གཡུང་དྲུང་བོན་གྱི་དྲྭ་རྒྱ།

མཁས་དབང་ཆེན་མོ་ནམ་མཁའ་ནོར་བུ་རིན་པོ་ཆེ་ལགས་ནས་པེ་ཅིང་སློབ་ཆེན་དུ་འཆད་འཁྲིད་གནང་བ།

Chögyal+Namkhai+Norbu+Rinpoche_ici-colo.ro_DSC_0099_2.1.1ཕྱི་ལོ་༢༠༡༥ཟླ་༡༠ཚེས་༩ཉིན་གྱི་ཕྱི་དྲོར་རྫོགས་པ་ཆེན་མོའི་སློབ་སྟོན་མཁན་ནམ་དབྱི་ཐ་ལའི་ན་པའེ་ལི་སི་སློབ་ཆེན་གྱི་དགེ་རྒན་ཆེ་མོ་ནམ་མཁའ་ནོར་བུ་ལགས་ཀྱིས་པེ་ཅིང་སློབ་ཆེན་དུ་ཨ་ཏི་ཡོ་གའི་ལུས་ངག་ཡིད་གསུམ་ལྷོད་དུ་གཏོང་ཐབས་སྐོར་(阿底瑜伽–身语意放松之道)གྱི་འཆད་འཁྲིད་གནང་། འཆད་འཁྲིད་སྟེང་མཁས་དབང་ཁོང་གིས་ཨ་ཏི་ཡོ་གའི་སྐོར་གསུངས་གནང་རྗེས་ཚོགས་ཞུགས་ཀྱི་དགེ་སློབ་ཚོ་དང་མཉམ་དུ་དྲི་བ་དྲིས་ལན་འདེབས་པའི་ངང་སྤེལ་རེས་བྱས་པ་རེད། ཚོགས་འདུ་ཐོག་པེ་ཅིང་སློབ་ཆེན་གྱི་དགེ་སློབ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིགས་སློབ་མ། གཞན་པེ་ཅིང་དུ་ལས་གཉེར་བྱེད་པའི་བོད་རིགས་དང་རྒྱ་རིགས་སོགས་མི་༢༠༠ལྷག་ཙམ་འཛོམས་ཡོད་པ་རེད།

ཨི་ཏ་ལིའི་nnnnརྒྱལ་ཁབ་དུ་བཞུགས་པའི་བོད་རིགས་མཁས་པ་གྲགས་ཅན་ནམ་མཁའི་ནོར་བུ་མཆོག་ནི།  ཕྱི་ལོ་༡༩༣༨ལོར་མདོ་ཁམས་སྡེ་དགེ་ལྕང་རའི་ཉེ་འགྲམ་དགེ་འུག་ཅེས་པའི་ཡུལ་དུ་འཁྲུངས།  དགུང་ལོ་གསུམ་པའི་སྟེང་ཨ་འཛོམས་རིན་པོ་ཆེའི་སྤྲུལ་སྐུར་ངོས་འཛིན་གནང་།
ཁོང་གི་གསུང་རྩོམ་ནི་༼བོད་ཀྱི་ལོ་རྒྱུས་ལས་འཕྲོས་པའི་གཏམ་ནོར་བུའི་དོ་ཤལ༽ ༼ཞང་བོད་ལོ་རྒྱུས་ཏི་སེའི་འོད༽དང་༼གཟི་ཡི་ཕྲེང་བ༽ཞེས་པ་ནི་བོད་ཀྱི་གནའ་བོའི་ལོ་རྒྱུས་སྐོར། ༼སྒྲུང་ལྡེའུ་བོན་གསུམ་གྱི་གཏམ༽ ༼དཔེ་རྙིང་སྦས་པའི་རྒུམ་ཆུང་གི་ཕྱི་མོའི་སྐོར༽དང་༼རྫོགས་ཆེན་སྐོར་གྱི་དྲིས་ལན༽བྱ་བ་གཉིས་ནི་བོད་ཀྱི་གནའ་བོའི་ཆོས་ལུགས་སྐོར་དང་། ད་དུང་བོད་ཀྱི་གསོ་བ་རིག་པའི་སྐོར་ལ་༼བོད་ཀྱི་གསོ་རིག་ལས་མངལ་ཆགས་ཚུལ་དང་དེར་བརྟག་ཐབས༽བྱ་བ་དང་། སྤྱི་ཚོགས་རྟོག་དཔྱོད་སྐོར་གྱི་རྩོམ་ཡིག༼བྱང་འབྲོག་ལམ་ཡིག༽བཅས་མཛད་ཡོད།jjj