གཡུང་དྲུང་བོན་གྱི་དྲྭ་རྒྱ།

རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་ཆའར་སི་རམ་བྷོ།

hiརྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཟུར་བ་སྟེ་དབྱིན་ཇི་རྒྱལ་ཁབ་ཀྱི་ཨོ་ཁི་སི་ཧྥོར་རྡི་སློབ་གྲྭ་ཆེན་མོའི་སློབ་དཔོན་Charles Albert Edward Rambleཆའར་སི་རམ་བྷོ་༼ གཡུང་དྲུང་ཚེ་དབང་ ༽གི་མཚམས་སྦྱོར་གནད་བསྡུས།
Charles Albert Edward Rambleཆའར་སི་རམ་བྷོ་ལགས་ནི་རྒྱལ་སྤྱིའི་མིང་དུ་གྲགས་པའི་མིའི་རིགས་རིག་པ་བ་དང་བོད་རིག་པའི་ཞིབ་འཇུག་པ་ཡིན་ལ། ད་ལྟ་དབྱིན་ཇིའི་ཨོ་ཁེ་སི་ཧྥོ་སྒྲི་སློབ་ཆེན་གྱི་ཤར་ཕྱོགས་ཞིབ་འཇུག་ཁང་དུ་བོད་དང་ཧི་མ་ལ་ཡའི་མིའི་རིགས་རིག་པ་ཞེས་པའི་སློབ་ཁྲིད་གནང་བཞིན་ཡོད། ཁོང་གི་ཞིབ་འཇུག་གི་ཁ་ཕྱོགས་ནི་ཧི་མ་ལ་ཡའི་དམངས་ཀྱི་སྤྱི་ཚོགས་དང་ཆོས་ལུགས། བོན་ཆོས། མཇལ་སྐོར། གནས་འགངས་ཆེན་གྱི་ས་རྒྱུས་ཞིབ་འཇུག་བཅས་ཡིན། ༢༠༠༦ལོར་ཁོ་རང་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་གཙོ་འཛིན་དུ་བདམས་པ་ཡིན།

དགེ་རྒན་ཆེན་མོ་རམ་བྷོ་ལགས་ཀྱིས་ནེ་པ་ལཱ་དང་བོད་ནས་ལོ་ངོ་བཅོ་ལྔ་ལྷག་བསྐྱལ་མྱོང་ལ། ཁོང་ལ་བརྩམས་ཆོས་དེབ་གསུམ་ཡོད་དེ། ༢༠༠༨ལོར་པར་དུ་བསྐྲུན་པའི《ནེ་པ་ལཱའི་བོད་བརྒྱུད་ནང་བསྟན་དང་དམངས་ཀྱི་ཆོས་ལུགས》དང་། 《སྨོན་ཚང་གི་སྤྱི་ཚོགས་ལོ་རྒྱུས་དང་འབྲེལ་བའི་བོད་ཀྱི་ཡིག་ཆ》ཡི་དེབ་ཕྲེང་། ༢༠༠༥ལོར་པར་དུ་བསྐྲུན་པའི《བོར་ཟིན་པའི་བོན་གྱི་རྒྱལ་རབས་འཚོལ་བ》བཅས་ཡིན་ལ། དེ་མིན་དུས་དེབ་ཀྱི་སྟེང་དུ་བཀོད་ཟིན་པའི་དཔྱད་རྩོམ ༤༤ ལྷག་ཡོད་པ་དང་དེ་དག་ནི་གཙོ་བོ་བོན་གྱི་ཆོ་གའི་སྐོར་དང་། ནེ་པ་ལཱའི་སྨོན་ཚང་གི་ཡིག་ཆའི་སྐོར་དང་། ལོ་རྒྱུས། མི་རིགས། ཁྱིམ་ཚང་སོགས། དེ་མིན་བོད་དང་བལ་བོའི་བོན་པོའི་མཇལ་སྐོར། བོད་ཀྱི་རྒྱལ་རྒྱུད། ཧི་མ་ལ་ཡའི་ས་ཁུལ་གྱི་བོན་དགོན། ཧི་མ་ལ་ཡའི་བོད་ཀྱི་ས་ཁུལ་དང་རང་ཉིད་ངོས་འཛིན། བོད་ལྗོངས་ཀྱི་ཕྱུགས་ལས་གནད་དོན། ནེ་པ་ལཱ་ཁ་དགུ་སྦེ་ནེ་སྡེ་བའི་ལོ་རྒྱུས་དང་ས་རྒྱུས། སྡེ་བའི་ཁྱིམ་ཚང་གི་ཆགས་ཚུལ་དང་གྲལ་རིམ་གྱི་དབྱེ་བ། ནེ་པ་ལཱའི་ཀླུ་བྲག་བོན་དགོན་གྱི་དུས་ཆེན་དང་རྩེད་མོ། དཔལ་འབྱོར་གྱི་སྒྲིག་གཞི། བོན་དང་བོད་ཀྱི་སྲོལ་རྒྱུན་གྱི་ས་ཁོངས། བལ་བོའི་ས་མཚམས་ཀྱི་ནང་བ་སོགས་བྲིས་ཡོད། དེ་ལས་གཞན། ཁོང་གིས《ཚད་ལྡན་གྱི་བོད་ཡིག་ལག་ཁྱེར》ཞེས་པའི་དེབ་གཅིག་ལོ་ཙྭ་བྱས་ཡོད་པ་དང་། ཧི་མ་ལ་ཡའི་མཐའ་འཁོར་གྱི་རིག་གནས་དང་ཁོར་ཡུག་ལ་འབྲེལ་བའི་དེབ་བཞི་རྩོམ་སྒྲིག་བྱས་ཡོད།

ཧི་བོན་དྲ་བ་ལས་དྲངས།