གཡུང་དྲུང་བོན་གྱི་དྲྭ་རྒྱ།

གལ་ཆེའི་གསལ་བསྒྲགས།

IMG_8658ཕན་བདེའི་འབྱུང་གནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་སྤྱི་དང་བྱེ་བྲག་ཏུ་རང་རེའི་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་གཙོས་པའི་རིས་མེད་ཀྱི་སྐྱེས་ཆེན་རྣམ་པའི་སྐུ་ཚེ་བསྐལ་བརྒྱར་བརྟན་ཆེད་དང་། ཡངས་པའི་ཁམས་སུ་སྐྱེ་འགྲོ་ཀུན་གྱི་ལས་ངན་པའི་སྡིག་སྒྲིབ་དག་ཅིང་རྐྱེན་ངན་པའི་བར་ཆད་ཞི་སྟེ་མཐར་བདེ་སྐྱིད་ཀྱི་དཔལ་ལ་རོལ་བའི་ཆེད་དུ།
ལོ་རེར་འཆར་ཅན་ལྟར་ལོ་དུས་ཀྱི་གསོལ་ཁ་དང་ཟླ་དུས་ཀྱི་མཆོད་པ། འདི་ག་སངས་རྒྱས་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་འབུལ་ལམ་ཞུ་བཞིན་ཡོད་པ་ལགས་ན།

འདི་ལོའི་བོད་ཟླ་༣་ཚེས་༩་ནས་གཏོར་མ་བཅའ་བཟོ་དབུ་འཛུགས་གནང་རྒྱུ་དང་ཚེས་༡༠་ནས་༡༦་བར་བདུན་ཕྲག་གཅིག་གི་རིང་དུ་༧་དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་འདུས་མང་ཡོངས་དང་། བཙུན་དགོན་རདྞ་སྨན་གླིང་གི་བཙུན་མ་རྣམས་ཀྱིས་ཀྱང་བསྟན་སྲུང་ཡོངས་ཀྱི་གཙོ་མོ་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་རྒྱས་འབུལ་ཞུ་འཆར་ཡོད་པ་ལགས་ན།
དེ་ལུགས་སུ་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་དད་ལྡན་ལྷ་སྡེ་སེར་སྐྱ་མི་མང་ཡོངས་ཀྱིས་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་བརྩོན་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད་པས་ཀུན་གྱིས་དགོངས་འཇགས་ཞུ། །

༧དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་ནས།
ཕྱི་ལོ་༢༠༡༧།༠༥།༣།ཉིན།