སྨན་རིའི་སྒྲུབ་ཆེན་གྱི་ཉིན་དྲུག་པའི་གནས་ཚུལ།
སྨན་རིའི་སྒྲུབ་ཆེན་ཉིན་དྲུག་པར་འཆད་གཡུང་དྲུང་དགའ་ཚལ་གླིང་དུ་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱིས་ཞི་ཁྲོ་སྨན་གསུམ་ཀྱི་ལྗགས་ལུང་དང་། སྨན་སྒྲུབ་ཀྱི་བྱུང་རིམ་དང་ཕན་ཡོན་སྐོར་གྱི་བཀའ་སློབ་བཅས་བསྩལ་གནང་སོང་།