སྨན་རིའི་གླིང་གི་སྐབས་བཅུ་བདུན་པའི་དགེ་བཤེས་མཛད་སྒོ་ཆེན་མོ་དབུ་འཛུགས་གནང་བ།

04དེ་ཡང་གཤེན་གྱི་འབྱུང་ལྡན་ ༣༠༡ གི་བོད་རྒྱལ་ལོ་༣༡༥༡བོད་ཤིང་རྟ་ལོའི་ཧོར་ཟླ་དང་པོའི་ཚེས་ལྔ་ཉིན་སྟེ། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་༥ཉིན་༧ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་སྙིགས་དུས་གཡུང་དྲུང་བསྟན་སྲོག་འཚོ་བའི་ཞིང་ས།  འཕགས་ཡུལ་བྱང་ཕྱོགས་ཧི་མ་ཅལ་གྱི་མངའ་སྡེ། བོན་གཞིས་ཐོབ་རྒྱལ་གསར་པ་རུ་གནས་ཆགས་པའི་གཡུང་དྲུང་བོན་གྱི་བསྟན་པའི་རྩ་ལག་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བསྟན་པའི་གསལ་བྱེད་ཆེན་མོ་༧རྣམ་འདྲེན་རྒྱལ་བ་གཉིས་པ་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་སྐུ་བལྟམས་ནས་མི་ལོ་༦༥༨འཁོར་བའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་ནས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་བཅུ་བདུན་པའི་དགེ་བཤེས་མཛད་སྒོ་ཆེན་མོ་དབུ་འཛུགས་ཞུས་ཡོད་པ་རེད།
IMG_0132དེ་ཡང་ཉིན་ལྟར་ཞོགས་པའི་ཕྱག་ཚོད་བཅུ་པའི་ཐོག་སྔོན་འགྲོའི་གཞུང་བཤད་དང་། ཉིན་གུང་གཏོང་སྒོ་ཆེན་མོ། ཕྱི་དྲོར་བཀྲ་ཤིས་གསོལ་རྒྱུ་དང་། ཕྱི་ཚེས་བཅུ་གསུམ་ཉིན་ནས་རིམ་བཞིན་ངག་རྒྱུགས་དམ་བཅའ་དང་། ཕྱི་དྲོར་རྩོད་རྒྱུགས་དམ་བཅའ་ཆེན་མོ། ཕྱི་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོའི་ཕྱག་ཚོད་བཅུ་པ་ནས་བཀྲ་ཤིས་དམ་བཅའ་དང་། ཕྱི་དྲོར་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མདུན་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་ཕྱག་འཁྱེར་བཞེས་རྒྱུ་དང་ཕྱི་དྲོར་སྐལ་བཟང་ཁྲི་སྟོན་མཛད་སྒོ་སྤེལ་ཏེ་རྒྱལ་ཁའི་ངང་མཇུག་བསྡུ་ཡིན་པ་དང་།
ཕྱི་ཉིན་ཕྱི་ཚེས་༡༨ ཉིན་བོན་གཞིས་སེར་སྐྱ་མང་ཚོགས་ཡོངས་ལ་སྐབས་༡༧པའི་དགེ་བཤེས་རྣམས་པས་གསོལ་ཚིགས་རྒྱས་འབུལ་ཞུ་རྒྱུ་ཡིན་པ་བཅས་ཀྱི་གནས་བསྡུས་ཙམ་མོ།།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow