དཔལ་གཤེན་སྨན་རིའི་གླིང་གི་སྐབས་བཅུ་དགུ་པའི་དགེ་བཤེས་དམ་བཅའ་ཉིན་གསུམ་པའི་གནས་བསྡུས།

                              ཉིན་གསུམ་པའི་བཀའ་རམས་པ་རྣམས་དམ་བཅའ་ལ་བཞུགས་པ།                དགེ་བཤེས་ཤེས་རབ་ཉི་མ་ནས་བླ་མེད་རྫོགས་པ་ཆེན་པོའི་སྐོར་ནས་རྟགས་གསལ་གཏོང་བཞིན་པ།               དགེ་བཤེས་ཚུལ་ཁྲིམས་རྣམ་དག་ནས་བླ་མེད་རྫོགས་པ་ཆེན་པོའི་སྐོར་ནས་རྟགས་གསལ་གཏོང་བཞིན་པ།

             དགེ་བཤེས་བསོད་ནམས་བློ་གྲོས་མཆོག་ནས་བླ་མེད་རྫོགས་པ་ཆེན་པོའི་སྐོར་ནས་རྟགས་གསལ་གཏོང་བཞིན་པ།             དགེ་བཤེས་བསྟན་པ་དར་རྒྱས་མཆོག་ནས་བླ་མེད་རྫོགས་པ་ཆེན་པོའི་སྐོར་ནས་རྟགས་གསལ་གཏོང་བཞིན་པ།

1,047 total views, 1 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།