རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་བཞི་པ་དངོས་སུ་དབུ་འཛུགས་གནང་།

13516725_1219392324760931_2065903037106233623_nདེ་ཡང་ཕྱི་ལོ་(༢༠༡༦)ཟླ་བ་དྲུག་པའི་ཚེས་(༢༩)ནས་ཕྱི་ཟླ་བདུན་པའི་ཚེས་(༠༡)བར་ཉིན་གྲངས་གསུམ་གྱི་རིང་ལ་རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་བཞི་པ་ཡོ་རོབ་ཀྱི་རྒྱལ་ཁབ་གྲགས་ཅན་ཧྥ་རིན་སིའི་རྒྱལ་ས་བེ་རིས་སིའི་(Paris)ལྷོ་ཕྱོགས་སུ་གཞིས་ཆགས་ཡོད་པའི་གཡུང་དྲུང་བོན་ཚོགས་ཆེན་མོ་གཤེན་བསྟན་དར་རྒྱས་གླིང་དུ་དངོས་སུ་དབུ་འཛུགས་གནང་ཡོད་པ་རེད།

13524470_1219392204760943_3881041527993701291_n
དེ་ཡང་རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཞེས་པ་འདི་ཐོག་མར་ཕྱི་ལོ་(༡༩༩༩)ལོར་བོད་རིག་པའི་མཁས་དབང་གྲགས་ཅན་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་ཀྱིས་གཙོ་འདྲེན་འོག་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀ་(Osaka)རུ་སྐོང་འཚོགས་གནང་ཡོད་པ་དང་། སྐབས་གཉིས་པ་ཕྱི་ལོ་(༢༠༠༨)ལོར་༧དཔལ་ཁྲི་བརྟན་ནོར་རྩེའི་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གིས་གོ་སྒྲིག་མཛད་དེ་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་ཀྱིས་གཙོ་འགན་བཞེས་པའི་འོག་ཕ་རན་སིའི་གྲོང་ཁྱེར་(Blou)ས་གནས་སུ་གཞིས་ཆགས་པའི་གཤེན་བསྟན་དར་རྒྱས་གླིང་དུ་འཚོགས་ཡོད་པ་དང་། སྐབས་གསུམ་པ་ཡང་ཕྱི་ལོ་(༢༠༡༢)ལོར་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་ལགས་ཀྱིས་གོ་སྒྲིག་འོག་བལ་ཡུལ་བོན་གྱི་ལྟེ་གནས་དཔལ་ཁྲི་བརྟན་ནོར་བུ་རྩེ་ལ་(Triten Norbputse Kathmandu)འཚོགས་གནང་ཡོད་པ་རེད།

13528724_1219392238094273_7110034284961661929_nད་ལན་རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་བཞི་པ་ཡང་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གིས་གཙོ་འགན་འོག རྒྱལ་སྤྱིའི་བོད་རིག་པའི་ཚོགས་གཙོ་ཟུར་པ་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་མཆོག(Prof. Samten G. Karmay)དང་མཁས་དབང་ཆར་སི་རམ་བྷོའམ་གཡུང་དྲུང་ཚེ་དབང་(Prof. CharlesRamble)ལགས་རྣམ་གཉིས་ཀྱིས་གོ་སྒྲིག་མཛད་དེ་ཕ་རིན་སིའི་ལྷོ་ཕྱོགས་བོན་གྱི་ལྟེ་གནས་གཤེན་བསྟན་དར་རྒྱས་གླིང་དུ་འདུ་ཚོགས་གནང་ཡོད་འདུག
ཐེངས་འདིར་ཡང་ཨ་རི་དང་། ཁ་ན་ཊ། ཅེག་སྤྱི་མཐུན་རྒྱལ་13529183_1219392284760935_7789472764082233183_nཁབ། ཨོ་སི་ཁྲི་རི་ཡ། རྒྱ་གར་དང་བལ་པོ། བོད་བཅས་རྒྱལ་ཁབ་མི་འདྲ་བ་བརྒྱད་ནས་མཁས་དབང་དང་ཞིབ་འཇུག་པ་དང་། བླ་སྤྲུལ་མཁན་པོ། དགེ་བཤེས་སློབ་གཉེར་པ་བཅས་ཁྱོན་བསྡོམས་མི་གྲངས་བཞི་བཅུ་ལྷག་འདུ་འཛོམས་བྱུང་ཡོད་འདུག

གཏམ་བཤད་ཀྱི་བརྗོད་གཞི་ལ་ཡང་གནའ་བོའི་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་། ཆོ་ག་ཕྱག་ལེན། ཞང་ཞུང་གི་རྒྱལ་རབས་དང་ས་ཁྲ། བོན་གྱི་ད
པེ་རྙིང་གཤིབ་བསྡུར། སྔོན་བྱོན་གྱི་སྐྱེ་ཆེན་བླ་མ་རིག་འཛིན། མི་སྣ་གྲགས་ཅན་ཁག་གི་ལོ་རྒྱུས་དཔྱད་བསྡུར་དང་ཞིབ་དཔྱོད་བཅས་ནང་དོན་ཁག་མི་འདྲ་བ་སྣ་ཚོགས་ཀྱི་ཐོག་ལ་མཁས་པ་རེ་ནས་གཏམ་བཤད་སྐར་མ་༣༠དང་དྲི་བ་དྲིས་ལན་སྐར་མ་༡༥རེ་ལ་གནང་བཞིན་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ།

བོན་གྱི་དྲ་རྒྱའི་གཙོ་སྒྲུབ་པ་གྱེར་ནག་ཚང་གིས་ཕ་རིན་སིའི་རྒྱལ་ས་པ་རི་སི་ལ།

ཕྱི་ལོ་༢༠༡༦ཟླ་༦ཚེས་༢༩ཉིན།

 

13553243_1219678548065642_1533371443_n

ཕ་རིན་སིའི་གཡུང་དྲུང་བོན་ཚོགས་གཤེན་བསྟན་དར་རྒྱས་གླིང་།

P1030253རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་སྐབས་བཞི་པའི་སྐབས་ཀྱི་མཉམ་པར།

Bon

རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་བཞི་པའི་སྐབས་གཏམ་བཤད་སྤེལ་མཁན་རྣམས་ཀྱི་མཉམ་པར།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow