ཧི་མ་ལའི་རི་ཁུལ་ནས་ལོ་ས་ཡའི་གོང་གི་མི་རུས་རྙེད།

caveman-460x307བལ་ཡུལ་སྤོག་རའི་ཧི་མ་ལ་ཡའི་རི་ཁུལ་གྱི་ཕུག་དོང་ཅིག་ནས་མི་ལོ་ས་ཡ་གཅིག་ནས་གཉིས་ལྷག་གོང་གི་འགྲོ་བ་མིའི་རིགས་ཀྱི་རུས་སྒྲོམ་ཞིག་རྙེད་སོན་བྱུང་ཡོད་འདུག
ཉེ་ལམ་སུད་ཊན་དང་ནོར་ཝེའི་མཉམ་འབྲེལ་རི་བརྩེགས་རུ་ཁག་ཅིག་ལ་བལ་ཡུལ་སྦོག་རའི་ཕྱོགས་ཀྱི་ཧི་མ་ལ་ཡའི་རི་ཁུལ་ཞིག་ནས་གངས་སྙིལ་དོན་རྐྱེན་བྱུང་ཡུལ་གྱི་བྲག་སྐྱིབས་སམ། རི་ཕུག་ཅིག་ནས་རྡོ་ཆས་དུས་རབས་ (paleolithic era )ཀྱི་ཨ་ཧྥི་རི་ཁའི་ཧཱོ་མོ་ཁུལ་དུ་གནས་སྡོད་བྱེད་མཁན་(Homo habilis) ཞེས་པའི་གདོད་མའི་འགྲོ་བ་མིའི་རིགས་ཀྱི་རུས་སྒྲོམ་ཞིག་རྙེད་སོན་བྱུང་ཡོད་ཅིང་། དེ་ལ་བརྟག་དཔྱད་བྱས་པ་བརྒྱུད་ཧི་མ་ལ་ཡའི་མངའ་ཁུལ་དུ་མི་ལོ་ས་ཡ་ ༡།༤༤ ནས་ ༢།༣༣ ལྷག་གི་ཡར་སྔོན་ནས་འགྲོ་བ་མིའི་རིགས་འཚོ་སྡོད་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག
ད་ལྟ་རྒྱལ་སྤྱིའི་གནའ་ཤུལ་ཞིབ་འཇུག་ཚན་པས་རུས་སྒྲོམ་དེ་དང་། ཕུག་དོང་ནས་རྙེད་པའི་གཞན་རྡོ་ཆས་དང་ཀོ་ཆས་ཁག་ཅིག་བཅས་ལ་ཞིབ་འཇུག་བྱེད་བཞིན་ཡོད་ཅིང་། ཁོ་ཚོས་རུས་སྒྲོམ་དེ་ནི་ཧི་མ་ལ་ཡའི་མངའ་ཁུལ་དུ་ལོ་ངོ་ས་ཡ་མང་པོའི་ཡར་སྔོན་ནས་འགྲོ་བ་མིའི་རིགས་འཕེལ་རྒྱས་ཕྱིན་ཡོད་པའི་སྒྲུབ་བྱེད་དུ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། ཡང་ཁག་ཅིག་གིས་རུས་སྒྲོམ་དེ་རྡོ་ཆས་དུས་རབས་ཀྱི་རིགས་རྒྱུད་རྩ་ཡལ་མ་ཕྱིན་གོང་གི་ཚོ་ཁག་ཅིག་གི་རིགས་རྒྱུད་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་འདུག
དེང་རབས་ཀྱི་གནའ་ཤུལ་རྟོག་ཞིབ་བྱེད་སྟངས་ (carbon dating test) ཞེས་པ་ལྟར་ན། དུས་རབས་རིམ་པའི་ནང་འགྲོ་བ་མིའི་རིགས་འཕེལ་རྒྱས་ཕྱིན་ཏེ་རིམ་པས་འཛམ་གླིང་ལ་ཁ་ལོ་བསྒྱུར་མགོ་ཚུགས་པ་ཞིག་ཡིན་ཞིང་། ཨ་ཧྥི་རི་ཁའི་གདོད་མའི་ཧཱོ་མོ་མི་རིགས་དེ་ཨ་ཧྥི་རི་ཁ་བརྒྱུད་གྲང་ངར་ཆེ་བའི་ཧི་མ་ལ་ཡའི་རི་རྒྱུད་དུ་འགྲུལ་བཞུད་བྱས་པ་ཞིག་མིན་པར། གནའ་སྔ་མོ་ནས་ཧི་མ་ལ་ཡའི་མངའ་ཁུལ་དུ་འགྲོ་བ་མིའི་རིགས་འཕེལ་རྒྱས་བྱུང་ཡོད་པ་བདེན་དཔང་བྱས་ཡོད་འདུག
གསར་རྙེད་བྱུང་བའི་རུས་སྒྲོམ་དེ་ནི་ལོ་ངོ་ས་ཡ་དུ་མའི་རིང་གྲང་ངར་ཧ་ཅང་ཆེ་བའི་ཧི་མ་ལ་ཡའི་རི་ཕུག་ཅིག་ནས་རྙེད་ཡོད་ཅིང་། རི་ཕུག་དེར་བྲག་ཕུག་ཆེ་ཆུང་མི་འདྲ་བ་ ༦༥ ཙམ་ཡོད་འདུག གནའ་རྫས་རྟོག་ཞིབ་པ་ཚོས་བྲག་ཕུག་དེ་དག་ནི་གདོད་མའི་འགྲོ་བ་མིའི་རིགས་འཚོ་སྡོད་བྱེད་སའི་གཞིས་ཁྱིམ་ཡིན་མིན་དོགས་གཞིའི་འོག བྲག་ཕུག་དེ་དག་ནང་སེམས་ཅན་གཞན་གྱི་དངོས་རྫས་དང་འགྱུར་རྡོ་སོགས་ཡོད་མེད་འཚོལ་ཞིབ་བྱེད་བཞིན་ཡོད་ཀྱང་། གནམ་གཤིས་གྲང་ངར་ཆེ་བ་དང་ས་ཆ་ཁུག་ཀྱོག་ཡིན་སྟབས། རྟོག་ཞིབ་ཚོགས་ཆུང་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག
གནའ་རྫས་ཞིབ་འཇུག་པ་ཇེག་ཚན་ ( Jack Tseng) ལགས་ཀྱིས། “མིའི་རུས་སྒྲོམ་དེ་ནི་ཧི་མ་ལ་ཡའི་མངའ་ཁུལ་དུ་འགྲོ་བ་མིའི་རིགས་ག་དུས་བྱུང་མིན་ལ་ཞིབ་འཇུག་གི་རྒྱུ་ཆ་གལ་ཆེན་ཞིག་ཆགས་ཡོད་སྟབས། རྒྱལ་སྤྱིའི་གནའ་རྫས་རྟོག་ཞིབ་པ་ཚོས་བརྟག་དཔྱད་མཐིལ་ཕྱིན་བྱས་ཏེ་གྲུབ་དོན་ཁྱབ་བསྒྲགས་བྱ་རྒྱུ་གལ་ཆེན་རེད” ཅེས་བརྗོད་འདུག
བོད་ཀྱི་དུས་བབ་དྲ་ཚིགས་ནས་དྲངས།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow