གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་སྒྲུབ་ཆེན་ཉིན་བདུན་པའི་གནས་ཚུལ།

དེ་རིང་སྨན་རིའི་སྒྲུབ་ཆེན་ཉིན་བདུན་པའི་ཉིན་རྒྱལ་ཕྱི་ནང་གི་ཡུལ་གྲུ་གང་ས་ནས་ཕེབས་པའི་སྐུ་མགྲོན་ཁག་ལ་བཙུན་དགོན་རཏྣ་སྨན་གླིང་གི་རྟེན་དང་བརྟེན་པ་བཅས་ལ་མཇལ་ཁ་དང་ཕྱི་ནང་གི་འཁོར་ཡུག་ལ་གཟིགས་སྐོར་གནང་སོང་།

སྨན་རིའི་སྒྲུབ་ཆེན་གྱི་ཉིན་བཞི་པའི་གནས་ཚུལ།

དེ་རིང་སྨན་རིའི་སྒྲུབ་ཆེན་གྱི་ཉིན་བཞི་པ་ཞི་ཁྲོའི་འཕྲིན་ལས་ཀྱི་སྒོ་ནས་སྒྲུབ་པ་ཆེན་མོ་དངོས་སུ་དབུ་འཛུགས་ཀྱིས་ཡི་དམ་དམ་ཞི་ཁྲོ་གཉིས་ཀྱི་སྔོན་འགྲོའི་བཀའ་དབང་བསྩལ་གནང་སོང་།

སྨན་རིའི་སྒྲུབ་ཆེན་གྱི་ཉིན་གཉིས་པའི་གནས་ཚུལ།

དེ་རིང་སྨན་རིའི་སྒྲུབ་ཆེན་ཐེངས་ ༣༤ པའི་སྒྲུབ་ཞག་ཉིན་གཉིས་པའི་སྔ་དྲོ་ས་སློང་དང་། ཕྱི་དྲོར་རྣམ་ཀློང་གཉིས་ཀྱི་སྔོན་འགྲོའི་བཀའ་དབང་བཅས་ཀྱི་མཛད་རིམ་ཁག་བསྐྱངས་གནང་སོང་།

སྨན་རིའི་གླིང་དུ་སྨན་སྒྲུབ་ཆེན་མོའི་དབུ་འཛུགས་མཛད་སྒོ་སྤེལ་བ།

དེ་ཡང་རྒྱལ་བ་སྨན་རིའི་སྒྲུབ་ཆེན་གྱི་དབུ་འབྱེད་མཛད་སྒོ་དེ་རིང་དངོས་དབུ་འཛུགས་གནང་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་ཁྲལ་འབབ་དང་རྩི་ཤིང་རིག་པའི་བློན་ཆེན་ཇྷ་གཏ་སིངྒ་ནེ་གེ་མཆོག་དང་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་

རྒྱལ་བ་སྨན་རིའི་སྒྲུབ་ཆེན་གྱི་མཛད་སྒོའི་སྟ་གོན་དང་སྒྲུབ་ཆེན་སྐབས་ཀྱི་མཛད་སྒོ་ཁག

རྒྱལ་བ་སྨན་རིའི་སྒྲུབ་ཆེན་གྱི་མཛད་སྒོའི་སྣ་སེལ་གྱི་བྱེ་སྒོ་དང་མཛད་སྒོ་ཁག་གི་ངོ་སྤྲོད།

༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དབུ་བརྙེས་ནས་མི་ལོ་ ༤༦ འཁོར་བའི་དུས་ཆེན་མཛད་སྒོ།

ཕྱི་ལོ་ ༢༠༢༤ ཟླ་ ༤ པའི་ཚེས་ ༢ ཉིན་༧བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དབུ་བརྙེས་ནས་མི་ལོ་ ༤༥ འཁོར་བའི་དུས་ཆེན་མཛད་སྒོ་འཚོགས་ཡོད་ཅིང་

༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བོད་ཤིང་འབྲུག་ལོའི་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་འབུལ་འཆར་གྱི་གསལ་བསྒྲགས།

ཕྱི་ལོ་༢༠༢༤ ཟླ་༥ པའི་ཚེས་༡༢ ནས་ཚེས་༡༨ བར་དང་། བོད་ཟླ་༤ པའི་ཚེས་༥ ནས་ཚེས་༡༠ བར་བདུན་ཕྲག་གཅིག་གི་རིང་དུ་༧ དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགེ་འདུན་འདུས་པ་རྒྱ་མཚོ་དང་། བོན་ཕྲུག་བདེ་དོན། བཙུན་དགོན་རདྞ་སྨན་གླིང་གི་བཙུན་མ་བཅས་ནས་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་རྒྱས་འབུལ་ཞུ་འཆར་ཡོད་པ་ལགས་ན།

གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་ལས་བོད་ཤིང་འབྲུག་ལོའི་བོད་ཟླ་ ༢ པའི་བགྲོ་གླེང་།

དེ་ཡང་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་འཆར་ཅན་ལྟར་ཟླ་རེར། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་ཞེས་གཏམ་བཤད་ཀྱི་བརྗོད་གཞི་སློབ་གཉེར་བ་སོ་སོས་རང་མོས་ལྟར་བདམ་ཐོག་དཔྱད་རྩོམ་སྤེལ་ཞིང་བགྲོ་གླེང་གནང་སྲོལ་ཡོད་པ་དང་།

༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་ནས་ཤེས་རབ་སྨྲ་སེང་གི་བཀའ་དབང་གནང་བ།

༸རྒྱལ་བ་སྨན་རི་བ་མཆོག་ནས་བོད་ཤིང་འབྲུག་ ༢༠༢༤ ལོའི་བོད་དང་པོ་སྨྲ་སེང་སྒྲུབ་པའི་ཉིན་མཐའ་མར་བཀའ་དབང་བསྩལ་གནང་འདུག

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲ་ཚིགས་ཤིག་ཡིན།

གཡུང་དྲུང་བོན་གྱི་དྲྭ་རྒྱའི་ངོ་སྤྲོད།