གཡུང་དྲུང་བོན་གྱི་དྲྭ་རྒྱ།

ངག་དབང་རྒྱ་མཚོ་ལགས་ལ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་གཟེངས་རྟགས་ཐོབ་པ།

ད་ལོའི་ཀྲུང་གོའིངག་དབང་རྒྱ་མཚོ་་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་གཟེངས་རྟགས་ཐོབ་ མཁན་གྱི་གྲས་སུ་ལན་གྲུ་སློབ་ཆེན་མི་རིགས་རིག་པ་ཞིབ་འཇུག་གླིང་གི་དགེ་རྒན་ ཆེན་མོ་གཞོན་པ་ངག་དབང་རྒྱ་མཚོ་ལགས་བདམས་ཐོན་བྱུང་ཡོད་ཅིང་། ཁོང་གི་དཔྱད་རྩོམ  《  བོན་པོའི་ལེ་གུ༼ལེའུ༽ཞེས་པའི་མིང་གི་བྱུང་ཁུངས་ཀྱི་མཐའ་དཔྱོད》  ཅེས་པར་བོད་ཡིག་གི་རིག་གཞུང་དཔྱད་རྩོམ་གྱི་བྱ་དགའ་ཨང་དང་པོ་ཐོབ། འདིའི་ཡར་སྔོན་ལ་བྱ་དགའི་རྣམ་གྲངས་འདི་སྟོང་པར་ལུས་ཡོད། ཁོང་གི་འབུམ་རམས་པའི་དཔྱད་རྩོམ  《  འབྲུག་དཀར་གཙང་བོའི་སྟོད་རྒྱུད་ཀྱི་བོན་ཆོས་ཞིབ་འཇུག》ལའང་ད་ལོའི་སི་ཁྲོན་ ཞིང་ཆེན་གྱི་འབུམ་རམས་པའི་ཕུལ་བྱུང་དཔྱད་རྩོམ་གྱི་བྱ་དགའ་ཐོབ།
2014ལོའི་ཟླ6པའི་ཚེས16ཉིན། རྒྱལ་ཁབ་ཀྱི་ཙུང་ལི་ལིས་ཁི་ཆང་ ལགས་ཀྱིས་དབྱིན་ཇིའི་ཉིའུ་ཅིན་སློབ་ཆེན་པོ་ཏི་ལིན་དཔེ་མཛོད་ཁང་ལ་ལེགས་ སྐྱེས་སུ་གནང་བ་ནི་འབྲུག་ཐར་དང་། ངག་དབང་རྒྱ་མཚོ། རྡོ་རྗེ་ཚེ་རིང་བཅས་ཀྱིས་གཙོ་སྒྲིག་བྱས་པའི་དེབ  《  ཀན་སུའུ་དང་མཚོ་སྔོན་སི་ཁྲོན་གྱི་དམངས་ཁྲོད་བོད་ཡིག་བོན་ཆོས་ཡིག་རྙིང》  ཞེས་པ་དེ་ཡིན།
བོན་ཆོས་ཞིབ་འཇུག་མཁན་ངག་དབང་རྒྱ་མཚོ་ལགས་ཀྱིས་བཤད་རྒྱུར། རང་ས་རང་ཡུལ་ནས་བྱུང་བའི་བོན་ཆོས་ཀྱིས་བོད་ཀྱི་རིག་གནས་དང་ནང་སྒོས་སུ་དམངས་ སྲོལ་ལ་ཤུགས་རྐྱེན་ཆེར་ཐེབས་ཡོད། བོན་ཆོས་ཀྱིས་བོད་ཀྱི་བསམ་པའི་རིག་གནས་དང་དངོས་པོའི་རིག་གནས། དམངས་ཁྲོད་ཀྱི་འཛེམ་བྱའི་རིག་གནས་ཐམས་ཅད་ལ་ཚད་མི་འདྲ་བའི་སྒོ་ནས་ཤུགས་ རྐྱེན་ཐེབས་ཡོད་པས། དམངས་སྲོལ་གྱིས་ཆོས་ལུགས་ཉམས་པར་བྱས་པའི་ལྟ་ཚུལ་ལྟར། བོན་ཆོས་ཀྱང་རང་རྐྱར་གནས་པའི་རིག་གནས་ཀྱི་སྣང་ཚུལ་ཞིག་མ་ཡིན་པར། དེའི་འཕེལ་རྒྱས་ལ་མི་རིགས་གཞན་པའི་རིག་གནས་ཀྱི་ཤུགས་རྐྱེན་ཡང་ཐེབས་ཡོད་པ་ རེད།
དམངས་ཁྲོད་དུ་དར་བའི་བོན་ཆོས་ཞིབ་འཇུག་ནི་བོད་ཀྱི་རིག་གནས་ཀྱི་རྩ་བར་ཞིབ་འཇུག་བྱེད་ཆེད་ཡིན་ལ། དམངས་ཁྲོད་ཀྱི་བོན་ཆོས་ལ་སངས་རྒྱས་ཆོས་ལུགས་ཀྱིས་ཤན་ཐེབས་ཡོད་མོད། དེའི་ནང་ནས་རིན་ཐང་ལྡན་པའི་རིག་གནས་མང་པོ་རྙེད་ཐུབ་པ་ལས་གཞན་བོན་ཆོས་ཀྱི་ ངོ་བོ་ཡང་རྟོགས་ཐུབ། མིག་སྔར་རིག་གཞུང་ཞིབ་འཇུག་གི་སྡེ་རུ་བོན་ཆོས་ནི་སངས་རྒྱས་ཆོས་ལུགས་ཀྱི་འདྲ་བཟོས་ལྟ་བུ་དང་། བོན་དཀར་ནག་ཐ་ན་བོན་ཆོས་ལ་ཆོས་ལུགས་ནག་པོ་ཞེས་པའི་ལྟ་ཚུལ་མ་དག་པ་བརྗོད་ཡོད་ ལ། ང་ཚོས་དམངས་ཁྲོད་ཀྱི་བོན་ཆོས་ལ་བརྟག་དཔྱད་དང་། འཚོལ་སྡུད་བྱས་པའི་རྒྱུ་ཆ་ལེགས་སྒྲིག་བྱས་པར་བརྟེན་ཚན་རིག་གི་སྡོམ་ཚིག་བཞག་ ཡོད་ལ། བོན་ཆོས་ལ་གོ་བ་ལོག་པ་བླངས་པའི་རྒྱུ་རྐྱེན། དེ་ནས་དེའི་ལོ་རྒྱུས་ཀྱི་དོན་དངོས་དང་རིག་གཞུང་ཞིབ་འཇུག་གི་དམིགས་ཡུལ་བཅས་གསལ་བོ་བསྟན་ཡོད།
བོན་གྱི་དམངས་ཁྲོད་ཆོ་ག་སྤེལ་མཁན་ནི་གདོད་མའི་བོན་ཆོས་ཀྱི་འགྱུར་རྡོ་གསོན་པོ་ལྟ་བུ་ཡིན་ལ། དེ་ནི་བོད་ཀྱི་སྤྱི་ཚོགས་ཐོན་སྐྱེད་དང་། སྲོལ་རྒྱུན་གྱི་གོམས་གཤིས། སྤང་བླང་གི་རྣམ་གཞག་ཏུ་སིམ་པར་བྱས་ཡོད་པས། འདི་ལ་ཞིབ་འཇུག་མ་བྱས་ན་བོན་ཆོས་ཆ་ཚང་ལ་ཞིབ་འཇུག་བྱེད་མི་ཐུབ་པ་དང་། ཐ་ན་བོད་ཀྱི་རིག་གནས་ལ་ཡང་ཞིབ་འཇུག་ལེགས་པོ་བྱ་མི་ཐུབ། མིག་སྔར་བོན་ཆོས་ཀྱི་ཞིབ་འཇུག་ལ་སྟོང་བའི་ཆ་མང་རྐྱེན། དམངས་ཁྲོད་བོན་ཆོས་ཞིབ་འཇུག་ནས་མགོ་བརྩམས་ཏེ་བོན་ཆོས་ལ་ཞིབ་འཇུག་བྱ་རྒྱུ་ ནི་བོད་རིག་པའི་ཞིབ་འཇུག་གི་འཕེལ་ཕྱོགས་སུ་གྱུར་འདུག་ཅེས་བརྗོད་འདུག
《  བོན་པོའི་ལེ་གུ༼ལེའུ༽ཞེས་པའི་མིང་གི་བྱུང་ཁུངས་ཀྱི་མཐའ་དཔྱོད》  ཅེས་པའི་ཞིབ་འཇུག་ནི2004ལོར་མགོ་བརྩམས་ཏེ2005ལོར་འགྲུབ་པ་ཡིན་ལ། 2008ལོར་ཚན་པ་ཁ་ཤས་དུས་དེབ་ཏུ་བཀོད་པས་ཀུན་གྱིས་གདེང་འཇོག་ཐོབ། 2010ལོར་ཇོ་མོ་གླང་མའི་གཟེངས་རྟགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ་ཅིང་། ལོ་དེའི་སྤྱི་ཟླ6ཚེས2ཉིན་ཉི་འོད་ཉིན་རེར་ཚགས་པར་གྱིས་གསར་འགྱུར་དུ་བཀོད་ཅིང་། རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་མཐུན་ཚོགས་ཀྱི་མགོ་བCharlesA.E.Rambleཡིས་ བོད་ཡིག་ཏུ་བསྒྱུར། 2011ལོར་ཡང་བསྐྱར་པར་སྐྲུན་བྱས་ལ། 2014 ལོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་གཟེངས་རྟགས་ཐོབ།
ངག་དབང་རྒྱ་མཚོ་ལགས་ཀྱིས་ལོ་ངོ་འདི་གའི་རིང་ལ་བོད་རྒྱ་ཡིག་རིགས་གཉིས་ཀྱིས་ རྩོམ་མང་པོ་སྤེལ་ཅིང་། ཆེད་རྩོམ་དེབ2དང་། སྒྲིག་རྩོམ་དེབ2 དཔྱད་རྩོམ30ལྷག དེའི་ནང་དུས་དེབ་གཙོ་གྲས་སུ་བཀོད་པའི་དཔྱད་རྩོམ15 མ་ཟད་འཇར་མན་པོ་ལིན་སློབ་ཆེན་དང་། ཐའེ་པེ། ཤང་ཀང་སོགས་ས་ཆར་རིག་གཞུང་ཚོགས་འདུར་ཞུགས་པ་དང་། ལས་གཞི་གལ་ཆེན7གྱི་འགན་འཁུར་ཡོད་པ་རེད།