(བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ་) ཞེས་པའི་དཔེ་ཚོགས་པར་དུ་བསྐྲུན་པ།

 

微信图片_20180910112853.jpg

གསར་དུ་ཐོན་པའི་དཔེ་ཚོགས«བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ།»

ས་ཁའི་བློ་ལྡན།

གལ་ཆེའི་ཡིག་ཚང་གི་གླེགས་བམ་བཅུ་ཕྲག

གནའ་རབས་མཐོང་བའི་མེ་ལོང་ཆེན་མོ།

དེ་ཡང་པར་རྩ་ཞེ་བཞིའི་གཏེར་དུ་གྱུར་པ་སྟེ་པོད་གྲངས་བཅུ་ཡི་བདག་ཉིད་ཅན་གྱི་ལོ་རྒྱུས་དེབ་ཕྲེང«བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ»ཞེས་པ་འདི་ནི། ཞང་བོད་རིག་གནས་སྤྱི་ལ་དགའ་ཞེན་ཆེ་བའི་ཤེས་ལྡན་པ་ཁྲི་བསོད་བསྟན་ལགས་ཀྱིས་ལོ་ངོ་ལྔ་ཕྲག་ལྷག་གི་རིང་ལ་དཀའ་སྤྱད་འབད་རྩོལ་སྒོས་གཙོ་སྒྲིག་བགྱིས་ཤིང་ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་གིས་ཐེངས་དང་པོར་དཔར་དུ་བཏབ་སྟེ་པར་སྐྲུན་འགྲེམས་སྤེལ་བྱས། དངོས་སུ་ལེགས་གྲུབ་བྱུང་བའི་ཡིག་ཆ་འདིར་དགོས་ངེས་ཀྱི་ཁྱད་བོན་ནི།

微信图片_20180910112843.jpg

  1. ཡིག་ཆ་འདི་ལས་ཕལ་ཆེ་བར་པར་རྩ་ཤིན་ཏུ་དཀོན་ཞིང་གཞི་འཛིན་ས་བརྟན་པོ་ཡོད་པས་ལྷད་མེད་གསེར་གྱི་ཐིགས་པ་ལྟ་བུ་ཡིན་པ།
  2. ཡིག་ཆ་འདི་དག་གི་ཐོག་ནས་བོད་ཀྱི་གནའ་བོའི་དཔེ་དཀོན་དང་ལོ་རྒྱུས་སོགས་ཡིག་ཆའི་ནང་གསལ་བ་དང་མ་གསལ་བའི་གནད་དོན་མི་ཉུང་བ་ཞིག་སྔར་ལས་ལྷག་པར་ར་སྤྲོད་བྱེད་ཐུབ་པ།
  3. ཡིག་ཆ་འདི་དག་གི་ནང་གནའ་དེང་གི་ལོ་རྒྱུས་བྱུང་འཕེལ་དང་ཆོས་ལུགས། རྒྱལ་གཤེན་བོན་སྲིད་ཀྱི་གནས་ཚུལ་སོགས་བོད་ཁམས་ཀྱི་རྩ་བའི་ཤེས་རིག་གི་གལ་ཆེའི་ལོ་རྒྱུས་ཞིབ་འཇུག་བྱེད་རྒྱུ་ལ་མཁོ་བའི་དཔང་རྟགས་དང་ཡིག་འབྲུ་གཅིག་ཙམ་ཆད་བརླག་བྱུང་ཡང་ཧ་ཅང་ཕངས་སེམས་བྱེད་དགོས་པའི་རིན་ཐང་ཆེན་པོ་ཡོད་པ།
  4. ཡིག་ཆ་འདི་དག་ལོ་རྒྱུས་སྨྲ་བ་སུ་ཞིག་གིས་བཅོས་བསླད་བྱས་པའི་དྲི་མས་མ་གོས་པས། སྤྱིར་བཏང་གི་ལོ་རྒྱུས་ཡིག་ཆ་གཞན་དང་མི་འདྲ་བའི་ཁྱད་བོན་ལྡན་པར་ཡིད་རྟོན་ཐད་ཀར་གནང་ཆོག་པ།
  5. ནན་ཏར་ལེགས་སྒྲིག་དང་པར་རྩ་ཤིབ་བསྡུར། མཛུབ་འདེད་ཞུས་དག་བྱས་པའི་ཡིག་ཚང་འདི་ནི་ཞང་བོད་ཀྱི་ལོ་རྒྱུས་ཡིག་ཆ་གྲགས་ཅན་མང་པོའི་ནང་ནས་ཁུངས་བཙུན་པ་དང་དཔྱད་གཞིའི་རྣམ་གྲངས་མང་བ། གླེགས་བམ་སོ་སོ་ནས་འཚོལ་བདེ་བ་བཅས་ཀྱི་དགེ་མཚན་བླ་ལྷག་ཆེ་བ་བཅས་དཔྱོད་ལྡན་མཁས་མང་དགྱེས་པའི་མྱུར་མགྱོགས་འཕྲུལ་གྱི་གཞུང་ལམ་གཅིག་པུ་གྱུར་ཡོད་པ་ཀུན་གྱིས་མཁྱེན་གསལ་ལགས་པས་ཡིག་ཚང་འདི་སྔ་མོ་ནས་ཞིབ་འཇུག་བྱ་བའི་རྒྱུ་ཆ་རུ་སྨིན་པའི་སྔོན་བརྡ་དང་འབྲེལ་ཏེ་དཔེ་འཕྲིན་དུ་སྤེལ་བ་ལགས་སོ།།

གཙོ་སྒྲིག་པ་ཁྲི་བསོད་བསྟན་ནི། མདོ་སྨད་ཁྲི་ཀར་སྐྱེས་ཤིང་ཆུང་དུས་སུ་སློབ་ཆུང་ནས་སློབ་འབྲིང་རིམ་པར་འགྲིམས། ཕྱིས་སུ་མཁས་དབང་བོན་བརྒྱ་རིན་པོ་ཆེའི་མདུན་ནས་བོད་ཀྱི་རིག་གནས་སྤྱི་ལ་ཐོས་བསམ་བྱས། སྔ་གཞུག་ཏུ་བོད་ཀྱི་གཞུང་སྒེར་གཉིས་ཀའི་དུས་དེབ་དང་ཚགས་པར་སོགས་སུ་སྙན་ངག་བཞི་བཅུ་ལྷག་དང་དཔྱད་རྩོམ་སྣ་ཚོགས་སྤེལ་ཞིང་ཞོར་དུ་དབྱིན་ཡིག་ལ་ཡང་རང་རྐྱ་འཕེར་བར་སྦྱངས་པ་བྱས།

རྩོམ་སྒྲིག་ལས་ཀའི་སྐོར།

«ཞང་བོད་ཤེས་རིག་ཞིབ་འཇུག་དར་སྤེལ་ལྟེ་གནས»ཞེས་ལས་སྒྲུབ་ཁང་ཞིག་རང་གནས་སུ་བཙུགས་ཏེ་ཞང་བོད་ཤེས་རིག་དར་སྤེལ་དང་འབྲེལ་བའི་ཞིབ་འཇུག་གི་བྱ་ཡུལ་ཅི་རིགས་སྔོག་འདོན་གཅེས་སུ་བཟུང་ནས། གཡུང་དྲུང་བོན་གྱི་དཔྱད་བརྗོད་ལོ་དེབ«དཔྱོད་ལྡན་མཆོད་པའི་མེ་ཏོག»དང་ཁྲི་ཀ་སེ་བརྒྱ་སྡེ་བའི་སློབ་གསོའི་ལོ་དེབ«ཞིང་གྲོང་གི་འགྱུར་ཁུགས»གཉིས་ཀྱི་གཙོ་སྒྲིག་པ་བྱས། གཞན་ཡང་སྤྱི་ལོ2002ལོ་ནས«མཁས་དབང་བོན་བརྒྱ་མཆོག་གི་གསུང་རྩོམ»གླེགས་བམ་སྐོར་ཞིག་དང་། གནའ་བོའི་ཞང་ཞུང་དང་འབྲེལ་བའི་གཡུང་དྲུང་བོན་གྱི་རིག་གཞུང་སྐོར་གྱི་དཔྱད་རྩོམ་བདམས་བསྒྲིགས«བོན་བཤད་སྤྱི་རྒྱ་རླབས་གཅོད།» བོན་གྱི་ལོ་རྒྱུས་དཔྱད་གཞིའི་ཡིག་ཚང་རྙིང་གྲས«སྲིད་པ་རྒྱུད་ཀྱི་ཁ་བྱང»སོགས་དེབ་གྲངས་ཉི་ཤུ་ལྷག་གི་གཙོ་སྒྲིག་པའི་འགན་འཁུར་ཏེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་སོགས་ནས་པར་སྐྲུན་འགྲེམ་སྤེལ་བྱས།

2008ལོ་ནས«གངས་ཏི་སེ་བོན་གཞུང་རིག་མཛོད»དཔེ་ཚོགས་དེབ་ཕྲེང་ཉེར་ལྔའི་བདག་ཉིད་ཅན་གྱི་ཞུ་སྒྲིག་གི་ལས་ཀ་ལོ་གསུམ་གྱི་རིང་ལ་དཀའ་སྤྱད་འབད་འབུངས་བགྱིས་ཏེ་རྩོམ་སྒྲིག་གི་ལས་སུ་ཞུགས། 2010ལོ་ནས་བོན་གྱི་དྲ་བའི་ཚིགས་མལ«ཧི་མ་ལ་ཡའི་བོན»དང«ཧི་བོན་ཟིན་བྲིས»གཉིས་ཀྱི་གཙོ་སྒྲུབ་པའི་ལས་ཀ་གཉེར། 2013ལོར་མཁས་དབང་སྟོང་སྐོར་ཚེ་རིང་ཐར་གྱི་གཙོ་འགན་འོག་བསྒྲིགས་པའི«གནའ་རབས་བོན་གྱི་དཔེ་དཀོན་བྲིས་མ»ཞེས་པའི་ངོ་བཤུ་དང་དག་སྒྲིག་གི་ལས་གཞིར་ཞུགས། 2013ལོ་ནས་ལོ་ལྔའི་རིང་ལོ་རྒྱུས་ཡིག་ཆ་རྩ་ཆེན་ཞེ་བཞི་ཙམ་ཕྱོགས་བསྒྲིགས་བྱས་ཏེ«བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ»པོད་བཅུའི་བདག་ཉིད་ཅན་ད་ལྟ་ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། ཉེ་ལམ“གནའ་བོའི་ཞང་ཞུང་གི་བཀའ་འགྱུར་ཆེན་མོ་རྒྱ་བསྒྱུར་དང་ཞིབ་འཇུག”གི་ལས་གཞིར་ཞུགས་ནས་དཔེ་བསྡུར་གྱི་ལས་ཀ་དང«མཁས་དབང་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གི་གསུང་འབུམ»ཞུ་སྒྲིག་ཞུས་ནས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་སྐྲུན་བྱེད་བཞིན་ཡོད།

རྒྱལ་སྤྱིའི་ཚོགས་འདུའི་སྐོར།

2013ལོར་སོག་ཡུལ་དུ“རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གྲོས་ཚོགས་ཐེངས་བཅུ་གསུམ་པར”ཞུགས་ཏེ་དཔྱད་རྩོམ་སྒྲོག་སྦྱངས་དང་། 2015ལོར“ཀྲུང་གོའི་རྒྱལ་སྤྱིའི་ཞང་ཞུང་རིག་གནས་དཔྱད་གླེང་ཚོགས་འདུ”དང“སྐབས་གཉིས་པའི་བོད་ལྗོངས་ལྷ་སའི་རིག་གཞུང་དཔྱད་གླེང་ཚོགས་འདུ”བཅས་ལ་མཉམ་ཞུགས་གནང་། 2016ལོར་ནོར་ཝེ་པིར་ཀིན་དུ“རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གྲོས་ཚོགས་ཐེངས་བཅུ་བཞི་བར”ཞུགས་ཏེ་དཔྱད་རྩོམ་སྒྲོག་སྦྱངས་གནང་ཡོད་པ་བཅས་སོ།།

—ཁྲི་གཡུང་དྲུང་གིས་བསྡུས།

 

卡片3.jpg

 

 

682 total views, 3 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།