བོན་གཞིས་ཐོབ་རྒྱལ་གསར་པའི་ས་གནས་འཐུས་མི་ལྷན་ཚོགས་ཀྱི་ཚོགས་ཁང་གསར་བསྐྲུན་ཀྱི་སྒོ་འབྱེད་མཛད་སྒོ།

IMG_0009དེ་ཡང་ཕྱི་ལོ་ ༢༠༡༥ ཟླ་བ་ ༣ ཚེས་ ༡༩ ཉིན་ས་གནས་བོན་གཞིས་ཐོབ་རྒྱལ་གསར་པའི་ས་གནས་འཐུས་མི་ལྷན་ཚོགས་ཀྱི་ཚོགས་ཁང་གསར་བསྐྲུན་ལེགས་འགྲུབ་བྱུང་ནས་སྒོ་འབྱེད་མཛད་སྒོ་སྤེལ་ཡོད་པ་དང་། དེ་རིང་སྔ་དྲོ་ཆུ་ཚོད་བཅུ་པ་ཙམ་ནས་སྐུ་མགྲོན་གཙོ་བོ་རུ་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་གཙོས་རྒྱུན་ལས་ལྷན་རྒྱས་དང་། ས་གནས་ཉིན་སློབ་ཀྱི་ཟློས་གར་སློབ་དགེ་གཙོས་སློབ་ཕྲུག་ཁག་གཅིག་གིས་རྔ་རོལ་དུང་གསུམ་གྱིས་ཕེབས་བསུ་ཞུས། དེ་ནས་༧རྒྱལ་བ་སྨན་རི་བ་མཆོག་གིས་ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་ལ་སྒོ་འབྱེད་དང་རབ་གནས་བསྡུས་པ་མཛད།

དེ་ནས་༧རྒྱལ་བ་སྨན་རི་བ་མཆོག་དབུ་བཞུགས་ཐོག་སྨན་རིའི་བཤད་སྒྲུབ་སློབ་དཔོན་དགེ་བཤེས་དགེ་ལེགས་རྒྱ་མཚོ་ལགས་དང་། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་ལགས་དང་། ས་གནས་འགོ་འཛིན་གཡུང་དྲུང་འཆི་མེད། དེ་བཞིན་དཔལ་གཤེན་བསྟན་སྨན་རིའི་གླིང་གི་ལས་སྣེ་ལྷན་རྒྱས། ས་གནས་ཉིན་སློབ་ཀྱི་སློབ་གཙོ་དང་སློབ་དགེ། དེ་མིན་ས་གནས་ཐོབ་རྒྱལ་གསར་པའི་སེར་སྐྱ་སློབ་ཕྲུག་ཕོ་མོ་ལྔ་བརྒྱ་ལྷག་འཛོམས་ཡོད་པ་དང་།

དེ་ནས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་སྐུ་ངོ་བ་ར་ཚེ་དབང་བཀྲ་ཤིས་ལགས་དང་དེ་བཞིན་ས་གནས་འགོ་འཛིན། སྐུ་ངོ་བཟང་པོ་ལགས་བཅས་ནས་རིམ་བཞིན་གཏམ་བཤད་གནང་ཡོད་པ་དང་།

མཐར་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་ལོ་རྒྱུས་དང་འབྲེལ་བའི་ལམ་སྟོན་བཀའ་སློབ་ཟབ་རྒྱས་གནང་མཛད་སྒོ་ལེགས་གྲུབ་བྱུང་ཡོད་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་ཙམ་མོ། །

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow