གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་དཔལ་རྒྱལ་དབང་ཤར་རྫ་བའི་གདན་སར་འཚོགས་པ།

1གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ནི་གངས་ལྗོངས་མདོ་དབུས་ཁམས་གསུམ་ནས་གཡུང་དྲུང་བོན་གྱི་དགོན་སྡེ་ལྔ་བརྒྱ་ལྷག་གིས་དམངས་གཙོ་བྱས་ནས་བཙུགས་པའི་ཚོགས་པ་ཞིག་སྟེ། ཚོགས་པའི་གྲུབ་ཆ་ལ་མཚན་འཛིན་ཚོགས་གཙོ་འགའ་དང་། ཚོགས་གཙོ་དང་ཚོགས་གཞོན་འགའ། དྲུང་ཡིག་ཆེ་གཞོན་དང་དྲུང་ཡིག་པ་འགའ། རྒྱུན་ལས་དང་འཐུས་མི་བཅས་ཚོགས་མི་སུམ་བརྒྱ་ལྷག་གིས་གྲུབ་པའི་ཚོགས་པ་ཞིག་ཡིན།

(ཐེངས་འདིའི་འཐུས་མི་ཚོགས་ཆེན་ནི་གཙོ་བོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ ཚོགས་ཀྱི་ལས་སྣེ་འདེམ་བསྐོའི་ཚོགས་ཆེན་ཞིག་ཡིན། )
༢༠༡༥ལོའི་སྤྱི་ཟླ་དགུ་བའི་ཚེས་གཅིག་དང་ཚེས་གཉིས་ཉིན་ལ་གཡུང་དྲུང་བོན་མཉམ་ འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་མ་འཚོགས་སྔོན་དུ་རྒྱུན་ལས་ཚོགས་འདུ་ ཞིག་སི་ཁྲོན་དཀར་མཛེས་རྫོང་ཐོག་ཏུ་འཚོགས། ཉིན་འདི་གཉིས་རིང་ལ་ལས་སྣེ་བརྗེ་སྤོར་དང་མི་སྣ་འདེམ་བསྐོའི་ཐད་ཀྱི་གྲོས་ མོལ་མཛད་ནས་ཆོད་དོན་གཏན་འབེབས་བྱས།

སྤྱི་ཟླ་༩ཚེས་༣ཉིན་གྱི་ཞོགས་པར། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་རྣམས་དཀར་མཛེས་རྫོང་མཁར་ནས་ ཆས་ཏེ་དཔལ་རྒྱལ་དབང་ཤར་རྫ་བའི་གདན་སའི་ཕྱོགས་སུ་བསྐྱོད།

ས་གནས་སྲིད་གཞུང་གི་ལས་བྱེད་དང་སྤྱི་སྡེ་ལས་ཁུངས་ནས་ཚོགས་པའི་ཕེབས་བསྐྱོད་ དང་མང་ཚོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བླ་མེད་བྱས་ཐོག་འཕེལ་ཤུལ་ཟམ་ཁ་ནས་རི་ ཁྲོད་བར་དུ་ཆིབས་བསུ་བྱས།

དེ་ཡང་མདོ་ཁམས་དངུལ་རྫ་ཟལ་མོ་སྒང་གི་སའི་ཆ་སྟེ། དཔལ་ཤར་རྫའི་རི་ཁྲོད་དགོན་པ་དང་རྫ་སྟེང་ཆེན་དགོན་པ་གཙོ་བྱས་པའི་རྫ་ཆུ་སྔོན་ མོ་ལྷུང་ལྷུང་དུ་འབབ་པའི་རྒྱུད་ལ་ཆགས་པའི་གཡུང་དྲུང་བོན་གྱི་དགོན་སྡེ་ཁག་ གི་བླ་གྲྭ་རྣམས་སེར་ཕྲེང་བསྒྲིགས་པ་དང་། ལྷ་སྡེའི་མང་ཚོགས་ཀྱིས་ལྷ་དར་རིང་མོ་ཐོད་ལ་བཟུང་ནས་ཚོགས་མི་ལྷན་ཕེབས་ལ་མི་ བསུ་དང་རྟ་བསུ་བྱས།
ཆུ་ཚོད་༡༣སྟེང་ཚོགས་མི་རྣམས་དཔལ་ཤར་རྫའི་རི་ཁྲོད་དུ་ཕེབས་ནས་ཉག་རོང་རྒྱ་ཞིག་དགོན་པའི་ཁྱུང་འཁོར་མཆོག་སྤྲུལ་བསོད་ནམས་ཉི་མས་བཞེངས་པའི་སྒྲུབ་ཁང་གསར་ བའི་མདུན་ནས་གཡུང་དྲུང་བོན་གྱི་བསྟན་པའི་བརྡ་དར་ཆེན་མོ་མཁའ་ལ་བསྒྲེངས་པ་དང་ སྒྲུབ་ཁང་གསར་བའི་སྒོ་འབྱེད་མཛད་སྒོ་སྤེལ།
ཆུ་ཚོད་༡༥:༣༠སྟེང་ནས་ཚོགས་པའི་དྲུང་ཡིག་པ་རྣམས་ཁག་བགོས་ཏེ་བོད་མདོ་དབུས་ ཁམས་གསུམ་ནས་ཕེབས་པའི་ཚོགས་ཞུགས་མི་སྣ་སུམ་བརྒྱ་ལྷག་གི་མཚན་ཐོ་བཀོད།
སྤྱི་ཟླ་༩ཚེས་༤ཉིན་ཆུ་ཚོད་༩སྟེང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་དངོས་སུ་འགོ་བརྩམས།

དྲུང་ཡིག་ཆེན་མོ་གདོང་བཙུན་རྒྱ་ཐར་ལགས་ནས་ ཚོགས་ཆེན་གྱི་འགྲོ་ལུགས་ངོ་སྤྲོད་བྱས་པ་དང་། ཚོགས་གཙོ་སྣང་ཞིག་སྐྱབས་མགོན་རིན་པོ་ཆེས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ ཀྱི་ལོ་ངོ་དྲུག་གམ་བརྒྱད་རིང་གི་གནས་ཚུལ་དང་བྱ་བའི་གྲུབ་འབྲས་མཚམས་སྦྱོར་མཛད་པ་དང་མཇུག་མཐར་ཁོང་གིས་ཚོགས་པ་འདིའི་ཚོགས་གཙོའི་འགན་ཁུར་གཞན་ལ་སྤྲོད་ པའི་དགོངས་པ་ཞུས། དེ་ནས་ཚོགས་པའི་དྲུང་ཆེ་གཞོན་པ་རྟོགས་ལྡན་སྐལ་ཁོ་ལགས་ནས་ཚོགས་ཆེན་གྱི་མདོ་ འཛིན་བྱས་ཤིང་ཚོགས་པའི་བློ་འདྲི་མི་སྣ་མཁས་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར་ རིན་པོ་ཆེས་གསུང་བཤད་གལ་ཆེན་གནང་། དེ་བཞིན་དུ་ཚོགས་པའི་རྒྱུན་ལས་ཚོགས་གཙོ་རྟོགས་ལྡན་ཚུལ་ཆེན་རིན་པོ་ཆེ་དང་། ཤར་རྫའི་རྒྱལ་ཚབ་འཇིགས་མེད་དབང་ཕྱུག། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ། སྟེང་ཆེན་སྤྲུལ་སྐུ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ། ཐར་བདེ་སྤྲུལ་སྐུ་ཚེ་དབང་འཇིགས་མེད། རྒྱལ་རོང་ལི་ཤུ་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན། རག་ཤི་ཀུན་གསལ་སྙིང་པོ། སེང་སྤྲུལ་རིག་འཛིན་ཉི་མ། འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། དབྲ་ཁྱུང་མཁན་པོ་སྐལ་བཟང་ནོར་བུ། སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པ་སོགས་ཀྱིས་གསུང་བཤད་གལ་ཆེན་གནང་། དེའི་ཞར་ལ་སྔ་དྲོའི་ཆུ་ཚོད་དགུའི་སྟེང་ནས་རྟོགས་ལྡན་ཚུལ་ཆེན་རིན་པོ་ཆེས་ དེར་འཚོགས་ཀྱི་གྲྭ་བཙུན་དང་ལྷ་སྡེའི་དད་ལྡན་མང་ཚོགས་ལ་བཀའ་སློབ་གནང་བ་དང་ ཆུ་ཚོད་༡༠:༣༠སྟེང་ནས་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་རིན་པོ་ཆེས་གྲྭ་བཙུན་དང་དད་ ལྡན་མང་ཚོགས་ལ་བཀའ་སློབ་གནང་།

སྔ་དྲོ་འདིར་གྲྭ་ཚང་ཁག་གཅིག་གིས་སྒྲུབ་ཁང་གསར་བའི་ནང་དུ་རྫོགས་ཆེན་སྐུ་ གསུམ་རང་ཤར་གྱི་ཚོགས་འཁོར་བསྐོར། གྲྭ་ཚང་ཁག་གཅིག་གིས་ཚོགས་ཆེན་འདུ་ཁང་དུ་རིགས་ལྔ་བདེར་གཤེགས་འདུས་པའི་ཚོགས་ འཁོར་བསྐོར།

ཚེས་༤ཕྱི་དྲོ་ཆུ་ཚོད་༢:༣༠སྟེང་འཐུས་མི་ཡོངས་རྫོགས་ཚོགས་ཆུང་བཞི་རུ་བགོས་ནས་འཐུས་མི་རེ་རེ་ནས་གཏམ་བཤད་བསམ་འཆར་བསྡུ་ལེན་བྱས། ཕྱི་དྲོའི་ཆ་འདིར་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་དང་དབྲ་ཁྱུང་མཁན་པོ་སྐལ་ བཟང་ནོར་བུ་རྣམ་གཉིས་ནས་སྔ་གཞུག་ལྟར་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་བཀའ་ སློབ་གནང་།
དེ་ཡང་ཚོགས་ཆུང་དང་བོ་ལ་ཚོགས་གཞོན་ཐར་བདེ་སྤྲུལ་སྐུ་ཚེ་དབང་འཇིགས་མེད་དང་། དྲུང་ཡིག་པ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུགས་གྲགས། དྲུང་ཡིག་པ་དགེ་བཤེས་ཨ་ཀུན་གསལ་ཟླ་བ་གསུམ་གྱིས་མདོ་འཛིན་བྱས་ནས་འཐུས་མི་ དྲུག་ཅུ་ལྷག་གི་གཏམ་བཤད་བསམ་འཆར་བསྡུ་ལེན་བྱས། དེ་བཞིན་དུ་ཚོགས་གཞོན་སེང་གེ་སྤྲུལ་སྐུ་རིག་འཛིན་ཉི་མ་དང་། དྲུང་ཡིག་ཆེན་མོ་གདོང་བཙུན་རྒྱ་ཐར། དྲུང་ཡིག་པ་རིན་སྤུངས་ཚུལ་བསྟན་གསུམ་གྱིས་མདོ་འཛིན་བྱས་ནས་ཚོགས་ཆུང་གཉིས་ པའི་འཐུས་མི་དྲུག་ཅུ་ལྷག་གི་གཏམ་བཤད་བསམ་འཆར་བསྡུ་ལེན་བྱས། ཚོགས་གཞོན་རག་ཤི་ཀུན་གསལ་སྙིང་པོ་དང་། དྲུང་ཡིག་པ་དབྲ་ཁྱུང་མཁན་པོ་སྐལ་བཟང་ནོར་བུ། དྲུང་ཡིག་པ་སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པ་གསུམ་གྱིས་འཐུས་མི་བདུན་ཅུ་ཙམ་ གྱི་གཏམ་བཤད་བསམ་འཆར་བསྡུ་ལེན་བྱས། ཚོགས་གཞོན་ལི་ཤུ་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན་དང་། དྲུང་ཆེ་གཞོན་པ་རྟོགས་ལྡན་སྐལ་ཁོ། དྲུང་ཡིག་པ་སྙན་བཟང་བསོད་ནམས་གཡུང་དྲུང་གསུམ་གྱིས་ཚོགས་ཆུང་བཞི་བའི་འཐུས་ མི་དྲུག་ཅུ་ལྷག་གི་གཏམ་བཤད་བསམ་འཆར་བསྡུ་ལེན་བྱས།  མཚན་མོར་དྲུང་ཡིག་ཚན་ཁག་གིས་མདོ་འཛིན་བྱས་ཏེ་རང་མོས་བགྲོ་གླེང་ལ་འཚོགས།

སྤྱི་ཟླ་༩ཚེས་༥ཉིན་གྱི་སྔ་དྲོ་ཆུ་ཚོད་༩སྟེང་ནས་སྔ་ཉིན་ལྟར་ཚན་ཆུང་བཞིའི་ ཚོགས་འདུ་འཚོགས་ནས་བསམ་འཆར་བསྡུ་ལེན་བྱས། ཚོགས་གཙོ་སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་རིན་པོ་ཆེས་གྲྭ་ བཙུན་དང་དད་ལྡན་མང་ཚོགས་ལ་བཀའ་སློབ་ཟབ་མོ་གནང་། ཆུ་ཚོད་༡༡སྟེང་ནས་འཐུས་མིའི་བསམ་འཆར་མཐའ་དག་མཇུག་སྡོམ་བྱས་ཤིང་རེ་རེ་བཞིན་ ཁྱབ་བསྒྲགས་བྱས།

དགའ་མལ་དགོན་ཆེན་གྱི་མཁན་བླ་མ་ཚེ་རིང་མཆོག་ནས་གསུང་བཤད་གལ་ཆེན་གནང་། དེ་ནས་ཚོགས་མི་ཡོངས་ཀྱིས་ཁྱུང་འཁོར་མཆོག་སྤྲུལ་བསོད་ནམས་ཉི་མས་བཞེངས་པའི་ སྒྲུབ་ཁང་གསར་བ་སོགས་ཤར་རྫ་རི་ཁྲོད་ཀྱི་རྟེན་དང་བརྟེན་པ་ཀུན་ལ་མངའ་དབུལ་རབ་ གནས་མཛད།
ཉིན་གུང་ཚོགས་མི་ལྷན་རྒྱས་རྫ་སྟེང་ཆེན་དགོན་དུ་ཕེབས་ནས་འདུ་ཁང་གསར་བའི་ནང་ དུ་གུང་ཟས་ལ་རོལ་ཅིང་བསྟན་རྒྱས་སྨོན་ལམ་གསུངས་ནས་ཕྱིར་ཕེབས། སྔ་དྲོའི་ཆ་ལ་གྲྭ་ཚང་ཁག་གཅིག་གིས་སྒྲུབ་ཁང་གསར་བའི་ནང་དུ་དུས་ཀྱི་འཁོར་ ལོའི་ཆོ་ག་གསུངས། གྲྭ་ཚང་ཁག་གཅིག་གིས་ཚོགས་ཆེན་འདུ་ཁང་དུ་དུས་འཁོར་ཆོ་ག་གསུངས།

ཆུ་ཚོད་༡༤:༣༠སྟེང་ནས་འཐུས་མི་ཉིས་བརྒྱ་ཙམ་གྱིས་ལས་སྣེ་བསྐོ་བཞག་གི་འདེམ་ ཤོག་འཕངས། དེ་ནས་དྲུང་ཡིག་ཚན་ཁག་གིས་འདེམ་ཤོག་སྒམ་ཁ་ཕྱེས་ཏེ་ཞིབ་གཤེར་བྱས་མཐར། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་ཚོགས་གཙོ་ལ་འདམས་ཐོན་བྱུང་བ་དང་། དཔལ་ཤར་རྫ་བའི་གདན་སའི་མཁན་པོ་རིག་འཛིན་དབང་རྒྱལ་མཆོག་ཚོགས་གཙོ་གཞོན་པའམ་ རྒྱུན་ལས་ཚོགས་གཙོ། འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་དྲུང་ཡིང་ཆེན་མོ། རིན་སྤུངས་ཚུལ་བསྟན་དྲུང་ཆེ་གཞོན་པ་ལ་འདམས་ཐོན་བྱུང་བ་སོགས་དྲུང་ཆེ་གདོང་ བཙུན་རྒྱ་ཐར་ནས་འཕྲལ་མར་ཁྱབ་བསྒྲག་བྱས། དེ་ནས་རྩེ་དྲུག་བསྟན་འཛིན་འོད་ཟེར་རིན་པོ་ཆེས་གསུང་བཤད་གནང་། མཚན་མོར་སྔ་ཉིན་ལྟར་གྲྭ་བཙུན་རྣམས་རང་མོས་བགྲོ་གླེང་ལ་འཚོགས།
སྤྱི་ཟླ་༩ཚེས་༦ཉིན་གྱི་ཕྱོགས་པར་ཚོགས་མི་ཡོངས་ནས་རྒྱལ་བ་སྨན་རིའི་མཁན་སློབ་ རྣམ་གཉིས་ཀྱི་སྐུ་ཚེ་རྒྱལ་མཚན་བསྐལ་བརྒྱར་བརྟན་པའི་ཞབས་བརྟན་རིམ་གྲོ་ བསྒྲུབས།

དེ་ནས་ཚོགས་པའི་བླ་སྤྲུལ་མཁན་པོ་དང་དགེ་བཤེས་རྣམས་ཀྱིས་གྲྭ་བཙུན་རྣམས་གཙོར་ བྱས་ཏེ་དད་ལྡན་མང་ཚོགས་ལ་ཕྱག་དབང་མཇལ་ཁ་གནང་། ཕྱི་དྲོའི་ཆུ་ཚོད་༣:༣༠སྟེང་ཚོགས་འདུ་འཚོགས་ནས་ལས་སྣེ་བརྗེ་སྤོར་གྱི་མཛད་ སྒོ་སྤེལ།

དེ་ལ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་གཡུང་དྲུང་བོན་མཉམ་འབྲེལ་ ལྷན་ཚོགས་ཀྱི་ཚོགས་གཙོའི་ཁྲི་ལ་མངའ་གསོལ་བྱས། དཔལ་ཤར་རྫ་བའི་གདན་སའི་མཁན་པོ་རིག་འཛིན་དབང་རྒྱལ་རིན་པོ་ཆེ་གཡུང་དྲུང་བོན་ མཉམ་འབྲེལ་ལྷན་ཚོགས་ཀྱི་གཙོ་གཞོན་པའམ་རྒྱུན་ལས་ཚོགས་གཙོའི་ཁྲི་ལ་མངའ་གསོལ་ བྱས། འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་རིན་པོ་ཆེ་གཡུང་དྲུང་བོན་མཉམ་འབྲེལ་ ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ཁྲི་ལ་མངའ་གསོལ་བྱས། རིན་སྤུངས་ཚུལ་ཁྲིམས་བསྟན་འཛིན་མཆོག་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ དྲུང་ཡིག་ཆེན་མོ་གཞོན་པའི་ཁྲི་ལ་མངའ་གསོལ་བྱས་ཤིང་ཁོང་རྣམ་པ་རེ་རེ་ནས་གསུང་ བཤད་གལ་ཆེན་གནང་བས་ཚོགས་མི་ཡོངས་ནས་དགའ་སྤྲོའི་ཐལ་མོ་བརྡབ་ཅིང་ཚོགས་པའི་མ་ འོངས་པའི་མདུན་ལམ་དུ་གྲུབ་འབྲས་དང་གཟི་བརྗིད་ཀྱི་སྒྲ་དབྱངས་མཁའ་ལ་མཆེད་པར་ བྱས།

དགོང་ཁའི་ཆུ་ཚོད་༥:༣༠སྟེང་སླར་ཡང་ཚོགས་གཙོའི་ཚོགས་འདུ་འཚོགས་ནས་མཐའ་མཇུག་ གི་གྲོས་ཆོད་གཏན་འབེབས་བྱས་ཏེ་མཚན་མོའི་ཆུ་ཚོད་དགུ་བའི་སྟེང་ཚོགས་འདུ་ གྲོལ།

སྤྱི་ཟླ་༩ཚེས་༧ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་བ་ལ་ཐེངས་འདིའི་མཐའ་མཇུག་གི་ གྲོས་ཆོད་ཚོགས་འདུ་འཚོགས། དྲུང་ཡིག་ཆེན་མོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་མཆོག་གིས་གཡུང་དྲུང་ བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་གྲོས་ཆོད་ཁྱབ་ བསྒྲག་བྱས།

ཐར་བདེ་སྤྲུལ་སྐུ་ཚེ་དབང་འཇིགས་མེད་རིན་པོ་ཆེས་ཚོགས་པའི་ཚབ་བྱས་ཏེ་ཁྱུང་ འཁོར་མཆོག་སྤྲུལ་བསོད་ནམས་ཉི་མ་རིན་པོ་ཆེ་དང་ཁོང་གི་སློབ་མ་རྒྱ་རིགས་ཕོ་མོ་ གཉིས་བཅས་ལ་ཤར་རྫའི་སྒྲུབ་ཁང་རྟེན་དང་བརྟེན་པ་གསར་བཞེངས་དང་གཡུང་དྲུང་བོན་ མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པར་མཐུན་རྐྱེན་གང་ལེགས་ བསྒྲུབས་པ་ལ་རྒྱ་སྐད་ཐོག་ནས་ལེགས་སོ་དང་བཀྲ་ཤིས་ཞལ་གཡང་གནང་།
ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེས་སྐབས་དང་བོའི་རྒྱུན་ ལས་རྣམས་ལ་གཟི་བརྗིད་དཔང་རྟགས་གནང་ཞིང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ ཀྱི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་རྒྱལ་ཁ་དང་གཟི་བརྗིད་ཀྱི་ངང་ནས་མཇུག་ བསྒྲིལ་བའི་གསུང་བཤད་དང་ཤིས་སྨོན་བསྩལ།

ཆུ་ཚོད་༡༠:༣༠སྟེང་གཡུང་དྲུང་བོན་གྱི་བརྡ་རྟགས་དང་སྲིད་པའི་བརྡ་དར་ཆེན་མོ་ ཐེངས་རྗེས་མའི་སྦྱིན་བདག་ཐར་བདེ་སྤྲུལ་སྐུ་ཚེ་དབང་འཇིགས་མེད་སོགས་ལ་གཏད་ པའི་མཐར་ཚོགས་མི་ཡོངས་རྫོགས་གདན་ལས་བཞེངས་ཏེ་གཡུང་དྲུང་བསྟན་པ་རྒྱས་པའི་ སྨོན་ལམ་གསུངས།

དེ་ནས་ཚོགས་མི་རྣམས་དཔལ་རྒྱལ་དབང་ཤར་རྫ་བའི་གདན་སའི་ཚོགས་ཆེན་འདུ་ཁང་གི་ མདུན་དུ་ཕེབས་ཏེ་དྲན་རྟེན་འདྲ་པར་བསྒྲོན་ནས་ཕན་ཚུན་ལ་བཀྲ་ཤིས་སྨོན་འདུན་ཞུ་ བཞིན་རང་གནས་ཕྱོགས་བཞི་མཚམས་བརྒྱད་དུ་བསྐྱོད་པ་ལགས་སོ། ། བཀྲ་ཤིས་སོ། །

གནས་ཚུལ་འབྲི་མཁན་སྙན་བཟང་བསོད་ནམས་གཡུང་དྲུང་།

 སྐབས་གཉིས་པའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་མི་སྣ།

མཚན་འཛིན་ཚོགས་གཙོ།
རྒྱལ་བ་གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེ། སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ། ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ།
ཚོགས་གཙོ་ཆེན་མོ།
རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ།
རྒྱུན་ལས་ཚོགས་གཙོ་གཞོན་པ།
མཁན་རིག་འཛིན་དབང་རྒྱལ།
བློ་འདྲི་མི་སྣ།
གཡུང་དྲུང་གླིང་གི་མཁན་ཆེན་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ། མེ་མོ་དགོན་པའི་དབུ་བླ་སྐལ་བཟང་ཉི་མ། སྐྱང་སྤྲུལ་དྲི་མེད་འོད་ཟེར། བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ། གྲུབ་ཆེན་ནམ་མཁའ་རྒྱལ་མཚན། ཁྲི་བ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ། དང་ར་ཀུན་བཟང་བསྟན་འཛིན། གདོང་བཙུན་རྒྱ་ཐར། རྟོགས་ལྡན་བསྐལ་ཁོ། སྟོང་སྐོར་ཚེ་རིང་ཐར། ཤར་བ་ཐོགས་མེད། སྡེ་དགེ་ཚེ་རིང་འགྱུར་མེད། ཨ་སྔགས་ཚེ་རིང་བཀྲ་ཤིས། གཙོས་ངག་དབང་རྒྱ་མཚོ།
ཚོགས་གཞོན།
ཐར་བདེ་ཚེ་དབང་འཇིགས་མེད། རྩེ་དྲུག་བསྟན་འཛིན་འོད་ཟེར། མཁན་ཤེས་རབ་གཡུང་དྲུང་དབང་རྒྱལ། དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ། ལི་ཤུ་གཤེན་རྒྱལ་བསྟན་འཛིན། མཁན་རྒྱ་མཚོ་ནོར་བུ། སེང་སྤྲུལ་རིག་འཛིན་ཉི་མ། སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན། བོན་མཁར་སྐལ་བཟང་རིན་ཆེན། ཁྱུང་མོང་སྟོབས་ལྡན་དབང་ཕྱུག རག་ཞིག་ཀུན་གསལ་སྙིང་པོ། དབྲ་ཁྱུང་མཁན་པོ་དགེ་བཤེས་སྐལ་བཟང་ནོར་བུ། ཉག་སྤྲུལ་བསོད་ནམས་རྒྱ་མཚོ། ཆབ་མདོ་དགོན་པའི་བླ་མ་ཚུལ་ཁྲིམས་ནོར་བུ། མང་སྤྲུལ་བསོད་ནམས་གཡུང་དྲུང་། ཨ་གྲགས་ཤེས་རབ་དཔལ་ཆེན། སྟག་ཞིག་སྤྲུལ་སྐུ་ཡེ་ཤེས་ཉི་མ། སྤྲུལ་པད་མ་རིན་ཆེན། པཎ་ཙ་བསྟན་འཛིན་དར་རྒྱས། རེབ་གོང་བོན་མང་གི་དགེ་རྒན་མཆོད་རྟེན། མཁན་མོ་བདེ་ཆེན་དབང་མོ།
དྲུང་ཡིག་ཆེན་མོ།
འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།
དྲུང་ཡིག་ཆེན་མོ་གཞོན་པ།
རིན་སྤུངས་ཚུལ་བསྟན།
དྲུང་ཡིག་པ།
མཁན་པོ་ཚེ་རིང་ནོར་བུ། དགེ་བཤེས་ཤེས་རབ་གྲགས་པ། མཁན་པོ་བསྟན་པའི་ཉི་མ། སྙན་བཟང་བསོད་ནམས་གཡུང་དྲུང་། ཨ་ཀུན་གསལ་ཟླ་བ། དགེ་བཤེས་ཡོན་ཏན་ཕུན་ཚོགས། ལུང་དཀར་གཡུང་དྲུང་བསྟན་འཛིན། འབྲི་རུ་རྫོང་རྡོ་དིང་དགོན་པའི་བླ་མ་ཤེལ་ཞིག་དོན་ལྷ། ལི་ཐང་ཚེ་རིང་འགྱུར་མེད། ཁྲོ་གཙུག་ཕུད་ཚུལ་ཁྲིམས། རྒྱལ་མཚན་དྲི་མེད། ཐེ་བོ་ཚེ་དབང་རིག་འཛིན། བཙུན་མ་འཁོར་ལྡན་ཚུལ་ཁྲིམས་བྱམས་མ།
རྩིས་པ།
འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།
གཉེར་པ།
རིན་སྤུངས་ཚུལ་བསྟན།
རྒྱུན་ལས་མི་སྣ།
ཀུན་གྲོལ་ལྷ་སྲས་འཆི་མེད་རིག་འཛིན། ཉག་ཆུ་རྫོང་འདུ་ར་དགོན་པའི་མཁན་པོ་ཉི་མ་བསྟན་འཛིན། ནག་ཆུ་སྦྲ་ཆེན་རྫོང་སྤུ་ལ་དགོན་པའི་བླ་མ་དགེ་བཤེས་བཤད་སྒྲུབ་ཉི་མ། ནག་ཆུ་ཉི་མ་རྫོང་དང་ར་གཡུ་བུན་དགོན་པའི་སྤྲུལ་སྐུ་ཚུལ་ཁྲིམས་བསྟན་འཛིན། མངའ་རིས་པ་ཞུང་ཀརྨ་རྒྱལ་མཚན། ཁྱུང་ལུང་དངུལ་མཁར་གྱི་བླ་མ་ཚུལ་ཁྲིམས་ཕུན་ཚོགས། ནག་ཆུ་འབྲི་རུ་རྫོང་དགའ་རུ་དགོན་པའི་ཤེས་རབ་མཐར་ཕྱིན། ལྷ་ས་སྙེ་མོ་རྫོང་བཟང་རི་རྨེའུ་ཚང་དགོན་པའི་བསྟན་པ་རྒྱལ་མཚན། ཆབ་མདོ་དཔལ་ཤོད་རྫོང་འབུམ་ལུང་དགོན་པའི་སྡེ་མི་ཕུན་ཚོགས་བློ་གྲོས། དཔལ་ཡུལ་རྫོང་འཛིན་ཁ་རག་དགོན་པའི་ཀུན་དགའ་བློ་གྲོས། དཔལ་ཡུལ་རྫོང་ལྕང་ལུང་དགོན་པའི་རིག་དགའ། རྟའུ་རྫོང་བསམ་འགྲུབ་དགོན་པའི་བླ་མ་ཟླ་གྲགས། བརྒྱད་ཟུར་རྫོང་མི་རྒོད་དགོན་པའི་བླ་མ་ཚེ་རིང་ཕུན་ཚོགས། རོང་བྲག་རྫོང་རྒྱལ་རོང་བསྟན་པའི་རྒྱལ་མཚན། རོང་བྲག་རྫོང་སྔ་སྟག་གཡུང་དྲུང་བདེ་ཆེན་གླིང་གི་སྡེ་མི་སྐལ་བཟང་། འབར་ཁམས་རྫོང་གཡུ་ཞིག་ཚེ་དཔལ་ལྷ་ཁང་དགོན་པའི་གཡུ་སྤྲུལ་ཤེས་རབ་རྣམ་དག ཁྲོ་ཆུ་རྫོང་གི་བླ་མ་འཕྲིན་ལས་འགྲོ་མགོན། བཙན་ལྷ་རྫོང་གི་སྡེ་མི་ཨ་སྟག ཆབ་མདོ་ལྷོ་རོང་རྫོང་ཁྲ་རྒན་དགོན་པའི་བསམ་གཏན་ཚུལ་ཁྲིམས། མཚོ་སྔོན་ཧྭ་ལུང་རྫོང་གི་ཨ་ལགས་ཚུལ་ཁྲིམས། མཚོ་སྔོན་རྩེ་ཁོག་གི་བོན་བརྒྱའི་སྤྲུལ་སྐུ་དྲི་མེད་ཉི་མ། བོན་བརྒྱའི་ཚེ་སྒྲུབ་རྒྱལ། ཁྲི་ཁའི་ཨ་ལགས་མཁར་ནག་སྐལ་བཟང་རྒྱ་མཚོ། ཚུལ་ཁྲིམས་བསྟན་པ་འབྲུག་གྲགས། ཁྱུང་མཆུ་རྫོང་མག་སར་དགོན་པའི་སྡེ་མི་དཔལ་བྷེ། མཚོ་སྔོན་འབའ་རྫོང་སྟག་གདོང་དགོན་པའི་གནས་བརྟན་གྲགས་པ། བོད་ལྗོངས་གཉའ་ནམ་རྫོང་སྤ་ལ་ཕུག་དགོན་པའི་བསྟན་འཛིན་བཟང་པོ། ཟིང་ཆུ་རྫོང་བྲག་གཡུང་དྲུང་ཁའི་བཙུན་མ་ཀླུ་དབང་མཚོ། ཤེས་ཁྲང་ཁུལ་ཡན་ཡན་རྫོང་གི་གྲྭ་བ་ལ་པདྨ། ཉང་ཧྲན་ཁུལ་ལུའུ་ཀུའུ་ཧུའུ་སྐལ་བཟང་ཚེ་རིང་། རེབ་གོང་བོན་བརྒྱ་དགོན་པའི་ཁྲི་བསོད་བསྟན། སོང་ཅེ། དཔུང་ཁྲིན། འཇོ་མདའ་རྫོང་ཤེལ་ཞིག་དགོན་པའི་བསྟན་འཛིན་འོད་ཟེར། བྲག་འགོ་སྤྲུལ་སྐུ་འཆི་མེད་གཡུང་དྲུང་། ཁྱུང་འཁོར་མཆོག་སྤྲུལ་བསོད་ནམས་ཉི་མ། དུང་རི་བླ་མ་བཤད་སྒྲུབ་རྒྱལ་མཚན། སྟོད་པོ་ཁོག་ཉི་དགའ་ཚེ་རིང་། སྔགས་པ་ཚེ་བརྟན་རྒྱལ། ཟིང་ཆུ་རྫོང་ཨ་དཔལ་བཟང་། སྟེང་ཆེན་རྫོང་གཡུང་དྲུང་དཔལ་རིའི་ཨུ་རུ་ཚུལ་ཁྲིམས་མཐར་ཕྱིན། དགེ་བཤེས་བསྟན་འཛིན་རྣམ་རྒྱལ། དཔལ་མགོན་རྫོང་གཙུག་གཤེན་རྣམ་རྒྱལ། རོང་བྲག་རྫོང་བྲག་སྟེང་དར་རྒྱས་གླིང་གི་སྤྲུལ་སྐུ་ནམ་མཁའ་ཚུལ་ཁྲིམས། ཁོད་སྤུངས་དར་རྒྱས་དགོན་པའི་སྤྲུལ་དབང་རྒྱལ་ཚེ་རིང་། མཛོད་དགེ་རྫོང་དགུ་སྐྱང་དགོན་པའི་སྤྲུལ་སྐུ་རིན་ཆེན་རྒྱལ་མཚན། དཀར་མཛེས་རྫོང་གོ་ལམ་གཡུང་དྲུང་གླིང་ཚེ་དབང་དངོས་གྲུབ། དར་རྩེ་རྫོང་རྣམ་དག་ཚུལ་ཁྲིམས། ཐར་བདེ་དགོན་པའི་བཙུན་མའི་བཤད་སྒྲུབ་སློབ་གླིང་གི་བཙུན་མ་སེམས་མ་བཟང་མོ། བྱ་བཏང་བཙུན་མའི་བཤད་སྒྲུབ་སློབ་གླིང་གི་བཙུན་མ་བདེ་ཆེན་སྒྲོན་མ། གཡང་གི་ཕྱུག་མོའི་སྦྱིན་བདག་ཀུན་ཐར་མཚོ། ཁྱུང་མོང་དགོན་པའི་བཙུན་མ་མཁན་མོ་སེམས་ཉིད་བྱམས་མ། སྟེང་ཆེན་གདོང་རྫོང་རི་ཁྲོད་ཀྱི་བཙུན་མ་ཚུལ་ཁྲིམས་རྒྱལ་མོ། ཀོང་པོ་རྗེ་རི་དགོན་པའི་བླ་མ་ཡེ་ཤེས་ཐབས་མཁས། འཇོ་མདའ་རྫོང་བླ་ཁྲི་དགོན་པའི་མཁན་པོ་བསྟན་འཛིན་ཕུན་ཚོགས་བཅས་སྐབས་གཉིས་ པའི་རྒྱུན་ལས་སུ་འདེམས་ཐོན་བྱུང་།

 གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཚན་ཁག་ནས།

 

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow