(གནས་ཚུལ་སྔ་མའི་འཕྲོ།) ༢༠༡༧་ཟླ་༩་ཚེས་༣ཉིན་ནས་༧སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེས་ཐུགས་བཀོད་དང་དབུ་ཁྲིད་མཛད་དེ་སྐྱང་ཚང་དགོན་སྤྱི་དང་སྒྲུབ་གྲྭ་བ། གྲྭ་ས་བ་བཅས་བླ་སློབ་ཡོངས་ནས་སྟག་ལ་སྲུང་ཟློག་དང་དབལ་གསས་དགྲ་ཟློག སྤྱི་འདུལ་དང་རྟ་མགྲིན་གར་དབང་། སྲིད་རྒྱལ་དང་པོམ་ར་སོགས་སྲུང་མའི་ཚོགས་བརྒྱ། སྟག་ལའི་གཞུང་སྟོང་འདོན་དང་སྐུ་རིམ་རྣམ་གསུམ་བཅས་དཀྱིལ་འཁོར་དུ་མའི་ཞལ་ཕྱེས་ནས་ཡོངས་རྫོགས་བསྟན་པའི་མངའ་བདག་༧རྗེ་སྨན་རི་བ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་སོགས་ཀྱི་དོན་དུ་ཞབས་བརྟན་འབུལ་བཞིན་པ།
རྟོགས་ལྡན་དགོན་ཞང་ཞུང་རྫོགས་ཆེན་སློབ་གླིང་ནས་ཀུན་གསལ་བྱམས་མའི་བསྔགས་བསྟོད་དང་ཚེ་སྒྲུབ་ཚེ་བསྙེན་སོགས་བསྒྲུབ་བཞིན་པ།
༢༠༡༧ཟླ་བ ༩ཚེས ༡ ཉིན་ནས་ཉིན་གཉིས་རིང་བལ་ཡུལ་གློ་བོའི་རྫོང་གསར་པའི་བོན་དགོན་གཡུང་དྲུང་ཀུན་གྲགས་གླིང་དུ་དམུ་བསུ་ཐང་རིག་གཞུང་དང་ཤེས་ཡོན་ཚོགས་པའི་གོ་སྒྲིག་འོག་རྫོང་གསར་པ་བོན་དགོན་གཡུང་དྲུང་ཀུན་གྲགས་གླིང་དང་རྣ་རུ་རྫོང་བོན་དགོན་ཧི་མ་ལ་ཡི་བུ་ཁྱིམ་ཁང་གི་སློབ་མ་རྣམས་དང་དེ་བཞིན་ཕྱྭ་སྲས་ཀེང་ཙེ་སློབ་མ་རྣམས་དང་བོན་གཞིས་ཉིན་སློབ་ཟུར་པ་བཅས་ཚོགས་བཅར་བ་མི་གྲངས་བདུན་བཅུ་ལྷག་ནས་བྱམས་མའི་སྔགས་གཟུངས་དང་ཚེ་སྒྲུབ་བསྙེན་པ་དུ་ཏྲི་སུའི་བསྙེན་པ་བཅས་བསགས་བཞིན་པ།
ཕྱི་ཟླ་བ་དགུ་པའི་ཚེས་༤ཉིན་ནས་རེབ་གོང་བོན་བརྒྱ་དགོན་གྱི་བོན་བརྒྱ་བླ་བྲང་རྩེ་མཆོག་གསུམ་མཆོད་པའི་ལྷ་ཁང་དུ་མ་མཆོག་སྲིད་པ་རྒྱལ་མོའི་ཚོགས་མཆོད་སོགས་ཞབས་རིམ་སྒྲུབ་བཞིན་པ།
༢༠༡༧ལོའི་ཟླ་བ་བརྒྱད་པའི་༢༤ནས་ཟླ་དགུ་པའི་ཚེས་༤སྟེ་ཉིན་བཅུ་གཉིས་ཀྱི་རིང་ལ་མདོ་སྨད་སྐྱང་གི་གདན་ས་མདའ་ཆེན་དཀར་མོ་རི་ཁྲོད་རྩ་གསུམ་དང་ཚེ་དབང་བོད་ཡུལ་མ་མཁའ་འགྲོ་གསང་གཅོད་སྐུ་གསུམ་རང་ཤར་བདེར་གཤེགས་འདུས་པ་སྐྱང་སྤྲུལ་བླ་སྒྲུབ་བཅས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཞབས་རིམ་བསྒྲུབ་བཞིན་པ།
༢༠༡༧ཟླ་༩ཚེས་༡ནས་ཉིན་ལྔའི་རིང་ཧོར་སྦྲ་ཆེན་རྫོང་ཁོངས་༧ལུང་དཀར་གཤེན་བསྟན་རིན་ཆེན་གླིང་གི་དགེ་འདུན་འདུས་མང་ཡོངས་ཀྱིས་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་སྐུ་ཕྱྭའི་ཞབས་རིམ་དུ་སྐུ་ཡི་ཁྲོ་བོ་དབལ་གསས་རྔམ་པའི་ཚོགས་འཁོར་དང་། མ་མཆོག་སྲིད་པའི་རྒྱལ་མོའི་སྟོང་ཚོགས། སྲུང་མ་གཞན་རྣམས་ཀྱི་ཚོགས་མཆོད་རྒྱས་འབུལ་ཞུ་བཞིན་པ།
ཕྱི་ཟླ་བ་༩ཚེས་༣ཉིན་ནས་ཁྲི་ཀ་སེར་བརྒྱའི་༧བོན་མང་འདུས་པ་སྤྱི་ནས་ཞི་བ་ཨ་གསལ། བྲག་བཙན་དང་སྲིད་པ་རྒྱལ་མོའི་ཚོགས་འཁོར་ཞབས་རིམ་བསྒྲུབ་བཞིན་པ།
༧ཐེ་ལན་སྟོང་སྐར་བོན་ཚོགས་ནས་ཤེས་རབ་བྱམས་མ་དང་ཚེ་སྒྲུབ། མར་མེ་སྟོང་མཆོད་སོགས་འབུལ་བཞིན་པ།
༧བོན་ཀ་དགོན་སྨིན་གྲོལ་བཀྲ་ཤིས་ཕུན་ཚོགས་གླིང་གིས་ཞབས་རིམ་སྒྲུབ་བཞིན་པ།
༧བྲག་མགོ་གཞི་རི་དགོན་བཀྲ་ཤིས་སྨིན་གྲོལ་གླིང་གིས་ཚེ་སྒྲུབ་དང་། བར་ཆོད་ལམ་སེལ་སོགས་སྒྲུབ་བཞིན་པ།
༧བྲག་མགོ་སྙི་ཡུལ་དབྲ་སྲས་འཇའ་ཡུལ་པའི་གདན་ས་རྦ་མདའ་བདེ་ཆེན་བསམ་གཏན་སྨིན་གྲོལ་གླིང་གི་འདུས་མང་ནས་ཕྱི་ཟླ་བ་དགུ་པའི་ཚེས་༢ཉིན་ནས་བླ་སྒྲུབ་ཚོགས་མཆོད་རྒྱས་འབུལ་དང་། ཀུན་གསལ་བྱམས་མའི་སྔགས་བསྟོད་གསོག་སྒྲུབ་གནང་བཞིན་པ།
༧ཁྱུང་མཆུ་རྫོང་མག་སེར་ཁྱུང་པོ་གསང་སྔགས་གཡུང་དྲུང་དར་རྒྱས་གླིང་གིས་ཞབས་རིམ་སྒྲུབ་བཞིན་པ།
༧དམ་པ་རང་གྲོལ་དགོན་གྱིས་ཚེ་སྒྲུབ་དང་ཚེ་བསྙེན་སོགས་བསྒྲུབ་བཞིན་པ།
༧བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་དུ་ཕྱི་ཟླ་དགུ་པའི་ཚེས་༥ཉིན་ནས་ཡི་དམ་སྟག་ལ་མེ་འབར་གྱི་སྲུང་ཟློག་དང་མ་མཆོག་སྲིད་པ་རྒྱལ་མོའི་ཚོགས་དང་བསྐང་བ་ཚེ་བསྙེན་སོགས་སྒྲུབ་བཞིན་པ།
ཝཱཎཱ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་གི་༧གཡུང་དྲུང་བོན་གྱི་དགེ་སློབ་ཁང་གི་སློབ་དགེ་རྣམས་ཀྱིས་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་སྐུའི་ཞབས་རིམ་ཆེད་དུ་ཉ་རིགས་སྲོག་བསླུ་ཚེ་ཐར་གཏོང་བཞིན་པ།
༧ཞང་ཞུང་སྒོ་པའི་ལྟེ་གནས་ཁྱུང་པོ་རྩེ་དྲུག་དགོན་ཤེལ་ལེ་རྒྱ་སྐར་གླིང་གི་བཤད་སྒྲུབ་སྒོམ་གསུམ་གྲྭ་ཚང་དང་བཅས་པའི་བསླབ་གསུམ་འདུས་སྡེ་ནས་སྲིད་རྒྱལ་དྲག་སྔགས་དབལ་མོའི་ཚོགས་མཆོད་རྒྱས་འབུལ་དང་། ཁྲོ་བོ་ངོ་མཚར་རྒྱས་པའི་གཞུང་གསོག་སྒྲུབ་སོགས་སྐུ་རིམ་གང་ནུས་སུ་སྒྲུབ་བཞིན་པ།
༧གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་སྒྲུབ་ཁང་ནས་བྱམས་མའི་སྔགས་བསྟོད། སྟག་ལའི་བཅུད་དྲིལ། བར་ཆོད་ལམ་སེལ། ཚེ་གཟུངས་ཉེར་གཅིག་སོགས་སྒྲུབ་བཞིན་པ།
༧ཤར་དགའ་མལ་དགོན་ཆེན་གྱི་འདུས་མང་ཡོངས་ནས་སྐུ་ཕྱྭའི་ཞབས་རིམ་དུ། བསྟན་སྲུང་གཙོ་མོ་མ་མཆོག་སྲིད་པ་རྒྱལ་མོའི་ཚོགས་མཆོད་རྒྱས་འབུལ་དང་། ཚེ་སྙིང་། བྱམས་མའི་སྔགས་བསྟོད། སྟག་ལའི་བཅུད་དྲིལ། བར་ཆོད་ལམ་སེལ། བརྟན་བཞུགས་མཎྜལ་སྐུ་གསུང་ཐུགས་རྟེན་འབུལ་བ་སོགས་སྐུ་རིམ་གང་མང་ཞིག་སྒྲུབ་བཞིན་པ།
གནས་ཚུལ་འཕྲོ་འདི་ནས་ཀློག
http://www.theyungdrungbon.com///2017/09/hh33-12/#more-4745