༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་རྒྱ་གར་གྱི་མངའ་ཁོངས་(Sikkimའབྲས་ལྗོངས་)སུ་བསྟན་འགྲོའི་དོན་དུ་མཛད་འཕྲིན་སྐྱོང་བ།

༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ཕྱི་ལོ་༢༠༡༨ཟླ་བ་༡༠པའི་ཚེས་༡༣ཉིན་(ཅང་དྷི་གྷར་Chandigarh) ནས་རྒྱ་གར་གྱི་རྒྱལ་ས་(ལྡི་ལིར་Delhi)ཕེབས་འབྱོར་བྱུང་བ་དང་།

ཚེས་༡༤ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་ཕྱི་དྲོའི་ཕྱག་ཚོད་༢ དང་ཕྱེད་ཀའི་ཐོག་(Bagdogra)གནམ་ཐང་དུ་བདེ་འབྱོར་བྱུང་བ་དང་། སྐབས་དེར་འབྲས་ལྗོངས་༧ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་གི་དགེ་རྒན་དགེ་བཤེས་ཡེ་ཤེས་རྒྱ་མཚོ་མཆོག་དང་༧སོག་གཡུང་དྲུང་གླིང་གི་དགོན་པའི་མཁན་པོ་ཡོན་ཏན་རྒྱ་མཚོ་མཆོག་དང་ཤེས་རིག་ཕུན་ཚོགས་གླིང་གི་ཚོགས་མི་དགེ་བཤེས་འཕྲིན་ལས་རྒྱ་མཚོ་མཆོག་དང་རྩིས་པ་ཚེ་དབང་ལགས་(Gangtokསྒང་ཐོག་)བོད་ཀྱི་བདེ་དོན་རྡོ་རྗེ་རིག་འཛིན་ལགས། (Ravanglaར་སྦང་ལ་)བོད་པའི་ས་གནས་མགོ་འཛིན་གྱི་ལས་དྲུང་མཁྱེན་རབ་བདུད་རྩི་ལགས་བཅས་ཕེབས་བསུར་བཅར་ནས་སྣེ་ལེན་ཟབ་རྒྱས་ཞུས་པ་དང་།

དགོང་དེར་(Siliguri ཤི་ལི་ཀུ་རི་) ལ་ཞག་བཞུགས་མཛད་པ་དང་།  ཚེས་༡༥ཉིན་གྱི་ཞོགས་པའི་ཕྱག་ཚོད་༦པའི་ཐོག་ནས་ཆིབས་གྲུ་བརྒྱུད་རྒྱ་གར་གྱི་ཆར་གཏོགས་འབྲས་ལྗོངས་སོག་གཡུང་དྲུང་གླིང་དགོན་དུ་ཆིབས་བསྒྱུར་སྐྱོང་བ་དང་སྦྲགས།

ཕེབས་ལམ་དུ་(Rangpo རང་པོ་) ས་གནས་སུ་འབྱོར་སྐབས་སྒང་ཐོག་བོད་པའི་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་རིན་ཆེན་ལགས་དང་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དཀོན་མཆོག་ཚེ་རིང་ལགས་དང་ས་གནས་གཞོན་ནུ་ཚོགས་གཞོན་ཀརྨ་འཕྲིན་ལས་ལགས་དང་ས་གནས་བུད་མེད་ཚོགས་པའི་ཚོགས་གཙོའི་ལས་ཚབ་ཚེ་རིང་སྒྲོན་ལགས་ས་གནས་དབུས་གཙང་ཚོགས་གཙོ་བསོད་ནམས་སྟོབས་རྒྱས་ལགས་དང་ས་གནས་མདོ་སྟོད་ཚོགས་གཙོ་ཀརྨ་གཡུ་རྒྱལ་ལགས་དང་ས་གནས་མདོ་སྨད་ཚོགས་གཙོ་པདྨ་དབང་གྲགས་ལགས་དང་སེར་བྱེས་འགྲོ་ཕན་གླིང་གི་དགོན་པའི་ཕྱག་མཛོད་དགེ་བཤེས་དོན་གྲུབ་དབང་རྒྱལ་མཆོག་དང་འགུ་རུ་སྐུ་འབུམ་ལྷ་ཁང་གི་དབུ་འཛིན་རྒན་ཡར་འཕེལ་ལགས་བཅས་ཕེབས་བསུར་བཅར་ནས་གསོལ་ཚིགས་སོགས་ཕུན་སུམ་ཚོགས་པའི་སྣེ་ལེན་ཟབ་རྒྱས་ཞུས་པ་དང་།

དེ་ནས་(Mangley མང་ལི་) ས་གནས་སུ་སླེབས་ནས་སོག་གཡུང་དྲུང་གླིང་གི་ཚོགས་མི་དང་ཤེས་རིག་ཕུན་ཚོགས་གླིང་གི་ཚོགས་གཙོ་སྒྲུབ་ཐོན་པ་བསོད་ནམས་ནོར་བུ་ལགས་དང་ཡུལ་དེའི་ཡུལ་མི་སོགས་ཀྱིས་བསང་དུད་གཡུ་འོད་ཀྱིས་དགུང་སྔོན་ཁྱབ་པར་བྱས་ནས་ཟས་སྣ་དང་གསོལ་ཇ་སོགས་ཀྱིས་སྣེ་ལེན་ཟབ་རྒྱས་ཞུས་པ་དང་ཞལ་ཐང་སོགས་ལ་མངའ་དབུལ་རབ་གནས་སོགས་མཛད།

དེ་ནས་སྔ་དྲོའི་ཕྱག་ཚོད་༡༡ ཙམ་ལ་རྔ་གཤང་དུང་གླིང་དར་གདུགས་རྒྱལ་མཚན་སོགས་སེར་ཕྲེང་གིས་མདུན་བསུས་ནས་༧སོག་གཡུང་དྲུང་གླིང་དགོན་དུ་ཞབས་སོར་བདེ་བར་འཁོད་ནས་བླ་མ་མཆོད་པའི་སྒྲུབ་ཐབས་ཀྱི་གཅན་ལྔ་པད་ཉིའི་ཁྲི་ལ་མངའ་གསོལ་བ་དང་ཆབས་ཅིག་༧མཁན་པོ་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་མཎྡལ་སྐུ་གསུང་ཐུགས་རྟེན་བསྟར་འབུལ་ཞུས་ནས་སེར་སྐྱ་མི་མང་ཡོངས་ཀྱིས་གཤར་དབང་ཞུས།

དེ་ནས་སྔར་སྲོལ་བཞིན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་སོག་གཡུང་དྲུང་གླིང་དགོན་གྱི་དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་ལ་མང་ཇ་དང་སྐུ་འགྱེད་ཕུལ་བ་བཅས་ཀྱི་གནས་བསྡུས་དང་། དེ་རྗེས་ཀྱི་མཛད་འཆར་ཕྱི་ཚེས་༡༧ ཉིན་༧སོག་གཡུང་དྲུང་གླིང་དགོན་དུ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་རྒྱལ་ཡུམ་ཤེས་རབ་བྱམས་མའི་བཀའ་དབང་བསྩལ་རྒྱུ་དང་ཚེས་༡༩ཉིན་(Ravanglaར་སྦང་ལ་)༧ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་དུ་ཆིབས་བསྒྱུར་བསྐྱང་རྒྱུ་དང་ཚེས་༢༠ཉིན་ཤེས་རབ་སྨྲ་སེང་བཀའ་དབང་བསྩལ་རྒྱུ་ཡིན་པ་བཅས་སོ།

 

 

 

 

 

 

 

 

 

 

 

 

 

 

 

 

 

2,847 total views, 2 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།