གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་གླིང་གི་བོད་མེ་སྤྲེལ་ལོའི་ལོ་ཐོ་གསར་པ།

Screenshot 2016-01-17 18.36.45གཤེན་གྱི་འབྱུང་ལྡན་ ༣༠༡ བོད་རྒྱལ་ལོ་ ༣༡༥༣ ཕྱི་ལོ་ ༢༠༡༦ ལོའི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བོད་མེ་སྤྲེལ་ལོའི་ལོ་ཐོ་གསར་པ་དཔར་བསྐྲུན་འགྲེམ་སྤེལ་ཞུ་བཞིན་པ།

Screenshot 2016-01-17 18.39.57(2)ལོ་ཐོ་འདིར་དམིགས་བསལ་གཡུང་དྲུང་བོན་གྱི་དུས་ཆེན་ཁག་དང་ཁྱད་པར་དུ་གདན་ས་སྨན་རིའི་གླིང་གི་དུས་ཆེན་གལ་ཆེན་ཁག་གི་དུས་ཚེས་མཆན་བཀོད་ཞུས་ཡོད། དཔེར་ན་བོད་ཟླ་དང་པོ་ལ་རྗེ་མཉམ་མེད་བླ་མའི་འཁྲུངས་མཆོད་དང་གཤེན་གྱི་གར་འཆམ་ཆེན་མོ། རྣམ་མཁྱེན་སྟོན་པ་གཤེན་རབ་ཀྱི་འཁྲུངས་མཆོད། མ་རྒྱུད་གཤེན་ལུགས་སོགས་ཡོད་པ་ལྟ་བུའོ།

Screenshot 2016-01-17 18.40.13བོད་ཟླ་གཉིས་པའི་ཟླ་ཐོ་དང་དུས་ཚེས་ཁྱད་པར་ཁག་གི་དཔེ་མཚོན།Screenshot 2016-01-17 18.40.17བོད་ཟླ་གསུམ་པའི་ཟླ་ཐོ་དང་དུས་ཚེས་ཁྱད་པར་ཁག་གི་དཔེ་མཚོན།Screenshot 2016-01-17 18.40.40བར་བཅུག་སྐུ་པར་ཁག་གི་དཔེ་མཚོན།Screenshot 2016-01-17 18.40.43(2)བོད་མེ་སྤྲེལ་ལོའི་ལོ་ཐོ་ཐུགས་མཁོ་ཡོད་མཁན་རྣམས་ཀྱིས་གཡུང་དྲུང་བོན་གྱི་དྲ་ཚིགས་ལས་ཁུངས་ལ་འབྲེལ་གནང་ཡོད་པ་དགོངས་འཇགས་ཞུ།

གཡུང་དྲུང་བོན་གྱི་དྲ་རྒྱ་ལས་ཁུངས་ནས་དཔར་བསྐྲུན་འགྲེལ་སྤེལ་ཞུས།