སྨན་རིའི་སྟེགས་འཇོག་ལོ་ཐོ།

 སྨན་རིའི་སྟེགས་འཇོག་ལོ་ཐོ་ཞེས་པ་འདི་ནི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་ནས་དཔར་སྐྲུན་འགྲེམས་སྤེལ་ཞུས་བཞིན་པའི་ལོ་ཐོ་ཞིག་ཡིན།

ལོ་ཐོ་འདིའི་ཁྱད་ཆོས་གཙོ་བོ་ནི་གཡུང་དྲུང་བོན་གྱི་གདན་ས་སྨན་རི་ལ་སྔར་རྒྱུན་བཞིན་སྒྲུབ་པ་བཅུ་གཉིས་དང་དམིགས་བསལ་ཟླ་རེའི་དུས་ཆེན་ཁྱད་པར་ཅན་རྣམས་བོད་ཚེས་དང་སྤྱི་ཚེས་གང་ལ་འཚོགས་དགོས་སྐོར་གསལ་འཁོད་ཞུ་བཞིན་པའི་ཧ་ཅང་གཟིགས་སྟབས་བདེ་བའི་ལོ་ཐོ་ཞིག་ཡིན།

ཁ་པར་དང་གློག་ཀླད་ལ་ཕབ་ལེན་དགོས་མཁན་རྣམས་ཀྱིས་གཤམ་ནས་གཟིགས་རོགས་གནང་།

སྨན་རིའི་ལོ་ཐོ།.PDF ཕབ་ལེན་འདོད་ན་འདིར་གནན་ནས་བཞེས་རོགས།

 

641 total views, 2 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།