གཡུང་དྲུང་བོན་གྱི་དྲྭ་རྒྱ།

གསོ་རིག་འབུམ་བཞིའི་མཐོ་སློབ་ཁང་གི་ལོ་མཇུག་གི་ཡིག་ཚད་ལེགས་གྲུབ་བྱུང་བ།

འཆར་ཅན་ལྟར་ཕྱི་ལོ་ ༢༠༡༧ ཟླ་བ་ ༡༢ ཚེས་ ༡༨ ཉིན་ནས་བོན་གཞིས་ཐོབ་རྒྱལ་གསར་པར་བརྟེན་གཞིར་བྱས་པའི་གསོ་རིག་འབུམ་བཞིའི་མཐོ་སློབ་ཁང་གི་ལོ་མཇུག་ཡིག་ཚད་དབུ་འཛུགས་གནང་ཡོད་པ་དང་།

གོང་ཚེས་ཉིན་གསོ་རིག་འབུམ་བཞིའི་སྐབས་དང་པོའི་འཛིན་གྲྭ་དང་གཉིས་པ་གསུམ་པ་བཅས་ལ་སློབ་དེབ་སོ་སོའི་སྨན་གྱི་ཡིག་ཚད་དང་པོ་བཏང་གནང་ཡོད་པ་དང་། ཕྱི་ཚེས་༢༠ཉིན་སྨན་གྱི་ཡིག་ཚད་གཉིས་པའི་འབྲི་ཤོག་བཏང་གནང་།


ཕྱི་ཚེས་༢༢ཉིན་རིག་གནས་ནག་རྩིས་དང་སྙན་ངག་སུམ་རྟགས་བཅས་ཀྱི་ཡིག་ཚད་བཏང་ནས་ཡོངས་སུ་མཇུག་གྲུབ་ཡོད། ཡིག་ཚད་བལྟ་ཞིབ་པ་འབུམ་བཞིའི་སློབ་དགེ་རྣམས་དང་མཐོ་སློབ་ཀྱི་རྒྱུན་ལས་རྣམ་པ། དེ་བཞིན་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་ཕེབས་ཡོད་པ་བཅས་སོ། །