གལ་ཆེན་གསལ་བསྒྲགས།

2༄༅།།རྒྱ་ཆེའི་དད་ལྡན་ཀུན་གྱི་དྲུང་དུ་གསལ་བསྒྲགས་ཞུ་རྒྱུར།
མཁྱེན་གསལ་ལྟར་ཁ་སྔོན་ཕྱི་ལོ་༢༠༡༦ ཟླ་གཉིས་པའི་ནང་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་སྐུ་ཁམས་འཕྲོད་བསྟེན་ཆེད་འདི་ག་ཨ་རིའི་ནིའུ་ཡོག་ཏུ་༧ཞྭ་དཀར་གཡུང་དྲུང་བོན་སྲི་ཞུ་ཚོགས་པ་སྟེ་བོན་གཤེན་གླིང་ནས་སྨན་སྦྱོར་འཕྲོད་བསྟེན་ཆེད་གདན་འདྲེན་ཞུས་དོན་ལྟར་སྐབས་དེར་ཕེབས་པ་ནས་བཟུང་སྐུ་ཁམས་གསལ་དྭངས་ཀྱི་གནས་ཚུལ་རྣམས་དུས་ནས་དུས་སུ་ཞུས་པ་ལྟར་ལགས་ཤིང་རྣམ་པ་ཚང་མའི་ཐུགས་ཁུར་ཟབ་རྒྱས་གནང་བ་མ་ཟད་གང་ན་སུ་བཞུགས་ཀྱི་སྐྱེས་ཆེན་གཤེན་རབས་གཡུང་དྲུང་སེམས་དཔའི་སྡེ་དང་ལས་སྨོན་གྱི་འབྲེལ་བའི་ལྷ་སྡེ་མི་སྡེ་ཡོངས་ནས་མཆོག་གསུམ་དམ་ཅན་རྒྱ་མཚོ་ལ་གསོལ་འདེབས་འཕྲིན་བཅོལ་དང་།

ཡི་དམ་སྣ་ཚོགས་ཀྱི་་བསྙེན་སྒྲུབ། གལ་ཆེའི་སྲུང་མའི་འབུམ་ཚོགས། སྐུ་ཕྱྭའི་གེག་སེལ་ཞབས་རིམ་ཚཱ་ཚཱ་ཉེའུ་གདོན་ལ་སོགས། ཞབས་རིམ་རྒྱ་ཆེར་བགྱིས་པའི་ནུས་མཐུ་དང་ལས་སྨོན་དམ་ཚིག་བཟང་པོའི་རྐྱེན་གྱིས་འདི་ག་ཡང་དུས་ཐོག་ཏུ་ཕུལ་བྱུང་སྨན་པས་སྨན་བཅོས་ཀྱི་འགན་ཆ་ཚང་བཞེས་པ་དང་སྐུ་གཟུགས་གསལ་བསྐྱེད་ལ་འཕྲོད་པའི་སྨན་རིགས་བཟང་ཤོས་གང་མང་མང་གི་མཐུན་རྐྱེན་སྦྱར་བ་སོགས་བློ་ཡུལ་ལས་འདས་པའི་གྲུབ་འབྲས་ཐོན་ཡོད་པ་མ་ཟད་ཟླ་བ་དྲུག་གི་རིང་ལ་སྨན་བཅོས་ལེགས་གྲུབ་བྱུང་བར་རྣམ་པ་ཚང་མ་ལ་རྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།

ད་ལྟའི་ཆར་སྐུ་ཡི་སྨན་པ་མཆོག་ནས་ཀྱང་༧ཁྲི་འཛིན་རིན་པོ་ཆེའི་སྐུ་གཟུགས་གསལ་ཐང་ཡིན་པས་ཐུགས་ལྷོད་ལྷོད་བཞུགས་ཆོག་པའི་གནས་ཚུལ་བཟང་པོ་བྱུང་དོན་ལྟར། ད་ལམ་ཕྱི་ལོ་༢༠༡༦ཟླ་ བརྒྱད་པའི་ཡར་ཚེས་ལ་ཨ་རིའི་བོན་གཤེན་གླིང་ནས་རྒྱ་གར་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཕེབས་འཆར་ལགས་ན་དེ་དོན་བཞིན་ཚང་མར་ཞུ་ཧམ་དུ་མ་དགོངས་པར་ཐུགས་སྨོན་དང་གསོལ་འདེབས་ཐུགས་རྗེའི་ཀློང་ནས་མི་འདོར་བ་མཁྱཻན་ཞུ།།
ཨ་རིའི་བོན་གཤེན་གླིང་ནས་སྐྱོང་སྤྲུལ་མིང་བས།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow