གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧རྒྱལ་བ་སྨན་རི་བའི་སྐུའི་ཞབས་རིམ་སྲིད་རྒྱལ་འབུམ་ཚོགས་འབུལ་བཞིན་པ།

IMG_3151IMG_3150

༄༅། །ད་ལན་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག་གི་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་ཟབ་མོ་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། སྐུ་ཡི་སྙུང་ཁམས་དྭངས་ཤིང་སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་ཅིང་བཞུགས་ཕྱིར།
འདི་ག་སྨན་རིའི་གྲྭ་ཚང་འདུས་མང་ཡོངས་དང་བཙུན་དགོན་རདྞ་སྨན་གླིང་གི་བཙུན་མ་རྣམ་པ་བཅས་ནས་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་རྒྱས་འབུལ་དང་བསྟན་སྲུང་དམ་ཅན་སྡེ་ཚོགས་ལ་བསྐང་གསོལ་དང་འཕྲིན་བཅོལ།
གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་དུ་ཀུན་གསལ་བྱམས་མའི་དགྲ་ཟློག་དང་། ལྷ་སྡེ་མི་མང་རྣམ་པས་བྱམས་མའི་སྔགས་བསྟོད་དང་བར་ཆད་ལམ་སེལ་བཅས་མགོན་པོ་གང་གི་སྐུ་ཕྱྭའི་ཞབས་རིམ་དུ་བདུན་ཕྲག་གཅིག་གི་རིང་ལ་སྒྲུབ་བཞིན་ཡོད་པའི་གནས་ཚུལ་ཙམ་དུ།
༧དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་ནས།
ཕྱི་ལོ་༢༠༡༧་ཟླ་༨་ཚེས་༢༣ཉིན།
57D8D8C0-7E91-4873-AB3D-55843668D22EDFE6BFE5-D4D8-4E97-9511-00B5BE97FF9E
༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སྲིད་རྒྱལ་འབུམ་ཚོགས་འབུལ་བཞིན་པའི་གཏོར་ཚོགས།
7C1CDBA0-DC7B-4112-B200-3C443A617E9C66389DFF-1556-4403-83B9-64FE6669FCCF
༧དཔལ་གཤེན་བསྟན་རིའི་གྲྭ་ཚང་ནས་སྐུའི་ཞབས་རིམ་བསྒྲུབ་བཞིན་པ།
IMG_5338