གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སྐབས་བཅུ་དགུ་པའི་དགེ་བཤེས་དམ་བཅའ་ཆེན་མོ་དབུ་འཛུགས་གནང་བ།

རྒྱལ་བ་གཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་གཅིག་བོད་ས་ཕོ་ཁྱི་ལོའི་བོད་ཟླ་དང་པོའི་ཚེས་བཅུ་གཉིས་ཉིན་ཏེ། ཕྱི་ལོ་ ༢༠༡༨ ཟླ་ ༠༢ ཚེས་ ༢༧ཉིན། ༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སྨན་རིའི་མཁན་རབས་སོ་བཞི་པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་དང་། སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ། བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ། བཤད་སྒྲུབ་སློབ་དཔོན་དགེ་བཤེས་དགེ་ལེགས་རྒྱ་མཚོ་བཅས་དབུ་བཞུགས་ཐོག སྐབས་བཅུ་དགུ་པའི་དགེ་བཤེས་དམ་བཅའ་ཆེན་མོ་དབུ་འཛུགས་གནང་པ་དང་།                                                    ཉིན་དང་པོའི་དམ་བཅའི་བཀའ་རམས་པ་རྣམས།

                  བཤད་སྒྲུབ་མཁན་སློབ་རྣམ་གཉིས་ནས་དམ་བཅའ་བར་རྟགས་བསལ་གཏོང་བཞིན་པ།

དེ་ཡང་སྔ་དྲོའི་ཕྱག་ཚོད་བཅུ་པའི་ཐོག་སྐྱབས་རྗེ་མཁན་སློབ་རྣམ་གཉིས་གཙོས་བཤད་སྒྲུབ་མཁན་སློབ་རྣམ་པ་ཚོགས་མགོན་དུ་གདན་འདྲེན་ཞུས་རྗེས། སྐབས་བཅུ་དགུ་པའི་བཀའ་རམས་པ་བསླབ་པ་རྒན་རིམ་ལྟར་བཀའ་རམས་གསུམ་གྱིས་ངག་རྒྱུགས་ཕུལ་བ་དང་།

ཕྱི་དྲོ་ཕྱག་ཚོད་གཅིག་དང་ཕྱེད་ཀ་ནས་ལྔ་པའི་བར་དགེ་བཤེས་རྣམ་པ་གཙོས་རྫོགས་ཆེན་དང་སྔགས་འཛིན་གྲྭ་གོ་རིམ་བཞིན་རྟགས་བསལ་བཏང་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་མོ། །

1,011 total views, 2 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།