༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་ཤེས་རབ་སྨྲ་སེང་གི་བཀའ་དབང་གནང་བ།

IMG_1833IMG_1832

དེ་ཡང་འཆར་ཅན་ལྟར་གཡུང་དྲུང་བོན་གྱི་གདན་ས་གོང་མ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་༣༧པའི་རྒྱུན་ལས་ནས་གོ་སྒྲིག་འོག གཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་གཅིག་བོད་རྒྱལ་ལོ་༣༡༥༤གནམ་ལོ་མེ་བྱ་ལོའི་ཟླ་བ་དང་པོའི་ཚེས་ཉེར་བཞིའི་ཉིན་ནས་གནམ་གང་བར་ཏེ། ཕྱི་ལོ་༢༠༡༧ཟླ་བ་གསུམ་པའི་ཚེས་༢༡ནས་དབུ་འཛུགས་གནང་ཏེ་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་གེའི་སྒྲུབ་ཆེན་ལ་འཚོགས་ཡོད་པ་རེད།

343

གོང་ཟླའི་ཉེར་བཞི་ཉིན་གྱི་ཞོགས་ཚོད་ལྔ་པ་ཙམ་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་བླ་སྤྲུལ་རྣམ་པ་དབུ་བཞུགས་ཐོག སྨན་རིའི་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་དང་སློབ་གཉེར་པ་འདུས་གྲྭ་ཡོངས་རྫོགས་ཀྱིས་བདུན་ཕྲག་གཅིག་རིང་བསྒྲུབ་པར་བཞུགས་བཞིན་ཡོད་པ་དང་།

IMG_7984IMG_7985

ཚེས་ཉེར་དགུའི་དགོང་མོར་མཚན་ཕུད་ཀྱི་སྒྲུབ་པ་བཅས་ཉིན་མཚན་བརྒྱད་ཀྱི་རིང་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་དཀྱིལ་འཁོར་ཞལ་ཕྱེས་ནས་བསྙེན་འཛབ་གྲངས་ཚང་བསག་བསྒྲུབ་མཛད་ཡོད་པ་དང་། བོད་ཚེས་གནམ་གང་ཉིན་གྱི་ཞོགས་པ་ནས་རྒྱལ་བ་མཉམ་མེད་ཆེན་པོའི་བླ་སྒྲུབ་དང་ཤེས་རབ་སྨྲ་སེང་གི་སྒྲུབ་གཞུང་སོགས་སྦྲག་སྟེ་གཏང་རག་གི་ཚོགས་འཁོར་རྒྱས་འབུལ་ཞུས་ཡོད།

IMG_1825IMG_1827

ཉིན་དེའི་ཕྱག་ཚོད་བཅུ་པ་ཙམ་ནས་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་བོན་གཞིས་སྐྱ་སེར་ཡོངས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཡོང་བའི་དད་འདུན་སློབ་ཚོགས་ཡོངས་ལ་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་བཀའ་དབང་བཀའ་དྲིན་བསྩལ་གནང་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ།

གྱེར་ནག་ཚང་གིས་སྤེལ།

1,500 total views, 1 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།