༧སྨན་རིའི་གླིང་དུ་གདུང་མཆོད་དང་ཞུགས་འབུལ་གྱི་སྟ་གོན།

12

༧རྒྱལ་བ་གཤེན་གྱི་འབྱུང་ལྡན་ ༣༠༡ བོད་མེ་བྱ་ལོའི་ཧོར་ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན་སྟེ། ཕྱི་ལོ་ ༢༠༡༧ ཟླ་བ་ ༩ ཚེས་ ༡༨ ཉིན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ཐུགས་དམ་གྲོལ་ནས་གདུང་ཁྲུས་གསོལ་ཞིང་རྨད་བྱུང་ན་བཟའ་གོས་དྲུག་ཕུལ་ཏེ་སྐུ་གདུང་རིན་པོ་ཆེ་གསས་ཁང་དུ་བཞུགས་སུ་གསོལ།

43

༧སྐྱབས་རྗེ་༧སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་དབུ་བཞུགས་ཐོག་བླ་སྤྲུལ་དགེ་བཤེས་རྣམས་དང་དགེ་འདུན་མང་ཚོགས། བོད་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་རྣམས་དང་། བོན་གཞིས་མི་མང་ཡོངས་ཀྱིས་སྨན་རིའི་བླ་བྲང་མདུན་དུ་བླ་མ་མཆོད་པ་དང་སྨོན་ལམ་གསུངས་བཞིན་པ།

67

༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་ཆེན་མོར་དགེ་འདུན་འདུས་པ་རྒྱ་མཚོས་དགོངས་རྫོགས་སུ་རྒྱལ་བ་ཞི་ཁྲོའི་ཚོགས་མཆོད་རྒྱས་འབུལ་དང་། ༧སྨན་རིའི་བླ་བྲང་དུ་བླ་སྤྲུལ་དགེ་བཤེས་རྒན་གྲས་རྣམས་ཀྱིས་རིག་འཛིན་འདུས་པའི་ཚོགས་མཆོད་རྒྱས་འབུལ་ཞུ་བཞིན་པ།

89

༧སྨན་རིའི་བཤད་སྒྲུབ་གྲྭ་ཚང་གི་ཚོགས་ཁང་དུ་དད་ལྡན་མི་མང་ནས་མཆོད་པ་རྒྱས་བཤམས་ཐོག ཉིན་མཚན་ཀུན་ཏུ་མར་མེ་རྒྱུན་ཆད་མེད་པར་འབུལ་བཞིན་པ།

IMG_2330IMG_2335

ཕྱོགས་མཐའ་ཁག་ནས་ཕེབས་པའི་མི་མང་དང་བོན་གཞིས་སྐྱ་སེར་མང་ཚོགས་སློབ་ཕྲུག་ཕོ་མོ་ཁག་ནས་ཕྱག་སྐོར་མཆོད་འབུལ་ཞུ་བཞིན་པ།

1011

ཀུན་རིག་ལས་བཞི་རྒྱུན་ལྔ་རྒྱས་པའི་མཆོད་སྤྲིན་ཞུགས་འབུལ་སོགས་ཀྱི་གྲ་སྒྲིག་ཞུ་དང་ཞུ་བཞིན་པ།

1312

སྐུ་གདུང་ཞུགས་འབུལ་གྱི་གདུང་ཁང་རྒྱ་ཆེན་བརྩིགས་བཞིན་པ།

IMG_2265

པར་པ། གྱེར་ནག་ཚང་།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow