ཞང་ཞུང་བོན་གྱི་ཤེས་རིག་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་རྒྱལ་རོང་ཆུ་ཆེན་རྫོང་དུ་འཚོགས་པ།

e8c165279d8adefb2cfbf98ffd5e570b༢༠༡༥ལོའི་ཟླ༦ཚེས༢༦ནས༢༩བར་ཉིན་བཞིའི་རིང་ལ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་ མོའི་བོད་རིག་པའི་སློབ་གླིང་དང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། སི་ཁྲོན་ཞིང་ཆེན་མི་རིགས་ཞིབ་འཇུག་ཁང་། སི་ཁྲོན་ཞིང་ཆེན་རྒྱ་བོད་རིག་གནས་མཉམ་སྤེལ་གཞུང་ལས་ཁང་། ཆུ་ཆེན་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་སྒྲུབ་བྱས་ཤིང་། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཆུ་ཆེན་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་ བྱས་པའི་རྒྱལ་ཡོངས་རང་བཞིན་གྱི་༸ཀྲུང་གོའི་ཆུ་ཆེན་ཞང་ཞུང་བོན་གྱི་ཤེས་རིག་ གི་རིག་གཞུང་བགྲོས་གླེང་ཚོགས་འདུ༸དེ་རྒྱལ་རོང་ཆུ་ཆེན་རྫོང་དུ་གཟབ་རྒྱས་ངང་ འཚོགས།

85e7953251bf4d878c35015f0129424dཚེས༢༦ཉིན་གྱི་སྔ་དྲོ། ཞང་ཞུང་བོན་གྱི་ཤེས་རིག་གི་རིག་གཞུང་བགྲོས་གླེང་ཚོགས་འདུའི་དབུ་ཚུགས་མཛད་ སྒོ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་དངོས་སུ་སྤེལ། ཚོགས་ཐོག་ཏུ་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་ནས་ཕེབས་པའི་བོད་ཀྱི་ཤེས་རིག་ཞིབ་ འཇུག་པ༥༧མཉམ་འཛོམས་བྱུང་ཞིང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་སློབ༡༠༠ཡས་མས་ཚོགས་འདུར་དངོས་སུ་ ཞུགས། ཚོགས་འདུ་དབུ་ཚུགས་རྗེས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ སློབ་གླིང་གི་གླིང་གཙོ་ཚེ་རིང་ཐར་དང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གཙོ་ཙུན་མིན། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཨུའི་ཧྲི་ཅི་ལུའི་ཙོའོ་མེན། སི་ཁྲོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པ་ ཧུའུ་ཤོའོ་ཕིན། སི་ཁྲོན་ཞིང་ཆེན་རིག་གནས་ཐིན་གྱི་ལྟ་བཤེར་པ་གཞོན་པ་ལུའི་ཧྥུང་། དེ་སྔའི་ལུང་མིན་བྲག་ཕུགས་ཞིབ་འཇུག་གླིང་གི་གླིང་གཙོ་ཝིན་ཡོས་ཁྲིན། དངོས་བཤུས་གློག་བརྙན<<ཞང་ཞུང>>གི་ཕབས་བཟོའི་ལྟ་དཔྱད་པ་ནེན་ ཧུང་། སི་ཁྲོན་ཞིང་ཆེན་སྲིད་ཨུ་ཁྱབ་བསྒྲགས་པུའི་རིག་རྩལ་ཁྲུའི་ཁྲུའུ་ཀྲང་མོའོ་ཅྰ། རྔ་བ་ཁུལ་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་སྟག་རྩ་སྤྲུལ་སྐུ། ཆུ་ཆེན་རྫོང་ཨུའི་ཧྲི་ཅི་ཀྲང་ཧེ་ཆིན་སོགས་ཚོགས་འདུའི་དབུ་འཛིན་བཞུགས་སྟེགས་ སུ་བསྡད་ཡོད་ཅིང་། བོད་ལྗོངས་དང་། མཚོ་སྔོན། པེ་ཅིན། སི་ཁྲོན་ས་ཁུལ་སོགས་ནས་ཕེབས་པའི་ཆེད་མཁས་པ་དང་འབྲེལ་ཡོད་མི་སྣ་རྣམས་ཚོགས་ རའི་མདུན་གྲལ་དུ་བསྡད་ཡོད།

ཚོགས་ཐོག་ཏུ་འབྲེལ་ཡོད་དབུ་འདྲེན་རྣམས་ཀྱིས་གསུང་བཤད་གནང་ཞིང་། ཞང་ཞུང་གི་ཤེས་རིག་ནི་བོད་ཀྱི་ཤེས་རིག་གི་འགོ་ཁུངས་ཡིན་པ་དང་། རྒྱལ་རོང་ས་ཆའི་ཡུལ་སྲོལ་གོམས་འདྲེས་ཀྱི་ཤེས་རིག་མཐའ་དག་ནི་བོད་ཀྱི་ཤེས་ རིག་གམ་ཞང་ཞུང་ཤེས་རིག་གི་རྒྱུན་སྤེལ་བ་ལས་བྱུང་བ་ཡིན་ཚུལ་བསྟན་པ་དང་། ཞང་བོད་ཤེས་རིག་གི་བྱུང་འཕེལ་དང་ཞིབ་འཇུག་གི་གལ་ཆེན་རང་བཞིན། ད་ལྟའི་རྒྱུན་འཛིན་ལག་ལེན་དང་། མྱུར་སྐྱོབ་སོགས་ཀྱི་གལ་ཆེན་རང་བཞིན་སོགས་ལ་གསུང་བཤད་གལ་ཆེན་གནང་།

bbba9870476b1407e11213ba6f98b01aཚོགས་ཐོག་ཏུ་ད་དུང་གེ་སར་རིག་པའི་ཆེད་མཁས་པ་འཇམ་དཔལ་རྒྱ་མཚོ་དང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་འཛམ་གླིང་ཆོས་ལུགས་ཞིབ་འཇུག་ཁང་གི་ཞིབ་ འཇུག་པ་སྐལ་བཟང་རྒྱལ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་དང་ བཙན་ལྷ་ངག་དབང་ཚུལ་ཁྲིམས། ཐོགས་མེད། རྔ་བ་ཁུལ་གྱི་དེ་སྔའི་ས་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་ཆེད་མཁས་པ་ལིས་མོའོ། སི་ཁྲོན་ཞིང་ཆེན་མི་རིགས་ཞིབ་འཇུག་ཁང་གི་ཡོན་ཞོའོ་བིན་སོགས་རྒྱལ་ཁབ་ཕྱི་ནང་ ཀུན་ཏུ་མཚན་སྙན་ཆེ་བའི་ཆེད་མཁས་ཞིབ་འཇུག་པ་རྣམས་ཕེབས་ཡོད།

རྒྱལ་རོང་ས་ཁུལ་ནི་ཞང་ཞུང་ཡུལ་ནས་མཆེད་པའི་ཁྱུང་གི་རིགས་རུས་ཀྱི་མི་རྒྱུད་ ཕྱི་མར་གཏོགས་ཤིང་། ཡུལ་དེར་འཕེལ་རྒྱས་བྱུང་བའི་ཤེས་རིག་གི་ལོ་རྒྱུས་མཐའ་དག་བོན་གྱི་ཤེས་རིག་ དང་འབྲེལ་བ་དམ་པོ་ཆགས་ཡོད་པ་ལ་དམིགས་ནས། ཚོགས་ཐོག་ཏུ་སི་ཁྲོན་ཞིང་ཆེན་མི་རིགས་ཞིབ་འཇུག་ཁང་གི་ཆུ་ཆེན་རྒྱལ་རོང་བོན་ གྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཞེས་པའི་ཡན་ལག་ཞིབ་འཇུག་ཚན་པ་དབུ་བརྙེས་པའི་ རྟགས་བྱང་གནང་འགེལ་བྱས་ཤིང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་དང་ཆུ་ཆེན་རྫོང་གིས་མཉམ་ལས་གན་རྒྱ་ལ་ཡང་ མིང་རྟགས་བཀོད།
ཟླ་༦ཚེས༢༧ཉིན། ཆེད་མཁས་པ་རྣམས་ཀྱིས་ཆུ་ཆེན་རྫོང་མི་དམངས་སྲིད་གཞུང་གིས་གདན་འདྲེན་བྱས་པ་ ལྟར། ཆུ་ཆེན་མཚོ་སྟེང་དགོན་པ་དང་། གཡུང་དྲུང་ལྷ་སྟེང་དགོན། ལི་ཝེར་བྲག་བརྐོས་ལྡེབས་རིས་དང་། རྒྱལ་རོང་སྐོར་བྲོ་དང་དམངས་སྲོལ་འཕེལ་རྒྱས་དང་རྒྱུན་འཛིན་བྱས་ཡོད་པའི་གྲོང་ སྡེ་སོགས་སུ་ཡུལ་དངོས་ནས་རིག་གཞུང་རྟོགས་ཞིབ་བྱས། རྒྱལ་རོང་ཆུ་ཆེན་རྫོང་ནི་ཞང་ཞུང་གི་ཤེས་རིག་བོད་ཤར་ཁུལ་དུ་བརྒྱུད་འཕེལ་ བྱུང་རྗེས་ཀྱི་བོན་བསྟན་འཕེལ་རྒྱས་འབྱུང་ཡུལ་གཙོ་བོ་ཞིག་ཡིན་ཞིང་། བོན་གྱི་སྐྱེས་ཆེན་དམ་པ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་དང་། ས་སྐྱའི་མཁས་དབང་དམ་པ་རོང་སྟོན་སྨྲ་བའི་སེང་གེ་སོགས་ཀྱི་འཁྲུངས་ཡུལ་ཡང་ཡིན། ཆུ་ཆེན་ས་ཆ་ནས་བོན་གྱི་ཤེས་རིག་འཕེལ་བའི་ལོ་རྒྱུས་སྟེང་གི་རྒྱལ་བའི་བཀའ་ འགྱུར་ཐོག་དང་པོར་ཤིང་པར་དུ་བརྐོས་ཤིང་། བོད་ཁམས་ཡོངས་སུ་བཀྲམ་པ་དེས་རིག་གནས་གཏོར་བཤིག་གི་ལས་འགུལ་སྣ་ཚོགས་པའི་ ཁྲོད་དུ་ཡང་མ་ཉམ་མ་འཇིག་པར་དེང་གི་བར་ཀུན་གྱིས་མིག་མཐོང་ལག་ཟིན་དུ་ཡོད་པར་ གྱུར་ཡོད་ལ། རྒྱལ་རོང་ཆུ་ཆེན་ཡུལ་དུ་བྲག་བརྐོས་ལྡེབས་རིས་དང་། ཞང་ཞུང་ཡི་གེའི་དཔེ་མཚོན་རྡོ་བརྐོས་ཡི་གེ དེ་བཞིན་ལོ་རྒྱུས་ཀྱི་དོན་གནད་མཚོན་པའི་གཡུང་དྲུང་ལྷ་སྟེང་གི་རྡོ་རིང་སོགས་ རིག་གནས་ཀྱི་ཤུལ་བཞག་རིན་ཐང་བྲལ་བ་མང་དུ་མཇལ་རྒྱུ་ཡོད་པ་ལ། ཚོགས་ཞུགས་ཆེད་མཁས་པ་རྣམས་ཀྱིས་རྟོག་ཞིབ་ནན་ཏན་བྱས་ཤིང་། རིག་གཞུང་གི་ལྟ་བ་ཡང་དག་པའི་སྒོ་ནས་ཕྱོགས་བསྡོམས་དང་གདེངས་འཇོག་ཡང་དག་བྱས།

1ཟླ་༦ཚེས་༢༨ནས་༢༩ཉིན་བར། ཚོགས་ཞུགས་ཆེད་མཁས་པ་རྣམས་དང་རྔ་བ་ཁུལ་གྱི་འབྲེལ་ཡོད་མི་སྣ་རྣམས་མཉམ་འཛོམས་ ཀྱིས་རིག་གཞུང་ལྟ་བ་བརྗེ་རེས་བྱས་ཤིང་། བོན་གྱི་ཤེས་རིག་ཞིབ་འཇུག་གི་ཆེད་མཁས་པ་ཚེ་རིང་ཐར་ལགས་ཀྱིས་རྒྱལ་རོང་ཆུ་ ཆེན་རྫོང་གི་ལི་ཝེར་རི་ཁྲོད་ནས་རྙེད་པའི་བྲག་བརྐོས་ལྡེབས་རིས་སྐོར་གྱི་ དཔྱད་ཞིབ་གནས་ཚུལ་བགྲོས་མོལ་བྱས་པ་ལས་ཆེས་ཟབ་ས་ནས་རྒྱལ་རོང་ཡུལ་གྱི་ཤེས་ རིག་འཕེལ་རྒྱས་ཀྱི་གནས་ཚུལ་རྣམས་ཀུན་ལ་གསལ་བར་བྱས་པ་མ་ཟད། དུས་ཀྱི་འཕེལ་རིམ་ཁྲོད་ས་འདིའི་མི་རབས་ཕྱི་མ་དག་གིས་སྲོལ་རྒྱུན་གྱི་ཤེས་ རིག་རིན་ཐང་བྲལ་བ་འདི་དག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཕྱོགས་ལ་བསམ་འཆར་ཡང་ དག་པ་བཏོན། དེ་བཞིན་ཆེད་མཁས་པ་རྣམས་ཀྱིས་བོན་གྱི་ཤེས་རིག་དང་ཞང་ཞུང་རྒྱལ་རབས་བར་གྱི་ འབྲེལ་བ། ཞང་བོད་དང་རྒྱལ་རོང་བར་གྱི་འབྲེལ་བ། ཞང་ཞུང་གི་མི་རྒྱུད་དང་རྒྱལ་རོང་གི་མི་རྒྱུད་གཉིས་ཀྱི་འབྲེལ་བ། ཞང་ཞུང་ཁྱུང་པོའི་རིགས་རུས་རྣམས་རྒྱལ་རོང་ཡུལ་དུ་མཆེད་ཚུལ། དུས་རབས་བཅུ་བཞི་བ་ཡས་མས་ཀྱི་སྐྱེས་ཆེན་དམ་པ་མཉམ་མེད་ཤེས་རབས་རྒྱལ་མཚན་གྱི་ མཛད་རྣམ་སྐོར། ཆུ་ཆེན་གཡུལ་འཁྲུག་གི་གནས་ཚུལ་དང་ཤུལ་བཞག་ཤུགས་རྐྱེན་སྣ་ཚོགས་ཀྱི་སྐོར། རྒྱལ་རོང་གི་མཁར་བརྩེགས་བྱུང་རིམ། གེ་སར་རིག་གནས་དང་བོན་གྱི་ཤེས་རིག་གི་འབྲེལ་བ། རྒྱལ་རོང་གི་ཡུལ་སྐད་ཀྱི་བྱུང་བ་དང་འཕེལ་རིམ་སོགས་བོད་ཀྱི་ཤེས་རིག་ཞིབ་ འཇུག་ཁྲོད་ད་སྔ་ཕྱོགས་བསྡོམས་གསལ་བོ་མེད་པའི་རིག་གཞུང་གི་གནད་གལ་ཆེན་ཁག་ལ་ བགྲོས་མོལ་བྱས་ཤིང་། ལུང་རིག་གཉིས་ཀྱི་སྒོ་ནས་དཔྱད་འདེབས་བགྲོས་མོལ་བྱས།

༢ཚོགས་འདུ་མཇུག་བསྡུ་བའི་ཚོགས་ཐོག་ཏུ་རྔ་བ་ཁུལ་གྱི་ཁུལ་དཔོན་གཞོན་པ་དབྱངས་ ཅན་དང་། ཆུ་ཆེན་རྫོང་མི་དམངས་སྲིད་གཞུང་གི་ཧྲི་ཅུའུ་ཀྲང་ཧེ་ཆིན་དང་། རྫོང་དཔོན་གཞོན་པ་ཀྲིན་ཀང་སོགས་འབྲེལ་ཡོད་དབུ་འདྲེན་དང་། ཞིབ་འཇུག་ཆེད་མཁས་པ་རྣམས་ཕེབས་ཤིང་། རྒྱལ་རོང་གི་བོད་ཀྱི་མཁས་དབང་བཙན་ལྷ་ངག་དབང་ཚུལ་ཁྲིམས་དང་། ལི་ཤི་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན་རྣམས་གཉིས་ཀྱིས་རྒྱལ་རོང་གི་ཤེས་རིག་ འཕེལ་རྒྱས་དང་། ཡུལ་འདིའི་རིག་དངོས་སྲུང་སྐྱོབ། མ་འོངས་པའི་བདག་སྐྱོང་སོགས་ཀྱི་སྙན་ཞུ་ཕུལ་བ་དང་། རྔ་བ་ཁུལ་གྱི་ཁུལ་དཔོན་གཞོན་པ་དབྱངས་ཅན་དང་ཆུ་ཆེན་རྫོང་ཏང་ཨུའི་ཧྲི་ཅུའུ་ ཀྲང་ཧེ་ཆིན་རྣམ་གཉིས་ཀྱིས་ཏང་སྲིད་གཉིས་ཀྱིས་རྒྱལ་རོང་གི་ཤེས་རིག་འཕེལ་ རྒྱས་ལ་རྒྱབ་སྐྱོར་དང་། རྒྱུན་འཛིན་གོང་འཕེལ་གཏོང་ཕྱོགས་སོགས་ལ་རེ་བ་ནན་ཏན་ཏུ་བཏོན། མཇུག་ཏུ་བོན་གྱི་ཤེས་རིག་གི་ཞིབ་འཇུག་ཆེད་མཁས་པ་ཚེ་རིང་ཐར་གྱིས་ཚོགས་འདུ་ མཇུག་སྒྲིལ་བའི་གསུང་བཤད་གནང་བ་དང་། ཐེངས་འདིིའི་རིག་གཞུང་ཚོགས་འདུ་འདིའི་གལ་ཆེན་རང་བཞིན་ནས་ལག་ལེན་དངོས་ཀྱི་ བརྒྱུད་རིམ། མ་འོངས་པའི་རེ་སྐུལ་སོགས་ཀྱི་ཐད་དུ་ཞིབ་ཕྲའི་ཕྱོགས་བསྡོམས་བྱས་པ་མ་ཟད། རྒྱལ་རོང་ས་ཁུལ་ནི་བོད་ཀྱི་ཤེས་རིག་གི་བསྟི་གནས་ཆེས་གལ་ཆེན་ཞིག་ཡིན་པའི་ ངོས་ནས། ཡུལ་འདིའི་ཕྱི་རབས་པ་རྣམས་ཀྱིས་སྐད་གཉིས་སློབ་གསོ་ལག་ལེན་གྱི་རྨང་གཞིའི་ སྟེང་ནས་ཕ་མེས་ཡང་མེས་རྣམས་ཀྱི་ཤུལ་བཞག་རིག་གནས་འདི་དག་རྒྱུན་འཛིན་བྱེད་ དགོས་པ་དང་། མི་རྒྱུད་ཕྱི་མ་རྣམས་བོད་ཀྱི་སྐད་དང་ཡི་གེའི་གནས་བབས་འོག་ནས་ཡིག་རྨོངས་པར་ འགྱུར་མི་རུང་བའི་རེ་བ་ནན་ཏན་བཏོན། བོད་ཀྱི་མཁས་དབང་ཚེ་རིང་ཐར་གྱིས་བཏོན་པའི་བཞེད་དགོངས་ལ་ཚོགས་ར་ཡོངས་ཀྱིས་ དགའ་བསུ་ཚད་མེད་བྱས་ཤིང་། འབྲེལ་ཡོད་དབུ་འདྲེན་རྣམས་ཀྱིས་ཀྱང་དང་ལེན་ཡི་རངས་ཚད་མེད་ཕུལ།
ཀུན་དགའ་ཡེ་ཤེས་ཀྱི་བྲིས། ཧི་བོན་དྲ་བ་ལས་དྲངས།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow