གཡུང་དྲུང་བོན་གྱི་དྲྭ་རྒྱ།

དཔལ་གཤེན་བསྟན་སྨན་རིའི་གླིང་གི་ལོ་འཁོར་ཡིག་ཚད་ཆེན་མོ་ལེགས་གྲུབ་བྱུང་བ།

IMG_0022འབྱུང་ལྡན་༣༠༡ཕྱི་ལོ་༢༠༡༤བོད་ཤིང་རྟ་ལོ་ཡི་བོད་ཟླ་ལྔ་པའི་བོད་ཚེས་༣༠་དང་བོད་ཟླ་དྲུག་པའི་ཚེས་༠༡ཉིན་ལོ་ཕྱེད་ཡིག་རྒྱུགས་དང།ཕྱི་ལོ་༢༠༡༥་བོད་ཤིང་རྟ་ལོའི་བོད་ཟླ་བཅུ་གཅིག་པའི་ཚེས་༡༧་དང་༡༨་གཉིས་ལ་ལོ་འཁོར་ཡིག་རྒྱུགས་བཅས་བཤད་སྒྲུབ་སློབ་གཉེར་རྣམས་ལ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བཏང་བའི་ཁོངས་ནས་རྒྱུགས་འབྲས་རྩེ་ཕུད་ཨང་ཐོབ་ཁག་གཤམ་གསལ།

ཨང་།

མཚན་གཞུང་།

ལོ་རིམ།

ཨང་ཐོབ།

༡༽

ནམ་མཁའ་རྒྱལ་མཚན།

མཛོད་གོང་མ།

༢༠༠

༢༽

ངག་དབང་ཤེས་རབ།

ཕར་ཕྱིན།

༢༠༠

༣༽

དགེ་ལེགས་ཉི་མ།

ཕར་ཕྱིན།

༢༠༠

༤༽

རིན་ཆེན་བློ་གྲོས།

གྲུབ་མཐའ།

༢༠༠

གནས་རིམ་དང་པོ།

གནས་རིམ་གཉིས་པ།

ཨང་།

མཚན་གཞུང་། ལོ་རིམ། ཨང་ཐོབ།

༡༽

ཤེས་རབ་འོད་ཟེར། སྔགས་ཕྱི་པ། ༡༩༩

༢༽

བསྟན་པ་འབྲུག་གྲགས། མཛོད་འོག་མ། ༡༩༩

༣༽

ཚུལ་ཁྲིམས་མཐར་ཕྱིན། མཛོད་འོག་མ། ༡༩༩

༤༽

གཡུང་དྲུང་བསྟན་དར། དབུ་མ། ༡༩༩

༥༽

བསོད་ནམས་འབྲུག་གྲགས། དབུ་མ། ༡༩༩

༦༽

ཁྲི་གཙུག་རྣམ་རྒྱལ། ཕར་ཕྱིན། ༡༩༩

གནས་རིམ་གསུམ་པ།

ཨང་། མཚན་གཞུང་། ལོ་རིམ། ཨང་ཐོབ།
༡༽ གཡུང་དྲུང་དབང་གྲགས། རྫོགས་ཆེན། ༡༩༨
༢༽ སེམས་དཔའ་རྒྱལ་མཚན། རྫོགས་ཆེན། ༡༩༨
༣༽ གཡུང་དྲུང་རིན་ཆེན། སྔགས་ནང་མ། ༡༩༨
༤༽ གཡུང་དྲུང་སྐལ་བཟང་། སྔགས་ནང་མ། ༡༩༨
༥༽ ཤེས་རབ་གྲགས་པ། མཛོད་གོང་མ། ༡༩༨
༦༽ ཚེ་དབང་བསྟན་འཕེལ། གྲུབ་མཐའ། ༡༩༨

 

འབྱུང་ལྡན་༣༠༡ཕྱི་ལོ་༢༠༡༤བོད་ཤིང་རྟ་ལོ་ཡི་བོད་ཟླ་ལྔ་པའི་བོད་ཚེས་༣༠་དང་བོད་ཟླ་དྲུག་པའི་ཚེས་༠༡ཉིན་ལོ་ཕྱེད་ཡིག་རྒྱུགས་དང།  ཕྱི་ལོ་༢༠༡༥་བོད་ཤིང་རྟ་ལོའི་བོད་ཟླ་བཅུ་གཅིག་པའི་ཚེས་༡༧་དང་༡༨་གཉིས་ལ་

ལོ་འཁོར་ཡིག་རྒྱུགས་བཅས་བཙུན་མ་རྣམས་ལ་༸བཙུན་དགོན་རདྞ་སྨན་གླིང་དུ་བཏང་བའི་ཁོངས་ནས་

རྒྱུགས་འབྲས་རྩེ་ཕུད་ཨང་ཐོབ་ཁག་གཤམ་གསལ།

 

 

 

གནས་རིམ་དང་པོ།

ཨང་།

སློབ་གཉེར་བའི་མཚན་གཞུང་།

ལོ་རིམ།

ཨང་ཐོབ།

༡༽

བསམ་གཏན་དཔལ་འཛིན།

གྲུབ་མཐའ།

༡༩༩

༢༽

ཕུན་ཚོགས་ཚུལ་འཛིན།

གྲུབ་མཐའ།

༡༩༩

༣༽

ཀུན་གསལ་དབང་མོ།

ཚད་མ།

༡༩༩

 

 

 

ཨང་།

སློབ་གཉེར་བའི་མཚན་གཞུང་།

ལོ་རིམ།

ཨང་ཐོབ།

༡༽

ཡེ་ཤེས་བྱམས་མ།

གྲུབ་མཐའ།

༡༩༦

༢༽

བརྩོན་འགྲུས་བཟང་མོ།

ཚད་མ།

༡༩༦

གནས་རིམ་གཉིས་པ།

 

 

 

 

གནས་ རིམ་གསུམ་པ།

ཨང་།

སློབ་གཉེར་བའི་མཚན་གཞུང་།

ལོ་རིམ།

ཨང་ཐོབ།

༡༽

ཚུལ་ཁྲིམས་བཟང་མོ།

གྲུབ་མཐའ།

༡༩༥

 

 

སྡུད་གྲྭ་གནས་རིམ་དང་པོ།

ཨང་།

མཚན་གཞུང།

སྔ་མའི་ངག

ཕྱི་མའི་ངག

ཕྱི་མའི་འབྲི།

ཁྱོན་བསྡོམས།

༡༽

བསྟན་པ་མཆོག་ལྡན།

༥༠

༤༦

༥༠

༡༤༦

 

སྡུད་གྲྭ་གནས་རིམ་གཉིས་པ།

 

ཨང་།

མཚན་གཞུང།

སྔ་མའི་ངག

ཕྱི་མའི་ངག

ཕྱི་མའི་འབྲི།

ཁྱོན་བསྡོམས།

༡༽

གཡུང་དྲུང་བོན་རྒྱལ།

༤༩

༤༢

༥༠

༡༤༡

 

 

སྡུད་གྲྭ་གནས་རིམ་གསུམ་པ།

 

ཨང་།

མཚན་གཞུང།

སྔ་མའི་ངག

ཕྱི་མའི་ངག

ཕྱི་མའི་འབྲི།

ཁྱོན་བསྡོམས།

༡༽

ཚེ་དབང་ལྷུན་གྲུབ། ཁ༽

༤༨

༤༠

༤༩

༡༣༧

 

 

 

 

 

གལ་ཆེའི་གསལ་བསྒྲགས།

འབྱུང་ལྡན་༣༠༡བོད་ཤིང་རྟ་ལོའི་༸ཞྭ་དཀར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ལོ་འཁོར་ཡིག་རྒྱུགས་ཆེན་མོའི་ཁོངས་དངོས་སུ་འཛུལ་ཞུགས་གནང་བའི་བཤད་སྒྲུབ་སློབ་གཉེར་བའི་ཞལ་གྲངས་བརྒྱ་དང་བཅུ་བཞི་དང། བཙུན་དགོན་རདྞ་སྨན་གླིང་གི་བཙུན་མའི་གྲངས་བཅུ་བཞི་བཅས་བྱུང། ༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་བཤད་སྒྲུབ་སློབ་གཉེར་བའི་ཁོངས་རྒྱུགས་འབྲས་གནས་རིམ་དང་པོོར་སོན་པའི་སློབ་གཉེར་བའི་ཞལ་གྲངས་བཞི་དང། གནས་རིམ་གཉིས་པའི་ཁོངས་སུ་དྲུག གསུམ་པའི་ཁོངས་སུ་དྲུག་བཅས་བྱུང། བཙུན་དགོན་རདྞ་སྨན་གླིང་གི་བཙུན་མའི་སློབ་གཉེར་བའི་ཁོངས་ནས། གནས་རིམ་དང་པོར་སོན་པ་གསུམ་དང། གཉིས་པའི་ཁོངས་སུ་གཉིས། གསུམ་པའི་ཁོངས་སུ་གཅིག་བཅས་བྱུང་། སྡུད་གྲྭའི་སློབ་གཉེར་བའི་ཁོངས་ནས་གནས་རིམ་དང་པོར་སོན་པ་གཅིག་དང། གནས་རིམ་གཉིས་པར་སོན་པ་གཅིག གནས་རིམ་གསུམ་པར་སོན་པ་གཅིག་བཅས་བྱུང་ཡོད། ལོ་འཁོར་མའི་ནང་སྤྱི་སྒེར་གང་གི་གཞུང་ཁྲིད་ཆད་མེད་ཚུལ་བཞིན་འགྲིམས་པའི་སློབ་གཉེར་བའི་ཞལ་གྲངས་གཉིས་དང་། དེ་བཞིན་སྤྱི་སྒེར་གང་གི་ཆ་ནས་དམ་བཅར་ཆད་ལུས་མེད་པར་ཚུལ་བཞིན་ཕེབས་པའི་སློབ་གཉེར་བའི་ཞལ་གྲངས་བཅུ་དྲུག་དང། བཙུན་དགོན་རདྞ་སྨན་གླིང་གི་སློབ་གཉེར་བའི་ཁོངས་ནས་སྤྱི་སྒེར་གང་གི་ཆ་ནས་གཞུང་ཁྲིད་ཆད་མེད་ཚུལ་བཞིན་ཕེབས་པའི་སློབ་མ་༨་དང། དེ་བཞིན་སྤྱི་སྒེར་གང་ཆ་ནས་འཆད་ར་དང་དམ་བཅའ་གཉིས་ཀ་ཆད་མེད་ཚུལ་བཞིན་ཕེབས་པའི་བཙུན་མའི་གྲངས་༡་བཅས་བྱུང་ཡོད། རྩ་གཞུང་དུས་ཐོག་ཏུ་རྒྱུགས་འབུལ་མ་ཐུབ་པའི་རིགས་རྣམས་སྒྲིག་གཞི་ལྟར་ཐོབ་ཆ་ལྔ་རེ་ཕྲིས་ཡོད་ལ། གོང་མའི་བཀའ་འབྲེལ་ལྟར་སྤྱི་དོན་དང་དངོས་ཡོད་ཛ་དྲག་ནད་མནར་སོགས་ཀྱིས་རྐྱེན་པས། འཆད་ར་དང་དཔེ་ཁྲིད་དམ་བཅའ་སོགས་ཀྱི་བརྒྱ་ཆ་མ་ལོན་པའི་སློབ་གཉེར་བ་རྣམས་དམིགས་བསལ་གྱི་ཁོངས་སུ་བཞག་ཡོད། སྤྱི་སྒེར་གང་ཞིག་ཡིན་ཀྱང་ཟླ་དྲུག་ལྔ་ཕྱི་གཉིས་ཀྱི་ངག་རྒྱུགས་བསྡོམས་པས་བརྒྱ་ཆ་ལྔ་བཅུ་དང། འབྲི་རྒྱུགསསྔ་ཕྱི་གཉིས་པོ་བསྡོམས་པས་བརྒྱ་ཆ་ལྔ་བཅུ་མ་ལོན་པའི་རིགས་དང།  དེ་བཞིན་རྩ་གཞུང་དུས་ཐོག་ཏུ་རྒྱུགས་སྤྲོད་མ་ཐུབ་པའི་རིགས་སོགས་སྒྲིག་གཞི་ལྟར་ལོ་རིམ་གོང་འཕར་བྱེད་མི་ཆོག་པ་ལྷན་རྒྱས་ཀྱིས་མཁྱེན་གསལ་ལྟར་ལ། གཞན་ཡང་སྡུད་གྲྭའི་སློབ་གཉེར་བ་རྣམས་ཟླ་དྲུག་སྔ་ཕྱི་གཉིས་ཀྱི་ངག་རྒྱུགས་བསྡོམས་པས་བརྒྱ་ཆ་ལྔ་བཅུ་དང། ཕྱི་མའི་སྐབས་འབྲི་རྒྱུགས་ལ་བརྒྱ་ཆ་ཉེར་ལྔ་ལོན་པ་རྣམས་ཡིག་རྒྱུགས་འཕྲོད་པ་ཡིན་མོད། གལ་སྲིད་དེ་ལྟར་བརྒྱ་ཆ་མ་ལོན་ཚེ་རང་གནས་སུ་བཞུགས་རྒྱུ་ལས་འོས་མེད། ལས་དོན་འདི་དག་གི་ཐད་ལ་ང་ཚོའི་མིག་བར་ནས་ཤོར་སྟེ་མཚན་ཐོ་མ་འཁོད་པ་དང།  ཆད་ལྷག་སོང་བ་དང་། རྩིས་ནོར་ཤོར་བ་སོགས་བྱུང་ངེས་པས་དེ་ལུགས་ལྷན་རྒྱས་ནས་ཐད་ཀར་༸དཔལ་ལྡན་སྨན་རིའི་བླ་སྤྱིའི་ཡིག་ཚང་དུ་འཛེམ་ཟོན་མེད་པར་ཐད་ཀར་འབྲེལ་བ་གནང་སྐྱོང་ཡོང་བར་ཞུ་རྒྱུ་བཅས།

༸དཔལ་ལྡན་སྨན་རིའི་བླ་སྤྱི་ནས་ཕྱི་ལོ་༢༠༡༥་ལོའི་ཕྱི་ཟླ་༡་ཚེས་༢༠ཉིན།