དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སྐབས་སོ་བརྒྱད་པའི་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་སྒྲུབ་པ་ཆེན་མོ་འཚོགས་པའི་གནས་བསྡུས།

དེ་ཡང་༡༩༨༠ནས་བཟུང་འཆར་ཅན་ལྟར་བོད་ཟླ་དང་པོའི་༢༣ ནས་ཚེས་༣༠ བར་བདུན་ཕྲག་གཅིག་གི་རིང་། རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་སྒྲུབ་པ་ཆེན་མོ་འཚོགས་བཞིན་ཡོད་ལ། དེ་ཡང་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་སྒྲུབ་པ་འདི་ནི་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་འཆར་ཅན་སྒྲུབ་པ་བཅུ་གཉིས་ཀྱི་དང་པོ་ཡིན་ལ། དེ་ཡང་སློབ་གཉེར་བ་རྣམས་སློབ་འགོ་མ་ཚུགས་པའི་སྔ་རོལ་དུ་ཆེད་དུ་དམིགས་ནས་བཙུགས་པ་ཞིག་ཀྱང་ཡིན།

དེ་ཡང་ཕྱི་ལོ་༢༠༡༨ལོའི་ཟླ་༠༣ཚེས་༡༠ཉིན་ཞོགས་པ་ཆུ་ཚོད་ལྔ་པ་ཙམ་ནས་སྐབས་༣༨པའི་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་སྒྲུབ་པ་ཆེན་མོ་འཚོགས་པ་དང་།

དེ་ཡང་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་དབུ་བཞུགས་ཐོག སྨན་རིའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་། བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་རྣམས་དང་སློབ་གཉེར་པ་ཡོངས་རྫོགས་ཀྱིས་བདུན་ཕྲག་གཅིག་རིང་བསྒྲུབ་པར་བཞུགས་ཡོད་པ་རེད།

བོད་ཚེས་ཉེར་དགུའི་དགོང་མོར་མཚན་ཕུད་ཀྱི་སྒྲུབ་པ་བཅས་ཉིན་མཚན་བརྒྱད་ཀྱི་རིང་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་དཀྱིལ་འཁོར་ཞལ་ཕྱེས་ནས་ཤེས་རབ་སྨྲ་བའི་སེང་གེའི་སྐུ་གསུང་ཐུགས། ཡོན་ཏན་འཕྲིན་ལྔའི་བསྙེན་འཛབ་གྲངས་ཚང་བསགས་མཛད་རྗེས། བོད་ཚེས་༣༠ཉིན་གྱི་ཞོགས་པ་ནས་༧རྒྱལ་བ་མཉམ་མེད་ཆེན་པོའི་བླ་སྒྲུབ་དང་ཤེས་རབ་སྨྲ་བའི་སེང་གེའི་སྒྲུབ་གཞུང་སོགས་སྦྲགས་ཏེ་གཏང་རག་གི་ཚོགས་འཁོར་རྒྱས་འབུལ་བྱེད་རྒྱུ་ཡིན་པ་དང་།

བོད་ཚེས་༣༠སྔ་དྲོའི་ཕྱག་ཚོད་བཅུ་པ་ཙམ་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ནས་བོན་གཞིས་སེར་སྐྱ་ཡོངས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་སློབ་ཚོགས་ཡོངས་ལ་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་བཀའ་དབང་བཀའ་དྲིན་བསྩལ་གནང་རྒྱུ་དང་བཅས་གནས་བསྡུས་ཙམ་མོ། །

 

1,067 total views, 2 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།