གཡུང་དྲུང་བོན་གྱི་དྲྭ་རྒྱ།

ཐོ་རངས་སྐར་ཆེན་ཞེས་པའི་ལོ་དེབ།

mmexport1413653396715༢༠༡༤ལོའི་ཟླ་བ་༡༠ཚེས་༡༨ཉིན་ཞོགས་པར་སྦྲ་ཆེན་རྫོང་སློབ་འབྲིང་གི་ཐེངས་བཞི་པའི་རིག་དེབ་འགྲེམས་སྟོན་དང་རྐང་འཛིན་རྩོམ་པ་པོར་བྱ་དགའི་མཛད་སྒོ་ཟབ་རྒྱས་ངང་འཚོགས་ཤིང་ཐེངས་འདིའི་མཛད་སྒོའི་ཐོག་སྦྲ་ཆེན་རྫོང་སློབ་གསོའི་དབུ་འཛིན་པདྨ་དབང་འདུས་མཆོག་གཙོས་པའི་འབྲེལ་ཡོད་སློབ་གསོའི་དོ་དམ་མི་སྣ་དང་རྫོང་སློབ་འབྲིང་གི་དབུ་ཁྲིད་སོགས་ཀྱིས་རིག་དེབ་ཁྲོད་ཀྱི་རྐང་འཛིན་རྩོམ་པ་པོ་རྣམས་ལ་བྱ་དགའི་གཟེངས་རྟག་ཕུལ་བ་དང་འབྲེལ་སླད་རྩོམ་འབྲིའི་ལམ་ཁར་སྙེགས་ཏེ་སྤྱི་ཚོགས་ཁྱོན་ཡོངས་ལ་ལེགས་སྐྱེས་འབུལ་ཐུབ་པའི་མི་སྣ་ཞིག་བྱེད་རྒྱུར་རེ་བ་ནན་པོ་བཅོལ་སོང་།  རིག་དེབ་འདི་ཉིད་༢༠༡༠ལོ་ནས་འགོ་གཙུགས་ཏེ་འདོན་སྤེལ་བྱས་ཤིང་ད་བར་ཁྱོན་དེབ་ཕྲེང་བཞི་དཔར་འདེབས་བྱས་ཏེ་འགྲེམས་སྤེལ་བྱས་པ་དང་འདི་ཁྲོད་ཀྱི་རྩོམ་འབྲི་བ་བརྒྱ་ཆ་བདུན་ཅུ་རྫོང་དེའི་སློབ་འབྲིང་སློབ་མ་ཤ་སྟག་ཡིན་ཞིང་ཁོང་ཚོའི་རྩོམ་ཡིག་ཁྲོད་རིགས་ཞེན་གྱི་མཆོད་སེམས་དང་སློབ་གསོར་བཅངས་བའི་བརྩེ་དུང་མདུན་ལམ་ལ་དམིགས་པའི་རེ་བ་སོགས་བརྗོད་བྱ་ཅི་རིགས་འཆིས་པའི་བརྩམས་ཆོས་ཡིན་རྐྱེན་ཚིག་གི་མཛེས་ཉམས་དང་ཡིག་འབྲུ་མང་ཉུང་ཙམ་ལ་མ་བལྟོས་པར་མེ་ཏོག་ཆུང་ཡང་ལྷ་རྫས་ཟེར་བ་བཞིན་ཡིན་པར་སེམས།  རྩོམ་སྒྲིག་འགན་འཁུར་བ་གཟི་མིག་དགུ་པས། ༢༠༡༤ལོའི་ཟླ་༡༠ཚེས་༡༨ཉིན་སྤེལ།
ཨ་ཀྲོང་རིན་རྒྱལ་ནས་མཐུན་འགྱུར་གནང་།