རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་སྐལ་བཟང་ནོར་བུ།

IMG_3109རྒྱལ་སྤྱིའི་བོད་རིག་པ་གཞོན་ནུ་གྲོས་ཚོགས་ཀྱི་ཚོགས་གཙོ་དང་འཇར་མེན་Bonnམཐོ་སློབ་ཀྱི་དགེ་རྒན་བོད་རིག་པའི་ན་གཞོན་མཁས་པ་སྐལ་བཟང་ནོར་བུ་Kalsang  Norbu Gurungལགས་ཀྱི་མཚམས་སྦྱོར་གནད་བསྡུས། ཁོང་ནི་ཡུལ་གློ་བོའི་མངའ་ཁོངས་ས་གནས་རྫོང་གསར་པར་བོན་དགོན་གཡུང་དྲུང་ཀུན་གྲགས་གླིང་བླ་བྲང་གི་ནང་མིར་སྐུ་འཁྲུངས།  ཆུང་བྱིས་པའི་དུས་ནས་རྒྱ་གར་ཧི་མཱ་ཅཱལ་གི་མངའ་ཁོངས་ས་གནས་བོན་གཞིས་ཌོ་ལན་ཇིའི་ཉིན་སློབ་དུ་འཛིན་གྲྭ་བརྒྱད་པ་ཐོན་རྗེས་ཝཱ་རཱ་ཎ་སི་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་གཡུང་དྲུང་བོན་གྱི་སྡེ་ཚན་ནང་སློབ་སྦྱོང་གནང་ནས་ཕྱི་ལོ་༡༩༩༩་ལོར་ཨཱ་ཅཱརྱ་སློབ་མཐར་ཕྱིན།  དེ་རྗེས་སླར་ཡང་གདན་ས་སྨན་རིའི་བཤད་གྲྭར་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་སོགས་ལ་ཐོས་བསམ་འབད་བརྩོན་ལོ་མང་གནང་།  དེ་རྗེས་ནུབ་ཕྱོགས་ཡུ་རོབ་གྱི་རྒྱལ་ཁབ་ཧོ་ལེན་དུ་འབྱོར་ནས་ལཱའི་ཌེན་མཐོ་སློབ་ཏུ་ལོ་མང་རིང་ཞིབ་འཇུག་སློབ་གཉེར་གནང་བས་ཕྱི་ལོ་༢༠༡༡ ལོར་འབུམ་རམས་པའི་སློབ་སྦྱོང་མཐར་ཕྱིན། ཕྱི་ལོ་༢༠༡༡ ནས་ད་བར་འཇར་མན་གྱི་རྒྱལ་ས་རྙིང་པ་སྦོན་ཞེས་པར་སྦོན་མཐོ་སློབ་ཏུ་དགེ་རྒན་དང་ཞིབ་འཇུག་གི་ཕྱག་ལས་གནང་བཞིན་ཡོད་པ་མ་ཟད། ཕྱི་ལོ་༢༠༡༢ ནས་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་ཀྱི་ཚོགས་གཙོའི་ལས་འཁུར་གནང་བཞིན་པ་བཅས་ཁོང་གི་ངོ་སྤྲོད་མདོར་བསྡུས།

ཁོང་གི་ལོ་རྒྱུས་རྒྱས་པར་གཟིགས་ན་འདི་ལ་མནོན་རོགས་ཞུ།

1,351 total views, 1 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།