་མོ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་ལ་གུས་བཀུར་གྱི་བོད་རིག་པའི་རྩོམ་དེབ།
(edited by Francoise Pommaret and Jean-Luc Achard) Amnye Machen Institute, Dharamsala ཤོག་གྲངས་ 532

༢༠ ༢༠༡༠ ༼༤༽ Bon-The Everlasting Religion of Tibet: Tibetan Studies in Honour of Professor David L. Snellgrove དགེ་རྒན་ཆེན་མོ་བ་སྐུ་ཞབས་བདེ་གསལ་དགེ་རབ་(དཱ་ཝིཌ་ཤྀནཱེལླ་གྲཱོཝ་) ལགས་ལ་གུས་བཀུར་ཞུས་པའི་བོད་རིག་པའི་རྩོམ་དེབ་ བོད་ཀྱི་གྲུབ་མཐའ་གཡུང་དྲུང་བོན།
(edited by Samten Karmay and Donatella Rossi) Vol.59, East and West, IsIAO, Nos. 1-4, ཤོག་གྲངས་ 409

༢༡ ༢༠༡༤ ༼༢༽ The Arrow and the Spindle: Studies in History, Myths, Rituals and Beliefs in Tibet
(བོད་ཀྱི་ལོ་རྒྱུས། གཏམ་རྒྱུད། ཆོ་ག་དང་། ཡིད་ཆེས་ཁག་ལ་སློབ་གཉེར་གནང་བའི་མདའ་དང་འཕང་།) པོད་ཕྲེང་གསུམ་པ། Vol. III Mandala Publ., Kathmandu
ཤོག་གྲངས་ 218

༢༢ ༢༠༡༤ ༼༢༽ The Illusive Play: The Autobiography of the Fifth Dalai Lama ༸རྒྱལ་དབང་ལྔ་པའི་རང་རྣམ་འཁྲུལ་བའི་རོལ་རྩེད། པོ་ཏི་དང་པོ་དབྱིན་འགྱུར་མ། University of Chicago Press, Chicago ཤོག་གྲངས་ 585

དཔྱད་གཞིའི་ཡིག་ཆ་ཁག
༡༽ སློབ་དཔོན་ཆེན་པོ་མཁས་དབང་དགེ་བཤེས་བསམ་གཏན་རྒྱལ་མཚན་གྱིས་སྤྱི་ལོ་༢༠༠༤ བརྩམས་པའི་“ཞིབ་འཇུག་མཁས་ཆེན་མཁར་རྨེའུ་བསམ་གཏན་རྒྱལ་མཚན་མཆོག་གི་གཏམ”(མ་ཡིག་བོད་ཡིག་ཏུ་ཡོད་པའི་ཆེད་རྩོམ་འདི་དྲྭ་ཚིག་ཁ་བྱང་འདིར་གཟིགས་རོགས། http://old.himalayabon.com/article/character/researchers/20100705127.html).

༢༽ སློབ་དཔོན་ཆེན་པོ་མཁས་དབང་དཱ་ཝིཌ་ཤྀནཱེལླ་གྲཱོཝ་(David Snellgrove)ཡིས་སྤྱི་ལོ་༢༠༠༨་བརྩམས་པའི་“བསམ་གཏན་རྒྱལ་མཚན་ཇི་ལྟར་ཡཱུ་རཱོབ་གླིང་ཕྲན་དུ་ཕེབས་ཚུལ་” (How Samten Gyatsen came to Europe; མ་ཡིག་དབྱིན་ཡིག་ཏུ་ཡོད་པའི་འདིར་གཟིགས་རོགས།http://himalaya.socanth.cam.ac.uk/collections/journals/ret/pdf/ret_14_01.pdf).

༣༽མཁས་དབང་ཕཱ་རྲཱནྐཱོའི་སཱེ་པཱོམྨཱའི་རཱེཊ་(Francoise Pommaret)ཡིས་སྤྱི་ལོ་༢༠༠༨་བརྩམས་པའི་“གུང་མཐོ་བོར་མཚན་རྗེས་སུ་བཟུང་བ་” (Holding the Name High; མ་ཡིག་དབྱིན་ཡིག་ཏུ་ཡོད་པའི་འདིར་གཟིགས་རོགས།
http://himalaya.socanth.cam.ac.uk/collections/journals/ret/pdf/ret_14_preface.pdf).

 

རྩོམ་པ་པོ། བློ་བཟང་བསྟན་པ།

ཁ་བརྡ་དྲ་ཚིགས་ལས་དྲངས།