གཡུང་དྲུང་བོན་གྱི་དྲྭ་རྒྱ།

དད་ལྡན་བོན་འབངས་ཡོངས་ལ་གལ་ཆེའི་གསལ་བརྡ།

ཕྱི་ལོ་༢༠༡༧་ཟླ་བ་༡༢་ཚེས་༢༡་དང་བོད་མེ་བྱ་ལོའི་བོད་ཟླ་༡༡་ཚེས་༣་ཉིན་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་བཞི་པའི་རྟགས་སྒྲིལ་གྱི་ཆེད་དུ་བོན་གཞིས་ཐོབ་རྒྱལ་གསར་པའི་གཞིས་དགོན་གཉིས་ནས་རྒྱུན་བཞིའི་གེགས་སེལ་ཞུ་རྒྱུ་དང་།

གོང་ཚེས་༤་ནས་༡༤་བར་སྨན་རིའི་སྒྲུབ་ཁང་དབང་དྲག་འབར་བའི་ཕོ་བྲང་ནང་དུ་བོན་སྐྱོང་བསྟན་སྲུང་དམ་ཅན་རྒྱ་མཚོའི་སྡེ་ལ་ཚོགས་མཆོད་རྒྱས་འབུལ་དང་། ༧དཔལ་ལྡན་སྨན་རིའི་བླ་བྲང་གི་ཡང་ཐོག་ཏུ་རྒྱལ་བ་སྨན་རི་བའི་ཡི་དམ་ཕུར་པའི་ཚོགས་མཆོད་རྒྱས་འབུལ། ཁྲོ་བོའི་ལྷ་ཁང་དུ་བསྐང་འབུམ། འདུལ་ཁང་དུ་གྲྭ་ཚང་འདུས་མང་ཡོངས་ཀྱིས་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་དང་ཡི་དམ་ཕུར་པའི་ཚོགས་མཆོད་རྒྱས་འབུལ། དེ་བཞིན་བཙུན་དགོན་རད་ཎ་སྨན་གླིང་དུ་བོན་སྐྱོང་ཚོགས་མཆོད་སོགས་སྒྲུབ་བཞིན་ལགས་ན་དེ་ལུགས་སུ་རྒྱལ་ཕྱི་ནང་གང་སར་བཞུགས་པའི་དགོན་སྡེ་དང་ཚོགས་པ་ཁག་གཙོས་པའི་བོན་འབངས་ཡོངས་ནས་ཐུགས་སྨོན་གསོལ་འདེབས་རྒྱ་མི་ཆུང་བར་གནང་བའི་རེ་བསྐུལ་ཞུ་རྒྱུ་དང་བཅས།

༧གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་ནས།
ཕྱི་ལོ་༢༠༡༧་ཟླ་༡༢་ཚེས་༢༡་ཉིན།