གཡུང་དྲུང་བོན་གྱི་དྲྭ་རྒྱ།

༤༽ བོད་གཞིས་བྱེས་གཉིས་སུ་རྒྱལ་བ་སྨན་རི་བའི་ཞབས་རིམ་སྒྲུབ་བཞིན་པ། མུ་འགོད།

DC2EE7EA-F7C7-4AC8-A899-540F616183B7-27175-000016A9E94C01A8_tmp43F938D9-5A26-4C83-ACD0-1DA665428F1D-27175-000016A9F85C00A5_tmp

(གནས་ཚུལ་སྔ་མའི་འཕྲོ།) ༧གཡུང་དྲུང་བོན་གྱི་གདན་ས་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་ནས་ཕྱི་ཟླ་དགུ་པའི་ཚེས་༧ཉིན་ནས་༧རྒྱལ་བ་སྨན་རི་བ་མཆོག་ལ་ཞབས་བརྟན་དུ་ཀུན་གསལ་བྱམས་མ་སྔགས་བསྟོད་དང་ཚེ་སྒྲུབ། བར་ཆད་ལམ་སེལ་བསམ་པ་མྱུར་འགྲུབ་མ་སོགས་གསོག་སྒྲུབ་ཞུ་བཞིན་པ།

IMG_1746510D04B0-085C-456B-B570-73F34F095D94-27461-000016CDCD28378F_tmp

༧བོན་གཞིས་བཙུན་དགོན་རད་ན་སྨན་གླིང་གི་བཙུན་མ་ཡོངས་ནས་༧རྒྱལ་བ་སྨན་རི་བའི་ཞབས་རིམ་དུ། སྲིད་རྒྱལ་འབུམ་ཚོགས་ཉིན་བདུན། ཁྲོ་གཞུང་ཉིན་གསུམ། བྱམས་མ་མཚན་རྒྱུན་གཅིག སྨན་ལྷ་ཉིན་གཉིས། དེ་མིན་བྱམས་མ་དང་། ཚེ་སྒྲུབ། སྐུའི་ཞབས་བརྟན་གསོལ་འདེབས། བར་ཆད་ལམ་སེལ་སོགས་གསོག་སྒྲུབ་ཞུས་པ།

E70AD49F-07EE-4022-9059-5714CBF5BBF6-27318-000016B4FC7BD9D9_tmpCF26DED7-EB09-433A-99D3-95EF83D28279-27318-000016B3F250236D_tmp

༧བོན་ཕྲུག་བདེ་དོན་ཚོགས་པའི་ལས་བྱེད་དང་སློབ་ཕྲུག་ཡོངས་ནས་ཕྱི་ཟླ་དགུ་པའི་ཚེས་༥ཉིན་ནས་༧རྒྱལ་བ་སྨན་རི་བའི་ཞབས་རིམ་དུ། བྱམས་མ་དང་། ཚེ་སྒྲུབ། བར་ཆད་ལམ་སེལ། སྐུའི་ཞབས་བརྟན་གསོལ་འདེབས་སོགས་གསོག་སྒྲུབ་ཞུ་བཞིན་པ།

IMG_1744DFCC220E-9AB1-4D3B-A7E1-58278CCDF83E-27461-0000171BB4304DCB_tmp

ED40A3CC-3796-43D3-94DF-8AE23BF7D6A7-27461-0000171B4A5D69CD_tmp2EE16224-476B-4DB0-9983-23910098B45A-27461-0000171B260D4FFD_tmp

༧བོན་བུ་ཁྱིམ་ཁང་གི་ལས་བྱེད་དང་སློབ་ཕྲུག་ཡོངས་ནས་ཕྱི་ཟླ་དགུ་པའི་ཚེས་༢ཉིན་ནས་༧རྒྱལ་བ་སྨན་རི་བའི་ཞབས་རིམ་དུ། བྱམས་མ་དང་། ཚེ་སྒྲུབ། བར་ཆད་ལམ་སེལ་སོགས་ཆད་མེད་དུ་གསོག་སྒྲུབ་ཞུ་བཞིན་པ།

IMG_1745IMG_9531

༧གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་དགེ་སློབ་ཐུན་མོང་ནས་ཕྱི་ཟླ་དགུ་པའི་ཚེས་༡ཉིན་ནས་༧རྒྱལ་བ་སྨན་རི་བའི་ཞབས་རིམ་དུ། བྱམས་མ་དང་། ཚེ་སྒྲུབ། བར་ཆད་ལམ་སེལ་སོགས་ཆད་མེད་དུ་གསོག་སྒྲུབ་ཞུས་བཞིན་པ།

2011111514014438IMG_0337

༧བོན་གཞིས་གསང་སྔགས་སྒོམ་གླིང་ནས་ཕྱི་ཟླ་དགུ་པའི་ཚེས་༡ཉིན་ནས་༧རྒྱལ་བ་སྨན་རི་བའི་ཞབས་རིམ་དུ། བྱམས་མ་དང་། ཚེ་སྒྲུབ། བར་ཆད་ལམ་སེལ་སོགས་གསོག་སྒྲུབ་ཞུས་པ།

img_1124IMG_1827

བོན་གཞིས་ཐོབ་རྒྱལ་གསར་པའི་གཞིས་ཆགས་ལས་ཁུངས་དང་ས་གནས་གཞོན་ནུ་གཉིས་ཀྱིས་གོ་སྒྲིག་འོག་ཕྱི་ཟླ་༨་ཚེས་༣༠ཉིན་ནས་ཕྱི་ཟླ་༩ཚེས་༦བར་ཉིན་གྲངས་བརྒྱད་ཀྱི་རིང་ལ་བོན་གཞིས་མི་མང་རྒན་དར་གཞོན་གསུམ་སོགས་ཚང་འཛོམས་ཐོག་༧རྒྱལ་བ་སྨན་རི་བའི་ཞབས་རིམ་དུ། བྱམས་མ་དང་། ཚེ་སྒྲུབ། བར་ཆད་ལམ་སེལ་སོགས་གསོག་སྒྲུབ་ཞུས་པ།

870479DC-3DE0-431C-A56A-9D2E47B6DCF7-27970-0000175CA0204843_tmpECF322E0-7145-477C-94BE-127ECB1441A1-27970-0000175C99432EF2_tmp

༧འབྲས་ལྗོངས་སོག་གཡུང་དྲུང་གླིང་དགོན་པ་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཞབས་རིམ་ཚེ་སྒྲུབ་དང་བྱམས་མ་སོགས་བདུན་ཕྲག་གཅིག་རིང་ལ་གསོག་སྒྲུབ་ཞུས་པ།

 

གནས་ཚུལ་འབྱོར་རིམ་ལྟར་མུ་འགོད་ཡིན་པས་དེ་ལུགས་དགོངས་འཇུགས་ཞུ།