མེ་ལོང་ཡེ་ཤེས་ཞེས་པའི་སྣ་འཛོམས་ཅན་གྱི་དྲ་རྒྱ་གསར་པ།

imageཕྱི་ལོ་༢༠༡༥ཟླ་བ་༩ཚེས་༦ཉིན་གྱི་སྔ་དྲོ་ས་གནས་ཕ་རན་སིའི་འཁོར་དུས་དགུ་པའི་ཐོག་དངོས་སུ་ཤར་གཏོང་བྱས་ཡོད་པ་དང་། སྤྱིར་ན་འདི་རུ་དྲ་རྒྱ་གསར་སྤེལ་དགོས་པའི་རྒྱུ་རྐྱེན་དམིགས་ཡུལ་དང་། དགོས་པ་རྒྱུ་མཚན་སོགས་ཅུང་ཟད་སྨྲ་དགོས་པ་འདུག་ཀྱང་། དྲ་ཚིགས་འདིར་ཐུགས་སྣང་གནང་མཁན་ཞིག་ཡིན་ཚེ་བརྡ་ཁྱབ་སྐབས་ནས་གསལ་པོ་མཁྱེན་ངེས་ཡིན་པ་མ་ཟད་ད་དུང་དྲ་རྒྱའི་ཐོད་ཀྱི་སྡེ་ཚན་ནང་གསལ་པོ་བྲིས་བཤམས་བྱས་ཡོད་པ་ལྟར་དམིགས་ཡུལ་དང་དགོས་པ་དེ་དག་ལས་མ་འདས། ལྷག་དོན་དུ་ངེད་ཚོས་དྲ་སྒོ་ཕྱེས་པའི་སྐལ་པ་བཟང་ཤོས་ནི་རང་ཅག་བོན་འབངས་ཡོངས་ཀྱི་སྤྱི་ནོར་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་སེང་གེ་དང་། མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གཉིས་ནས་ཀུན་གསལ་སྒྲོན་མེའི་ཞལ་རས་ཕྱེས་ཤིང་ཕྱག་གི་རྡེབ་གནོན་གྱིས་མེ་ལོང་ཡེ་ཤེས་འོད་དུ་འབར་བའི་རྟེན་འབྲེལ་བསྒྲིགས་ནས་དྲ་སྒོ་དབུ་བརྙེས་པ་འདི་ནི་མཆོག་ཏུ་དགེ་བའི་སྒོ་འབྱེད་མཛད་སྒོ་ཞིག་ཏུ་བརྩི་བཞིན་ཡོད།

དེ་མཚུངས་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་ཚངས་པ་བསྟན་འཛིན་དང་། གཡུང་དྲུང་བོན་གྱི་དྲ་ཚིགས་ཁང་། བོན་དྲིན་ལས་དྲ་མཛོད། ཁྱུང་པོའི་དྲ་བ། བོན་གཤེན་བསྭོ་སྒྲ་བཅས་ཀྱིས་དགའ་གུས་ཡི་རངས་དང་། ཐུགས་སྨོན་འཚམས་འཕྲིན་བླ་མེད་གནང་བསྩལ་བྱུང་བར་ངེད་ཚོས་གུས་བརྩི་དང་བཅས་བཀའ་དྲིན་ཆེ་ཞུ། ལྷག་ཏུ་དགེ་བཤེས་གཤེན་ཚེ་ཚང་གིས་ཀློག་འཕྲུལ་གྱི་དཀའ་གནད་ཁག་ནས་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་ཆེ་བཞེས་གནང་ནས་བཀའ་སློབ་ལམ་སྟོན་དང་འབྲེལ་ཟིན་བྲིས་དཔེ་ཁུག་རེ་མཁོ་སྒྲུབ་གནང་བ་དང་། དེར་བཞིན་དྲ་ནང་གི་རྒྱུ་ཆ་མཁོ་སྒྲུབ་ཐད་ཕྱོགས་བཞུགས་འབྲེལ་ཡོད་དུ་མས་ཐག་ཉེ་འགྱངས་ལ་མ་ལྟོས་པར་ཁ་ཞེ་གཉིས་མེད་ཀྱིས་གཞོགས་འདེགས་བླ་མེད་གནང་བྱུང་བ་རྣམས་ལ་ཤིན་ཏུ་ཐུགས་རྗེ་ཆེ་ཞུ།

དྲ་བ་བེད་སྤྱོད་གནང་སྟངས་དང་ངོ་དབྱིབས་སོགས་ནི་དྲ་བའི་མདུན་ངོས་མེ་ལོང་ཡེ་ཤེས་དང་། ནང་གི་རྩ་ལག་གི་སྡེ་ཚན་སོ་སོར་རྡེབ་གནོན་བྱས་ན་གསལ་པོ་མཁྱེན་རྟོགས་ཐུབ་རྒྱུ་ཡིན་པས་འདི་རུ་བསྐྱར་དུ་གསལ་བཤད་དགོས་པ་མ་མཐོང་། དེས་ན་དྲ་མགྲོན་རྣམས་ཀྱིས་མེ་ལོང་ཡེ་ཤེས་ཀྱི་ངོས་སུ་གཟིགས་ཕེབས་དང་། ལྟ་ཀློག བསམ་གཞིགས་དང་ཚོད་ལྟ་མང་ཙམ་གནང་རོགས་ཞུ་རྒྱུ་དང་།

ངེད་ཚོ་གཙོ་སྒྲུབ་པ་རྣམས་ནི་མཐོ་སྒང་ནས་ནགས་འདེབས་སུ་ལྷུང་བའི་མི་རྒོད་ཁྱུ་ཞིག་ཡིན་པ་མ་ཟད་དགོན་པའི་ཁང་ཁུག་ཏུ་གྱར་ནས་དཔེ་ཆའི་ཉིན་སྲིབ་འདེད་དེ་ཐལ་ངག་གི་འཚོ་བ་རྐྱང་པ་རོལ་མཁན་ཞིག་ཡིན་སྟབས་གློག་རྡུལ་གྱི་ལག་རྩལ་དང་ཚན་རིག་གི་ཀླད་རྩ་ཞན་པ་ནི་ཅི་ལ་ཁག རེད་དེ་ད་དུང་ངེད་ཚོས་དྲ་བའི་འཐུས་སྒོ་ཇེ་ཚང་དང་།། སྤུས་ཚད་གཙོར་འདོན་ཐོག་མུ་ནས་མུ་མཐུད་གཉེར་སྐྱོང་བྱ་རྒྱུ་ལགས་པས་དྲ་ལམ་དུ་བཞུགས་པའི་རྒྱ་ཆེའི་མཁྱེན་ལྡན་པ་རྣམས་ཀྱིས་གཟིགས་རྟོགས་དང་། དགེ་འདོན་སྐྱོན་སེལ་གྱི་བཀའ་སློབ་ལམ་སྟོན་ཡོད་པ་ཞུ་རྒྱུ་བཅས།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲིག་པ་ཐུན་མོང་ནས་ཕྱི་ལོ་༢༠༡༥ཟླ་༩ཚེས་༦ཉིན།

གཙོ་སྒྲིག་པ།
དགེ་བཤེས་བསྟན་འཛིན་སྦྱིན་པ།
ཀུན་ཁྱབ་རྒྱལ་མཚན།
ཁྲི་ལྡེ་ཚུལ་ཁྲིམས།
དཔལ་གྱི་དབང་ཕྱུག

འབྲེལ་བ་གནང་ཡུལ།
མེ་ལོང་ཡེ་ཤེས།

Melongyeshe

chateau De La Modtais. 49160 Blou, France
གློག་འཕྲིན། jinpa1974@gmail.com
Te: (+33) 0241504364
Nepal (+977 )9760 1091
གློག་འཕྲིན། Dancingyaks@gmail.com

དྲ་གནས། http://melongyeshe.org

853 total views, 1 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།