གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཡུང་དྲུང་བོན་གྱི་སྤྱི་འཐུས་སྐོར།

IMG_0015ཕྱི་ལོ་ ༢༠༡༥ ཟླ་བ་ ༦ ཚེས་ ༡༣ ཉིན་བོན་སྤྱི་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་༧གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅུ་བཞི་པའི་སྟེང་ལ་ཆེད་དུ་དཔྱད་གཏམ་གནང་བའི་གཡུང་དྲུང་བོན་གྱི་སྤྱི་འཐུས་བྱུང་རིམ་སྐོར་གྱི་ནང་དོན་གནད་བསྡུས།

༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་ཐོག་མར་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་དབུ་བརྙེས་པ་ཞིག་ཡིན། སྐབས་དེར་ཆོས་ལུགས་ཆེན་པོ་བཞི་སྟེ། རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། དགེ་ལུགས་བཅས་ནས་འཐུས་མི་རེ་དང་། ཆོལ་ཁ་གསུམ་སྟེ། དབུས་གཙང་དང་། མདོ་སྟོད། མདོ་སྨད་བཅས་ནས་འཐུས་མི་ ༣ རེ་བཅས་འཐུས་མི་ ༡༣ གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔར་དམ་འབུལ་ཞུས་པ་ནས་དབུ་བརྙེས་པར་ངོས་འཛིན་བྱ་དགོས། ཐོག་མར་གཡུང་དྲུང་བོན་གྱི་སྤྱི་འཐུས་ས་མིག་མེད་ཀྱང་སྐབས་ ༦ པའི་ནང་གཡུང་དྲུང་བོན་གྱི་སྤྱི་འཐུས་གསར་བསྐོ་དམ་འབུལ་ཞུས་པ་ནས་བཟུང་ཆོས་ལུགས་གཞན་སྤྱི་མཚུངས་ལྟར་ཡིན།

            གཡུང་དྲུང་བོན་གྱི་སྤྱི་འཐུས་ས་མིག་ཆེད་བོན་གཞིས་སེར་སྐྱ་འགན་བཞེས་རྣམས་ནས་སྙན་འབུལ་རིམ་ཞུས་དང་། མཐར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བ་སོགས་ཀྱི་བརྒྱུད་རིམ་དུ་མ་ཞིག་ཡོད་པ་ལས་ཆེས་མཐོའི་རྒྱུན་ལས་ཀྱི་ཚིག་ཐོ་སོགས་ཁོ་བོར་དཔྱད་གཞི་ལག་སོན་བྱུང་བ་རྣམས་ཀྱི་རེའུ་མིག་གཤམ་གསལ།

ཨང་།

ལོ། ཟླ་ ཚེས།

ནང་དོན་སྙིང་བསྡུས།

ཁུངས།

༡༩༧༤།༨།༨ ཆོས་ལུགས་འཐུས་མིའི་ཁོངས་བོན་འཐུས་འཇོག་འོས་དགོངས་འཆར་ཇི་སྙེད་བྱུང་མཐར། ད་ལམ་བོན་འཐུས་མ་དགོས་པ་དང་འབྱུང་འགྱུར་ཇི་འོས་དགོངས་བཞེས་གནང་རྒྱུར་བཞག རྒྱུན་ལས་ཚིག་ཐོ།
༡༩༧༤།༡༠།༡༠ ༸གོང་ས་མཆོག་གི་བཀའ་དགོངས་བོན་པོ་དང་བུད་མེད་སྤྱི་འཐུས་སྐོར་ལ་གོ་བསྡུར་ཟབ་རྒྱས་གནང་བ་དང་། མཐར་ཆོས་ལུགས་ཆེན་པོ་བཞི་ད་མུས་རང་འཇགས་འཇོག་རྒྱུ་བྱས། ཚིག་ཐོ།
༡༩༧༥།༨།༡༦ བོན་པོར་སྤྱི་འཐུས་ཐོབ་ཐང་དགོས་སྐོར་སྔོན་མ་༸གོང་ས་མཆོག་ལ་ཞུས་ལུགས་དང་། དེ་རྗེས་ཌོ་ལན་ཇི་བོན་གཞིས་དང་། བལ་ཡུལ་རྡོར་པ་ཊན་ནས་སྤྱི་འཐུས་ལའང་ཞུས་པ་བཅས་ཀྱི་སྐོར་ལ་བགྲོ་གླེང་ཞིབ་ཙམ་དང་རྗེས་སུ་གོ་བསྡུར་བྱ་རྒྱུ། ཚིག་ཐོ།
༡༩༧༥།༩།༡༡ བོན་པོའི་སྤྱི་འཐུས་སྐོར་གོ་བསྡུར་བྱུང་བ་དང་། བོན་པོ་འདི་ཉིད་ཆོས་རིག་གང་དུ་ངོས་འཛིན་མིན་ཁ་གསལ་མེད་སྐོར། རྗེས་སུ་གོ་བསྡུར་བྱ་འཆར་གནང་། ཚིག་ཐོ།
༡༩༧༥།༡༠།༡༧ ཨ་མདོ་སངས་རྒྱས་བསྟན་འཛིན་མདོ་སྨད་སྤྱི་འཐུས་ཀྱི་འོས་ཁོངས་སུ་འཇོག་རྒྱུ་ཐག་བཅད། ཚིག་ཐོ།
༡༩༧༥།༡༠།༢༡ ཨ་མདོ་སངས་རྒྱས་བསྟན་འཛིན་མདོ་སྨད་སྤྱི་འཐུས་ཀྱི་འོས་མིར་མི་འོས་པར་མང་མོས་བྱུང་། ཚིག་ཐོ།
༡༩༧༦།༤།༢༨༢༩ ཆོས་དོན་ནང་ཡོད་ཆོས་ལུགས་ཁག་གི་ལས་བྱེད་ཕྱིར་བསྡུ་དང་འབྲེལ་བདེ་བཀའ་ནས་མ་འོངས་པར་བོན་པོ་དང་ཁ་ཆེ་སོགས་སླེབས་ཡོང་ཚེ་ཐོབ་ཐང་འགོག་ཕྱིར་ཡིན་གནས་བཤད། ཚིག་ཐོ།
༡༩༧༧།༣།༡བོད་མེ་སྦྲུལ་ཟླ་ ༡།༡༡ ༸གོང་ས་མཆོག་ལ་མཚན་འཁོད་སྙན་ཞུ་ཐད་འབུལ་ཞུས་ཏེ་སྨན་རིའི་མཁན་པོ་ལུང་རྟོགས་བསྟན་པའི་ཉི་མ་དང་། ཡོངས་འཛིན་སངས་རྒྱས་བསྟན་འཛིན། དཔོན་སློབ་བསྟན་འཛིན་རྣམ་དག་གསུམ་ནས་མཚན་རྟགས་བཀོད་གནང་འདུག ངོ་བཤུས།
༡༩༧༧།༡།༢༢ གདན་ས་གསུམ་དང་། རྙིང་མ། ས་སྐྱ། བཀའ་བརྒྱུད་བཅས་ལས་བསྡོམས་ཚོགས་ཆེན་ནང་འཇོག་རྒྱུ་དང་། ༣༽ བོན་པོའི་ཚོགས་འཐུས་སྐོར་རྗེས་སུ་བཀའ་བསྡུར་གནང་རྒྱུ་གནང་། ཚིག་ཐོ།
༡༠ ༡༩༧༧།༥།༢ ས་བཀའ་རྙིང་གསུམ་གྱི་མཁན་པོ་ཚོར་གསོལ་ཕོགས་འབུལ་དགོས་མིན་གོ་བསྡུར་གནང་། ཚིག་ཐོ།
༡༡ ༡༩༧༧།༨།༡༢ བཀའ་ཤག་གིས་སྡེ་དགེ་འཛིན་པ་གཡུང་དྲུང་རྣམ་རྒྱལ་ལ་འཆར་ཕུལ་ཕྱག་རྟགས་དགོངས་དོན་གཡུང་དྲུང་བོན་གྱི་སྤྱི་འཐུས་བསྐོ་འཛུགས་ཀྱི་བཀོད་ཁྱབ་བཏང་གནང་མཛད། ངོ་བཤུས།
༡༢ ༡༩༧༧།༡༠།༥ གཡུང་དྲུང་བོན་གྱི་སྤྱི་འཐུས་འོས་མི་འཆར་འབུལ་ཁོངས། ཨ་མདོ་དུང་རི་བླ་མ་ནམ་མཁའ་བསྟན་འཛིན་དང། སྡེ་དགེ་བླ་མ་གཡུང་དྲུང་རྣམ་རྒྱལ། ཧོར་པ་སྤ་ཚང་བླ་མ་བསོད་ནམས་རྒྱལ་མཚན་བཅས་ཡོད་འདུག བྱ་དུར་ཚངས་ཐིགསྟོད་ ༡༠༩
༡༣ ༡༩༧༧།༩ སྡེ་དགེ་འཛིན་པ་གཡུང་དྲུང་རྣམ་རྒྱལ་བོན་པོའི་སྤྱི་འཐུས་སུ་བསྐོ་བསྩལ་གསལ་བསྒྲགས། ཤེས་བྱ།
༡༤ ༡༩༧༧།༡༠།༥ སྡེ་དགེ་འཛིན་པ་གཡུང་དྲུང་རྣམ་རྒྱལ་གྱིས་སྐབས་དྲུག་པའི་གཡུང་དྲུང་བོན་གྱི་སྤྱི་འཐུས་དམ་འབུལ་གནང་། ཚིག་ཐོ།
༡༥ ༡༩༧༧།༡༠།༥ གཡུང་དྲུང་བོན་གྱི་ཆོས་ལུགས་འཛིན་པའི་སྤྱི་འཐུས་ཆོས་བརྒྱུད་གཞན་ལྟར་ཐོབ་ཐང་སྩལ་བ་ནི། བོད་ཀྱི་རྒྱལ་རབས་ལོ་རྒྱུས་སུ་བྱུང་བའི་ལེའུ་གསར་པ་ཞིག་ཡིན། འཇུ་ཆེན།༧།༤༢༠
༡༦ ༡༩༧༨།༡།༣༠ ལོ་འཁོར་ཚོགས་ཆེན་ནང་བོན་འཐུས་འཇོག་དགོས་མིན་བཀའ་ཤག་ནས་ཐག་གཅོད་གནང་རྒྱུ། ཚིག་ཐོ།
༡༧ ༡༩༧༨།༢།༣ བཀའ་ཤག་ནས་གཡུང་དྲུང་བོན་ལ་ཆོས་ལུགས་གཞན་དང་སྤྱི་མཚུངས་ཐོང་ཐང་འདྲ་མཉམ་སྤྲད། ངོ་བཤུས།
༡༨ ༡༩༧༨།༢།༤ བཀའ་ཤག་ནས་གཡུང་དྲུང་བོན་གྱི་འཐུས་མི་ལོ་འཁོར་ཚོགས་ཆེན་ནང་འཇོག་རྒྱུ་ཐག་བཅད་སྐོར་སྙན་གསན་གནང། ཚིག་ཐོ།
༡༩ ༡༩༧༧།༣ ༸སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེས་བོན་པོའི་དབུ་ཁྲིད་བླ་ཆེན་སྐོར་དང་། སློབ་གཉེར་བའི་མཐུན་རྐྱེན་སྐོར་སྙན་གསན་ཞུས། ངོ་བཤུས།
༢༠ ༡༩༧༨།༣།༢༢ སྐུ་སྒེར་དྲུང་ཆེ་རྟ་ར་བས་སློབ་གཉེར་བའི་མཐུན་རྐྱེན་སྐོར་བཀའ་ལན་གནང་། ངོ་བཤུས།
༢༡ ༡༩༧༨།༥།༡༨ འདེམས་བསྐོའི་སྒྲིག་གཞིའི་ནང་བོན་གྱི་ཆོས་ལུགས་སྤྱི་འཐུས་སྐོར་བཅུག་འདུག ཚིག་ཐོ།
༢༢ ༡༩༧༨།༡༠།༡༢ སྨན་རིའི་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་གཡུང་དྲུང་བོན་གྱི་དབུ་ཁྲིད་བླ་ཆེན་དུ་བཀའ་ཤག་ནས་ངོས་བཞེས་གནང་། ངོ་བཤུས།
༢༣ ༡༩༧༨།༡༠།༢༧ ཆོས་དོན་ལས་ཁུངས་ནས་སྨན་རིའི་མཁན་ཆེན་ལ་འཚམས་འདྲི་ཞུས། ངོ་བཤུས།
༢༤ ༡༩༧༨།༡༡ སོ་ལན་བོན་གཞིས་ཐོབ་རྒྱལ་གསར་པ་ནས་དགའ་གུས་ཡི་རངས་གི་གསལ་བསྒྲགས། ཤེས་བྱ།

གཡུང་དྲུང་བོན་གྱི་སྤྱི་འཐུས་རིམ་བྱུང་།

ཨང་།

མིང་།

དུས་ཡུན།

སྐབས།

སྡེ་དགེ་བླ་མ་གཡུང་དྲུང་རྣམ་རྒྱལ།

༡༩༧༧།༡༠།༥  ནས་ ༡༩༨༢།༩།༡

༦།༧

བྱ་དུར་བསོད་ནམས་བཟང་པོ།

༡༩༨༢།༩།༢ ནས་ ༢༠༠༡།༩།༢༥

༨།༩།༡༠།༡༡།༡༢།༡༣

དགེ་བཤེས་རྣམ་རྒྱལ་ཉི་མ།

༡༩༩༡།༥།༢༩ ནས་ ༡༩༩༦།༡།༢༩

༡༡

ཁྱུང་ལུང་སྨན་པ་ཐོགས་མེད།

༡༩༩༦།༥།༢༩ ནས་ ༢༠༠༦།༥།༢༩

༡༢།༡༣

དགེ་བཤེས་གཡུང་དྲུང་རྒྱལ་མཚན།

༢༠༠༡།༡༠།༢༢ ནས་ ༢༠༡༡།༥།༢༩

༡༣།༡༤

དགེ་བཤེས་སྨོན་ལམ་མཐར་ཕྱིན།

༢༠༠༦།༥།༣༠ ནས་ ༢༠༡༦།༥།༢༩

༡༤།༡༥

དགེ་བཤེས་རྣམ་དག་གཙུག་ཕུད།

༢༠༡༡།༥།༣༠ ནས་ ༢༠༡༦།༥།༢༩

༡༥

བོན་སྤྱི་དགེ་བཤེས་སྨོན་ལམ་མཐར་ཕྱིན།༢༠༡༥།༦།༡༣

ཐ་ཚན་མུ་ཙུག་སྨར་རོ།།