གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་ཐེངས་བཅུ་བཞི་པའི་མཇུག་སྡོམ་མཛད་སྒོ།

IMG_0123ཕྱི་ལོ་༢༠༡༥ཟླ་བ་༦ཚེས་༡༤ཉིན་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅུ་བཞི་པའི་མཇུག་སྡོམ་མཛད་སྒོ་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དུ་ཚོགས་ཡོད་པ་རེད། ཐེངས་འདིའི་མཇུག་སྡོམ་མཛད་སྒོའི་སྐུ་མགྲོན་གཙོ་བོ་༧གཡུང་དྲུང་བོན་གྱི་བླ་ཆེན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་བཀའ་དྲིན་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། དམིགས་བསལ་སྐུ་མགྲོན་༧སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་བཤད་སྒྲུབ་མཁན་སློབ་གཉིས། གཞན་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་མཆོག བོན་སྤྱི་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། གཞན་ཡང་༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་འབྲེལ་དྲུང་ཆེ། སྨན་རིའི་གྲྭ་ཚང་གི་གཉེར་པ། བོན་གཞིས་ཐོབ་རྒྱལ་གསར་པའི་གཞིས་འགོ། བཤད་སྒྲུབ་སློབ་གླིང་གི་རྒྱུན་ལས་རྣམས་དང་དཔེ་ཁྲིད་དགེ་རྒན་རྣམ་པ་བཅས་ཆེད་དུ་མཛད་སྒོ་ལ་གདན་ཞུས་ཡོད་པ་མ་ཟད། བགྲོ་གླེང་དངོས་ཞུགས་པ་ཚོགས་མི་གཉིས་བརྒྱ་ལྷག་བཅས་འདུ་འཛོམས་བྱུང་འདུག

IMG_0066IMG_0098

༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་དབུས་པའི་སྨན་རིའི་དཔོན་སློབ་རིན་པོ་ཆེ་དང་བཤད་སྒྲུབ་མཁན་སློབ་གཉིས།

IMG_0042IMG_0134

གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་༡༤པར་གཟེངས་རྟགས་ཐོབ་པའི་ཚོགས་ཞུགས་པ་ཁག་གཅིག

IMG_0129IMG_0132

གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་༡༤པའི་ཚོགས་ཞུགས་པ་དང་གསུང་བཤད་སློབ་དཔོན་རྣམས་༧རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་དང་ལྷན།

IMG_0073IMG_0142

གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་༡༤པའི་གོ་སྒྲིག་ཚོགས་ཆུང་།