གཡུང་དྲུང་བོན་གྱི་དྲྭ་རྒྱ།

གསལ་བསྒྲགས།

༄༅།། རྒྱ་ཆེ་དད་ལྡན་བོན་འབངས་ཡོངས་ལ་སྙན་གསན་ཞུ་རྒྱུར།
བོད་ཕྱི་ནང་གཉིས་ནས་རང་ཅག་དགོན་སྡེ་དང་བོན་ཚོགས་སོགས་སུ་ཞིང་གཤེགས་དམ་པ་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་སྨྲོས་ན་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གི་སྐུ་བརྙན་གསེར་སྐུ་དང་སྐུ་གདུང་མཆོད་རྟེན་མཆོད་པའི་རྟེན་དུ་བཞེངས་འཆར་གྱི་མོས་འདུན་ཡོད་མཁན་རྣམས་ནས་བྱིན་རྟེན་གདུང་རུས་དང་གདུང་ཐལ་སོགས་ཞུ་དགོས་ཡོད་ཚེ་འདི་ག་སྨན་རིའི་བླ་བྲང་གི་ཞབས་ཞུ་བ་སྐྱོང་སྤྲུལ་རིན་པོ་ཆེ་ལ་འབྲེལ་བ་གནང་རོགས་ཞུ་ཞུ།།

༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ནས།
ཕྱི་ལོ་༢༠༡༧།༡༠།༢༣ཉིན།