༣༽ བོད་གཞིས་བྱེས་གཉིས་སུ་རྒྱལ་བ་སྨན་རི་བའི་ཞབས་རིམ་སྒྲུབ་བཞིན་པ། མུ་འགོད།

IMG_1664IMG_1665

(གནས་ཚུལ་སྔ་མའི་འཕྲོ།) ༧ཤར་རྫ་རི་ཁྲོད་ནས་ཀུན་མཁྱེན་ཤར་རྫའི་རྒྱལ་ཚབ་རིན་པོ་ཆེ་དབུས་པའི་དགེ་འདུན་འདུས་པ་རྒྱ་མཚོ་ནས་༧རྒྱལ་བ་སྨན་རི་བ་མཆོག་ལ་ཞབས་བརྟན་དང་ཞབས་རིམ་རྒྱས་འབུལ་ཞུ་བཞིན་པ།

103996F7-2A14-4C25-A2E8-9A17D82DC3AF-25437-00001569265C9581_tmpA6293F84-841C-4218-8235-23D5CC4A05A9-25437-00001566D578F3CA_tmp

ཝཱཎཱ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་གི་༧གཡུང་དྲུང་བོན་གྱི་དགེ་སློབ་ཁང་གི་དགེ་སློབ་རྣམས་ཀྱིས་ཞབས་རིམ་ཀུན་གསལ་བྱམས་མ་དང་ཚེ་སྒྲུབ་ཚེ་བསྙེན་དང་། སྐུའི་ཞབས་བརྟན་གསོལ་འདེབས་དང་ནོར་བུའི་སྨོན་ལམ་སོགས་སྒྲུབ་བཞིན་པ།

IMG_1653IMG_1667

༧ལྷ་ལྡན་ཉི་མའི་གྲོང་ཁྱེར་ན་བཞུགས་པའི་ཨ་མདོ་ཤར་ཁོག་གི་ཚོང་དཔོན་གཙོ་བོ་ཨ་མདོ་རྩེ་རྒྱལ་སོགས་དང་། རྫ་པ་དར་ལོ། སྡེ་དགེ་ཨོ་རྒྱན་དང་། སྡེ་དགེ་བསོད་དབྱང་། སྐྱིད་འཛོམས། གཡུ་མཚོ། བདེ་མཚོ། དབང་ཆེན། དབུ་རྒྱན་མགོན། བསོད་ནམས་རིག་འཛིན། ཆོས་སྒྲོན། རིག་འཛིན་དབང་མོ། རིག་འཛིན་ཚེ་མཚོ། ཤེས་རབ་མཚོ་མོ། སོགས་ནས་རྣམས་ཀྱིས་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེའི་བླ་གཟའི་ཉིན་དང་བསྟུན་ཏེ་སྐུ་ཕྱྭའི་ཞབས་བརྟན་དུ་བོན་གྱི་གདན་ས་གོང་མ་༧གཙང་བཀྲ་ཤིས་སྨན་རི་དགོན་དང་། དཔལ་ལྡན་མཁར་སྣ་དགོན། རུ་ལག་གཡུང་དྲུང་གླིང་བཅས་རྩ་བའི་གྲྭ་ས་རྣམ་གསུམ་དུ་བསྟན་སྲུང་ཡོངས་ཀྱི་གཙོ་མོ་མ་མཆོག་སྲིད་པ་རྒྱལ་མོའི་ཚོགས་མཆོད་རྒྱས་འབུལ་དང་སྲོག་བླུ་ཉེའུ་འདོན་པ་འབྲི་གཡག་མང་པོ་ཚེ་ཐར་བཏང་གནང་བ་སོགས་དད་དམ་ལྷག་བསམ་གཙང་མའི་ངང་རྣམ་དཀར་བསོད་ནམས་དགེ་སྒྲུབ་གང་ཐུབ་བགྱིས་དང་བགྱིད་བཞིན་པ།

309ECE87-09A1-4C93-BCC0-A3B85E6DC724-25437-0000158BCF8B3DD5_tmp01178FEF-A4AF-4BB0-BC6E-1D3EC1D9AAD8-25437-0000158BF0F9B57C_tmp

༧གཡུང་དྲུང་བོན་གྱི་གདན་ས་གོང་མ་གཙང་བཀྲ་ཤིས་སྨན་རི་དགོན་དུ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་རིན་པོ་ཆེ་མཆོག་ལ་ཞབས་བརྟན་དུ་མ་མཆོག་སྲིད་པ་རྒྱལ་མོའི་ཚོགས་འཁོར་འབུལ་བཞིན་པ། ལྷ་སར་གནས་བཞུགས་ཤར་ཁོག་ཚོང་དཔོན་རྣམས་ཀྱིས་སྦྱིན་བདག་དང་སྐུ་འགྱེད་ཕུལ་ཡོད་པ་བཅས།

088D4F77-DF0C-41DF-B79C-F30397D3D704-25437-0000158C0B348DF6_tmpB4E57EB7-27D3-420D-AA7F-0C00F2DF9A8B-25437-0000158C1C305245_tmp

༧གཡུང་དྲུང་བོན་གྱི་གདན་ས་འོག་རབ་ལེགས་གཡུང་དྲུང་གླིང་དགོན་དུ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་རིན་པོ་ཆེ་མཆོག་ལ་ཞབས་བརྟན་དུ་མ་མཆོག་སྲིད་པ་རྒྱལ་མོའི་ཚོགས་འཁོར་འབུལ་བཞིན་པ། ལྷ་སར་གནས་བཞུགས་ཤར་ཁོག་ཚོང་དཔོན་རྣམས་ཀྱིས་སྦྱིན་བདག་དང་སྐུ་འགྱེད་ཕུལ་ཡོད་པ་བཅས།

IMG_1670IMG_1669

༧ཁྱུང་པོ་སྟེང་ཆེན་དགོན་གྱིས་འདུས་མང་ཡོངས་ནས་༧རྒྱལ་བ་སྨན་རིའི་ཞབས་བརྟན་དུ་སྲིད་པ་རྒྱལ་མོ་དང་ཡི་དམ་སྟག་ལ་མེ་འབར་གྱི་ཚོགས་འཁོར་རྒྱས་འབུལ་བསྒྲུབ་བཞིན་པ།

ED7CACB5-F393-43D2-822E-1E8D55E1B8DA-25437-000015954B17D34B_tmpCA431751-4E5D-438C-A8B1-940F8C6523A2-25437-0000159535A342E0_tmp

༧རྒྱལ་རོང་གཡུང་དྲུང་ལྷ་སྟེང་དགོན་ནས་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་ཞབས་བརྟན་དུ་ཚེ་ཐར་དང་སྲིད་རྒྱལ་འཕྲིན་བཅོལ། སྟག་ལའི་བཅུད་དྲིལ། གདུགས་དཀར་དང་ཚེ་སྒྲབ་ཚེ་བསྙེན་གསང་དྲག་དང་ཕུར་པ་སོགས་བསྒྲུབ་བཞིན་པ།

7EEFC5D0-AD6C-4CD1-8E08-0A20DBD13DA8-25437-000015A48183F303_tmp937B8CF1-767F-4407-B5BA-04A55D3C66DC-25437-000015A503C11DDF_tmpFE1D51E2-2AB8-48EB-A299-7DF929E6BDE0-25437-000015A5151C89D5_tmp

ཁ་ཎ་ཊ་༧ཤེས་རབ་བྱམས་མ་གླིང་གི་དབུ་འཛིན་དགེ་བཤེས་གཡུང་དྲུང་བློ་གསལ་དང་ཁོང་གི་སློབ་མ་ཐུན་མོང་ནས་ཡི་དམ་སྟག་ལའི་གཞུང་གྲངས་དང་ཡེ་ཤེས་དབལ་མོའི་བསྐང་གསོལ། ཀུན་གསལ་བྱམས་མ། བར་ཆོད་ལམ་སེལ། སྐུའི་ཞབས་བརྟན་གསོལ་འདེབས་སོགས་བསྒྲུབ་བཞིན་པ།

ABDA8D28-533C-4183-92D9-7BD7593CED16-25437-000015A81A2FF659_tmp9A22F51C-8B90-4517-982A-61C225F5142B-25437-000015A814B4FCF6_tmp

༧བྲག་འགོ་རྒྱལ་རོང་དགོན་བཙུན་མའི་ལྔ་རིག་ནང་བསྟན་སློབ་གླིང་དུ་སྐུ་ཕྱྭའི་ཞབས་རིམ་དྲན་པའི་ཚོགས་འཁོར་དང་། ཚེ་སྒྲུབ། བར་ཆོད་ལམ་སེལ། བྱམས་མའི་སྔགས་བསྟོད་སོགས་བསགས་བཞིན་པ།

༡༢

༧བླ་ཁྲིའི་གཡུ་རིའི་བཤད་སྒྲུབ་འདུས་སྡེ་ནས་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་ལ་སྐུ་ཕྱྭའི་ཞབས་རིམ་དུ་བོན་སྐྱོང་སྟོང་ཚོགས་དང་། བྱམས་མ། བར་ཆད་ལམ་སེལ། ཚེ་སྒྲུབ་སོགས་བསྒྲུབ་བཞིན་ཡོད་པ།

E35DCCF3-D893-4539-B99D-6B6E10BBE827-26381-000015E783DE0E15_tmp8A0AB13E-4966-471F-AAD9-97FDED42C3F4-26381-000015E78959E6AD_tmp

༧ཐེ་བོ་གཙོ་ཚང་གསང་སྔགས་སྨིན་གྲོལ་དར་རྒྱས་གླིང་གི་མཁན་ཚེ་དབང་རིག་འཛིན་དབུ་བཞུགས་འོག་གྲྭ་ཚང་དང་ཕྱོགས་དང་རིས་སུ་མ་ཆད་པའི་དད་ལྡན་འདུས་མང་ནས་སྐུ་ཕྱྭ་ཞབས་རིམ་དུ་བརྟན་བཞུགས་གསོལ་འདེབས། བསྟན་སྲུང་བོན་སྐྱོང་རྣམས་ཀྱི་གསོལ་མཆོད། གསེར་སྐྱེམས། སྲུང་བཟློག ཚེ་ཐར་སྲོག་བླུ། སྨྱུང་གནས། ཕྱག་སྐོར་བཟླས་བརྗོད། གློག་སྒྲོན་ཁྲི་མཆོད་ཀྱི་མཆོད་སྤྲིན་སོགས་འབུལ་བཞིན་པ།

805F04A0-1152-4DA0-9D62-214E99F5DB49-26381-000015E7B2CB4501_tmp36EC313D-0167-48D0-97CD-9147F27217CB-26381-000015E7A6083B12_tmp

༧རབ་ལེགས་གཡུང་དྲུང་གླིང་གི་མཁན་རིན་པོ་ཆེ་ནས་བཀའ་དགོངས་ལྟར་དགོན་པའི་འདུས་མང་ནས་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་རིན་པོ་ཆེ་མཆོག་ལ་ཞབས་བརྟན་དུ་བྱམས་མ་ཡར་མཆོད་མར་སྦྱིན་དང་། ཁྲོ་བོ་གཞུང་གྲངས་གསོག་བཞིན་པ།

523B3D8B-B29D-44DB-AA76-7C90A56555FB-26381-000015E76BAF72AB_tmpDBA28628-0B51-41F3-A0F3-946104379E8B-26381-000015E7719A3D93_tmp

༧ཤར་ཟིང་ཆུ་རིན་སྤུངས་དགོན་བཀྲ་ཤིས་སྨིན་གྲོལ་གླིང་ནས་ཞབས་རིམ་དུ་སྐུ་གསུམ་རང་ཤར་གྱི་ཚོགས་མཆོད་རྒྱས་འབུལ་ཞུ་བཞིན་པ།

0007F461-C6D5-4678-B24F-ABEEA0ACD80F-26586-00001627ED89DCAD_tmp851F4B23-7155-4390-9BE6-071B6F4EAB2D-26586-00001627F4363328_tmp

༧བྱ་བཏང་གཡུང་དྲུང་བོན་བཙུན་མའི་བཤད་སྒྲུབ་སྒོམ་པའི་འདུས་སྤྱི་ནས་རིན་པོ་ཆེའི་ཞབས་བརྟན་དུ་དམིགས་ཏེ་སྲིད་རྒྱལ་དྲེའུ་ནག་མོའི་ཁྲི་ཚོགས་རྒྱས་འབུལ་ཞུ་བཞིན་པ།

 

གནས་ཚུལ་འདིའི་འཕྲོ་གཤམ་གྱི་དྲ་ཐག་དེ་བརྒྱུད་ནས་ཀློག་རོགས་གནང་།

http://www.theyungdrungbon.com///2017/09/33/

 

གནས་ཚུལ་འབྱོར་རིམ་ལྟར་མུ་འགོད་ཡིན་པས་དེ་ལུགས་དགོངས་འཇུགས་ཞུ།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow