གཡུང་དྲུང་བོན་གྱི་དྲྭ་རྒྱ།

དགའ་མལ་དགོན་ཆེན་གྱི་དྲ་བ་ཤར་གཏོང་གནང་བ།

f688a45cc6fd18228e7e4da48ddddd5a མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱི་དྲ་ཚིགས་ཤར་གཏོང་གནང་བ།
ཐ་ཚན་མུ་ཙུག་སྨྲར་རོ། །དེང་དུས་རབས་ཉེར་གཅིག་པའི་སྐབས་འདིར་འཛམ་གླིང་ས་ཡི་སྒང་བ་འདིར་རྒྱལ་ཁབ་དང་མི་རིགས་གྲུབ་མཐའ་རིག་གཞུང་གི་རྣམ་པ་ཡོངས་སུ་ཁྱབ་སྤེལ་བྱེད་པ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་ནི་དྲ་བ་ལ་རག་ལས་སྟབས། ད་ཆར་བོད་མི་རིགས་ལ་མཚོན་ན་ཡང་རྒྱལ་ཕྱི་ནང་དང་གཞུང་སྒེར་གང་ཐད་ནས་གཉེར་བའི་བོད་ཡིག་དྲ་ཚིགས་ལོ་རེ་ནས་ལོ་རེ། ཟླ་རེ་ནས་ཟླ་རེ་བཞིན་འཕེལ་རྒྱས་ཀྱི་རྣམ་པར་འགྲོ་བཞིན་པ་ནི་སྨྲོས་མ་དགོས་པ་རེད།

ཁྱད་པར་དུ་ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཕྱི་ནང་ལ་གྲུབ་མཐའི་རྒྱལ་པོ་གཡུང་དྲུང་བོན་དང་འབྲེལ་བའི་དྲ་ཚིགས་གང་མང་ཞིག་བཟོས་ཏེ་ཤར་གཏོང་བྱེད་བཞིན་པ་ནི་རང་རེའི་བོན་ལུགས་པ་རྣམས་ལ་མཚོན་ན་ཆེས་སྤྲོ་བའི་གནས་ཚུལ་ཞིག་རེད། དེ་ཕྱིར་མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱི་༧སྐྱབས་རྗེ་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་དཔོན་སློབ་སྨན་རིའི་དགེ་བཤེས་ཤེས་རབ་མཐར་ཕྱིན། སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་གཙོས་པའི་དགོན་ཆེན་གྱི་ནང་གི་དགོན་ཁག་ལྔ་དང་ཕྱིའི་དགོན་ལག་བཅུ་ག656b6e7c8b8ac27456c9386cc796b8c6སུམ་གྱི་མཁན་སློབ་བླ་སྤྲུལ་དང་། དགོན་སྡེ་ཁག་གི་དམངས་གཙོ་དོ་དམ་ཨུ་ཡོན་གྱི་ཀྲུའུ་རེན་སོགས་ཀྱིས་བཀའ་སློབ་ དང་མཛུབ་སྟོན་འོག་དགའ་མལ་དགོན་ཆེན་ཞེས་པའི་བོད་རྒྱ་གཉིས་ལྡན་གྱི་དྲ་ཚིགས་ཤིག་གསར་བཟོས་གནང་སྟེ་ཞང་ཞུང་སྒོ་བའི་མངའ་ཁོངས་སུ་གྲགས་པའི་ཡུལ་ལུང་སྟེ་ཟིང་ཆུ་རྫོང་དང་གཟི་རྩ་སྡེ་དགུ་རྫོང་ཁོངས་ཀྱི་གནའ་བོའི་ཞང་བོད་ཀྱི་ཤེས་རིག་དང་ཡུལ་སྲོལ་གོམས་གཤིས། ཆོས་ལུགས། དགོན་སྡེ་གནས་རི། གནའ་ཤུལ་སོགས་ཀྱི་མཚམས་སྦྱོར་དང་ཁྱབ་བསྒྲགས་བྱེད་པའི་གར་སྟེགས་ཤིག་གསར་ བསྐྲུན་གནང་སྟེ་ཡུལ་ལུང་འདིའི་ཐུན་མིན་གྱི་རིག་གཞུང་ཁྱད་ཆོས་རྣམས་འཛམ་གླིང་ལ་ཁ་ཕྱོགས་ཏེ་གསན་གཟིགས་དང་ཞིབ་འཇུག་གི་ཆ་རྐྱེན་དུ་བསྐྲུན་པ་ལགས།

དེ་ཡང་དྲ་བ་འདི་ལ་གནས་ཚུལ་དང་རིག་གཞུང་ལོ་རྒྱུས་སོགས་ལེ་ཚན་ཆེན་པོ་བཅུའི་བདག་ཉིད་ཅན་དང་། ནང་གསེས་ལེ་ཚན་སུམ་ཅུར་བགོས་ཏེ་རྒྱལ་ཕྱི་ནང་དང་འཛམ་གླིང་གང་སར་བཞུགས་པའི་ རྒྱ་ཆེ་བའི་ཀློག་པ་པོ་རྣམས་ལ་བོད་ཡིག་པར་ངོས་དང་རྒྱ་ཡིག་གཉིས་སུ་ཕྱེས་ཏེ་ སྟབས་བདེའི་སྒོ་ནས་ཕུལ་བ་ལགས་ཤིང་། ང་ཚོས་མ་འོངས་པར་ཆ་རྐྱེན་སོགས་འཛོམས་ཚེར་དབྱིན་ཡིག་པར་ངོས་ཤིག་བཟོ་འཆར་ཀྱང་ ཡོད་ལ། འོན་ཀྱང་ང་ཚོ་ལ་མཚོན་ན་ལམ་བུ་འདི་ལ་བཞུགས་མ་ཐག་ཡིན་སྟབས་ད་རུང་ཕྱོགས་གང་ཐད་ནས་ཕུན་སུམ་ཚོགས་པའི་ཆ་རྐྱེན་འཛོམས་པོ་མེད་པས་རྗེས་ཕྱོགས་ཡར་རྒྱས་ནས་ཡར་རྒྱས་སུ་འགྲོ་བར་ཡིད་ཆེས་བརྟན་པོ་དང་བཅས།
དགའ་མལ་དགོན་ཆེན་གྱི་དྲ་བའི་གཙོ་སྒྲུབ་ཚན་ཆུང་གིས་༢༠༡༦ལོའི་ཟླ་བ་༢ཚེས་༥ཉིན།
དགའ་མལ་དགོན་ཆེན་དྲ་གནས།
www.gamalgonchen.com
དགའ་མལ་དགོན་ཆེན་སྐད་འཕྲིན་གླེང་སྟེགས།
བོད་ཡིག་ཅན། 小西天尕咪总寺  gamalgonchen