གཡུང་དྲུང་བོན་གྱི་དྲྭ་རྒྱ།

རྒྱལ་བ་སྨན་རི་བའི་བརྟན་བཞུགས་ཉིན་གསུམ་པའི་མཛད་རིམ་དང་བཀྲ་ཤིས་དགའ་སྟོན།

img_1239

བོད་ཟླ་བ་དགུ་པའི་ཚེས་གསུམ་ཕྱི་ལོ་༢༠༡༦ཟླ་བ་༡༡ཚེས་༢ཉིན་འཛམ་གླིང་བོན་གྱི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་རྒྱས་འབུལ་གྱི་ཉིན་གསུམ་པའི་སྐབས།

img_1245img_1242

ཞོགས་པའི་ཕྱག་ཚོད་༩་པའི་སྟེང་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་མཆོག་ནས་དད་ལྡན་མང་ཚོགས་རྣམས་ལ་དྲན་པ་ཚེ་སྒྲུབ་ཀྱི་བཀའ་དབང་བསྩལ་གནང་མཛད་པ།

img_1248img_1249

དད་ལྡན་དགེ་འདུན་མང་ཚོགས་ནས་དྲན་པ་ཚེ་སྒྲུབ་ཀྱི་བཀའ་དབང་ལ་གསན་བཞིན་པ།

img_1255img_1269

སྨན་རིའི་ཚོགས་ཆེན་འདུ་ཁང་ཆེན་མོ་ལ་དགེ་འདུན་མང་ཚོགས་རྣམས་དང་ཆེས་མཐོའི་སྐུ་ངོ་རྣམས་དང་བརྟན་བཞུགས་གོ་སྒྲིག་པ་རྣམས་ཀྱིས་བཀའ་དབང་ལ་གསན་བཞིན་པ།

img_1270img_1271

བོད་གཞིས་བྱེས་གཉིས་དང་འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་ནས་ཆེད་ཕེབས་གནང་བའི་དད་ལྡན་མང་ཚོགས་རྣམས་ཀྱིས་བཀའ་དབང་ལ་གསན་བཞིན་པ།

img_1318img_1320

ཕྱག་ཚོད་༢་དང་སྐར་མ་༣༠་ནས་༣་པའི་བར་བརྟན་བཞུགས་གོ་སྒྲིག་ཚོགས་པའི་ཚོགས་གཙོ་མཆོག་ནས་བརྟན་བཞུགས་ཀྱི་སྔ་ཕྱིའི་བརྒྱུད་རིམ་དང་འབྲེལ་ངོ་སྤྲོད་གསུང་བཤད་གནང་བ།

img_1334img_1343

ཕྱག་ཚོད་༣་པ་ནས་གཞས་སྣ་འཁྲབ་སྟོན་དབུ་འཛུགས་ཀྱིས་ཐོག་མར་བོན་གཞིས་ཉིན་སློབ་ཀྱི་སློབ་ཕྲུག་ཡོངས་ནས་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གི་བཀའ་དྲིན་རྗེས་དྲན་དང་། ཁོང་གི་སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་གྱི་མཉམ་གཞས་༼བཀའ་དྲིན་ཆེ། ཐུགས་རྗེ་ཆེ།༽ཞེས་པ་གཟིགས་འབུལ་ཞུས་པ།

img_1359img_1366

ཉིན་སློབ་ཀྱི་བྲོ་པ་རྒན་པ་རྣམས་ནས་མདོ་སྨད་བླ་བྲང་གི་འཁྲབ་གཞས་༼བོད་ཁ་བ་ཅན་གྱི་བླ་རི་༽ཞེས་པ་གཟིགས་འབུལ་ཞུས་པ།

img_1372img_1370

ཝཱར་ན་མཐོ་སློབ་ཀྱི་སློབ་མ་རྣམས་ཀྱིས་འཁྲབ་གཞས་༼རེབ་གོང་བསྐོར་བྲོ་ས་འདི་ལ་སྐྱེས་པའི་སྨོན་ལམ་འདེབས་༽ཞེས་པ་འཁྲབ་གནང་བ།

img_1347img_1399

གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་སློབ་ཕྲུག་ཁག་གཅིག་ནས་གཞས་དང་ཞབས་བྲོ་གཟིགས་འབུལ་ཞུས་པ།

img_1378img_1430

བོན་བུ་ཁྱིམ་ཁང་གི་སློབ་ཕྲུག་རྣམས་ཀྱིས་གཞས་དང་ཞབས་བྲོ་གཟིགས་འབུལ་ཞུས་པ།

img_1449img_1457

བོན་ཕྲུག་བདེ་དོན་གྱི་སློབ་ཕྲུག་རྣམས་ཀྱིས་གཞས་དང་ཞབས་བྲོ་གཟིགས་འབུལ་ཞུས་པ།

img_1375img_1385

ཕྱོགས་མཐའ་ཁག་ནས་ཆེད་ཕེབས་ཀྱི་སྐུ་མགྲོན་རྣམས་ཀྱིས་སྙན་ངག་གྱེར་འདོན་དང་གླུ་གཞས་བཏང་གནང་བ།

img_1460img_1480

ཕྱོགས་མཐའ་ཁག་ནས་ཆེད་ཕེབས་ཀྱི་སྐུ་མགྲོན་རྣམས་ཀྱིས་སྙན་ངག་གྱེར་འདོན་དང་གླུ་གཞས་བཏང་གནང་བ།

img_1323img_1476

བོད་གཞིས་བྱེས་གཉིས་དང་འཛམ་གླིང་ཤར་ནུབ་ཁག་ནས་ཕེབས་པའི་སེར་སྐྱ་སྟོང་ཕྲག་ལས་བརྒལ་བས་བཀྲ་ཤིས་དགའ་སྟོན་གྱི་བསྟན་མོར་གཟིགས་བཞིན་པ།

 img_1309img_1484

༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དགེ་བཤེས་ཟླ་བ་དར་རྒྱས་ལགས་ནས་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་འདུས་སྤྱིའི་ཚབ་ཞུས་ཏེ་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན་གཙོ་བོར་གྱུར་པའི་སེར་སྐྱ་ལྷན་རྒྱས་ལ་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་དང་བཅས་བཀྲ་ཤིས་དགའ་སྟོན་གྱི་མཛད་སྒོ་མཇུག་ཡོངས་སུ་གྲུབ་པར་གནང་།

img_1478img_1492

བརྟན་བཞུགས་མཛད་སྒོ་ལ་ཆེད་དུ་ཕེབས་པའི་སྐུ་མགྲོན་མི་སྣ་གཙོ་ཁག་ནི།

༧དཔལ་ཁྲི་བརྟན་ནོར་རྩེའི་༧མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། ༧དཔལ་ཁྲི་བརྟན་ནོར་རྩེ་བཤད་སྒྲུབ་མཁན་སློབ་རྣམ་པ་གཉིས་གཙོས་བཤད་སྒྲུབ་གྲྭ་ཚང་གི་དགེ་སློབ་གྲངས་བརྒྱ་ལྷག་དང་། རྡུ་ར་ཊུན་རྫ་སྨོན་རྒྱལ་དགོན་པའི་དགེ་བཤེས་གཡུང་དྲུང་བསྟན་འཛིན་ལགས་གཙོས་དགེ་སློབ་རྣམ་པ། ཞུ་རི་ཞང་གཡུང་དྲུང་ཀུན་གྲགས་གླིང་གི་དགེ་སློབ་རྣམ་པ། ལ་དྭགས་བོན་དགོན་གྱི་དབུ་འཛིན་དགེ་བཤེས་ལུང་རིག་ཉི་མ་ལགས། བལ་ཡུལ་བསམ་གླིང་དགོན་པའི་བླ་མ་དགེ་བཤེས་གཙུག་ཕུད་རྣམ་རྒྱལ་ལགས། བརྟན་བཞུགས་གོ་སྒྲིག་ཚོགས་པའི་སློབ་སྟོན་ཚོགས་མི་བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོ་ལགས། བརྟན་བཞུགས་གོ་སྒྲིག་ཚོགས་པའི་ཚོགས་གཙོ་ཀུན་གསལ་ཟླ་བ་ལགས་དང་། ༧དཔལ་ཁྲི་བརྟན་ནོར་བུ་རྩེའི་མཁན་ཟུར་དགེ་བཤེས་ཉི་མ་དབང་རྒྱལ་རིན་པོ་ཆེ། དབྱིན་ཇིར་གནས་བཞུགས་ཁྱིམ་གསར་བླ་མ་ཕུན་ཚོགས་བཀྲ་ཤིས་རིན་པོ་ཆེ་དང་། སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་ལགས། བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་ལགས། སྤྱི་འཐུས་དབྲ་ཙ་བསོད་ནམས་ནོར་བུ་ལགས། ལྡི་ལིའི་སྐུ་ཚབ་དོན་གཅོད་ཁང་གི་སྐུ་ངོ་དྲུང་ཆེ་ཚེ་དབང་རྒྱལ་པོ་ལགས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས། དབུས་མདོ་སྨད་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་གངས་རི་ལགས། བོན་གཞིས་ས་གནས་འགོ་འཛིན་བློ་ལྡན་ཉི་མ་ལགས་དང་། བོན་གཞིས་ས་གནས་རང་བདེན་ཚོགས་ཆུང་ཀྱི་ཚོགས་གཙོ་བློ་བཟང་རྒྱ་མཚོ། ཝཱ་ཎཱ་དབུས་བོད་ཀྱི་གཙུག་ལག་སློབ་ཆེན་གྱི་གཡུང་དྲུང་བོན་དགེ་སློབ་ཁང་གི་དགེ་སློབ་རྣམ་པ། ས་གནས་ཉིན་སློབ་ཁང་གི་དགེ་སློབ་རྣམ་པ། བོན་གཞིས་བཙུན་དགོན་གྱི་དགེ་སློབ་རྣམ་པ། དེ་བཞིན་བོད་ཕྱི་ནང་གཉིས་དང་ཤར་ནུབ་རྒྱལ་ཁབ་ཡུལ་གྲུ་ཁག་ནས་ཕེབས་པའི་བོན་འབངས་དད་ལྡན་སེར་སྐྱ་སྟོང་ཕྲག་ལས་བརྒལ་བར་འཛོམས་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ་གཡུང་དྲུང་བོན་དྲྭ་རྒྱ་རྒྱུན་ལས་ཁང་ནས་འཕྲལ་དུ་སྤེལ་བ་དགེ་གྱུར་ཅིག །