གཡུང་དྲུང་བོན་གྱི་དྲྭ་རྒྱ།

གསལ་བསྒྲགས།

IMG_1523ཕྱོགས་མཐའ་ཀུན་ཏུ་བཞུགས་པའི་རྒྱ་ཆེའི་དད་ལྡན་མང་ཚོགས་རྣམས་ལ་ཞུ་དོན། མཁྱེན་གསལ་ལྟར་༧སྐྱབས་༧རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་མཆོག་གྲོང་ཁྱེར་ཅན་དྷི་གྷར་དུ་ཡོད་པའི་ཕོར་ཊིས་ཞེས་པའི་སྨན་ཁང་དུ་སྨན་བཅོས་གནང་བཞིན་བཞུགས་མུས་ཡིན་པ་མ་ཟད། ད་ལྟའི་ཆར་སྐུ་ཡི་སྙུང་གཞིའི་གནས་སྟངས་སྔར་ལས་དྲག་བསྐྱེད་བྱུང་དང་འབྱུང་བཞིན་ཡོད་འདུག་པས།

དེ་ལུགས་རྒྱ་ཆེའི་དད་ལྡན་བོན་འབངས་རྣམས་ནས་དད་གུས་ལྷད་མེད་ཀྱི་སྒོ་ནས་༧ སྐྱབས་རྗེ༧ མཆོག་གི་ཞབས་བརྟན་སྒྲུབ་པ་དང་ད་ལྟའང་བསྒྲུབ་བཞིན་པ་སོགས་ཀྱི་གནས་ཚུལ་རྣམས་རིན་པོ་ཆེའི་ཞབས་ཞུ་བས་ཆད་ལུས་མེད་པར་དུས་ནས་དུས་སུ་༧ སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་མཆོག་ལ་སྙན་གསན་ཞུས་དང་ཞུ་བཞིན་ཡོད་པར། ༧ སྐྱབས་རྗེ་༧ སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་ཀྱང་ཕྱོགས་མཐར་བཞུགས་པའི་དད་ལྡན་བོན་འབངས་ཡོངས་ནས་ངོས་ཀྱི་ཆེད་དུ་སྔ་ཕྱི་བར་གསུམ་ཀུན་ཏུ་ཞབས་བརྟན་བསྒྲུབ་པར་ངོས་ནས་ཁྱེད་རྣམས་ལ་བཀའ་དྲིན་ཐུགས་རྗེ་ཆེ་ཞུ་རོགས་ཞེས་བྱིན་རླབས་ཚན་ཆེན་གྱི་ལྗགས་ལན་ཀྱང་བསྩལ་འདུག་པས། དེ་ལུགས་ཀུན་གྱི་ཐུགས་དབུས་སུ་འཇགས་པར་ཞུ།།

དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ནས།

ཕྱི་ལོ་༢༠༡༧ཟླ་བ་༩ཚེས་༣ཉིན།