སྨན་རིའི་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་གྲུབ་མཆོག་ཝཱཎ་གཙུག་ལག་སློབ་ཆེན་དུ་ཕེབས་པ།

IMG_7966IMG_7960

དབུས་ཝཱཎཱ་གཙུག་ལག་སློབ་ཆེན་གྱིས་གདན་ཞུས་ལྟར་སྨན་རིའི་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་གྲུབ་མཆོག་བསླབ་པ་བགྲེས་པོའི་དགུན་ཆོས་ལ་ཕེབས་ཡོད།

IMG_7964IMG_7965

ཕྱི་ལོ་༢༠༡༧ཟླ་བ་༣ཚེས་༡༥བསླབ་པ་བགྲེས་པོའི་ཉིན་དང་པོའི་ཚོགས་ཐེངས་གསུམ་པའི་སྐབས་སྨན་རིའི་བཤད་སྒྲུབ་མཁན་པོ་མཆོག་ནས་སློབ་ཕྲུག་རྣམས་ལ་གཡུང་དྲུང་བོན་གྱི་གཞི་ལམ་འབྲས་གསུམ་སྐོར་ལ་འཆད་ཁྲིད་གནང་།

IMG_7961IMG_7963

ཉིན་གཉིས་པའི་ཚོགས་ཐེངས་བཞི་པའི་སྐབས་བཤད་སྒྲུབ་མཁན་པོ་མཆོག་ནས་གཡུང་དྲུང་བོན་ལུགས་ལྟར་བར་དོའི་རྣམ་བཤད་སྐོར་ལ་ཟབ་ཁྲིད་རྒྱས་པ་གནང་ཡོད་པ་དང་། ཉིན་གསུམ་པའི་ཚོགས་ཐེངས་གཉིས་པའི་སྐབས་བོན་ལུགས་མ་རྒྱུད་ཀྱི་གཞུང་ལྟར་རྨི་ལམ་ལམ་འཁྱེར་སྐོར་ལ་ཟབ་ཁྲིད་གནང་ཡོད་པ་དང་། དེ་གའི་དགེ་སློབ་མང་པོས་ཐུགས་སྣང་ཆེན་པོས་དྲི་བ་དྲིས་ལན་སོགས་ཟབ་རྒྱས་ཞུས་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ།

ཝཱཎཱ་གཡུང་དྲུང་བོན་གྱི་དགེ་སློབ་ཁང་གི་ཉི་མ་གཙུག་ཕུད་ཀྱིས།

1,049 total views, 4 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།