སྨན་རིའི་བཀའ་རམས་པ་ཚ་རོང་སྐལ་བཟང་ཕུན་ཚོགས་ཀྱི་དགེ་བཤེས་ཆེད་དེབ་དངོས་སུ་འགྲེམ་སྤེལ་མཛད་པ།

ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་པ་བཀའ་རམས་པ་ཚ་རོང་སྐལ་བཟང་ཕུན་ཚོགས་ལགས་ཀྱིས་ལོ་མང་རིང་བོན་གྱི་གཞུང་ཆེན་ཁག་ལ་ཐོས་བསམ་གྱིས་རྩོད་སྦྱོང་དང་འབད་པ་ལྷོད་མེད་གནང་བའི་འབྲས་རྟགས་སུ་ད་ལོར་སྨན་རིའི་དགེ་བཤེས་གྱི་མཚན་བཏགས་བཞེས་ལ་ཉེ་བའི་སྐབས་འདིར་ཁོང་གིས་གཡས་རུའི་མཁས་གྲུབ་སྟོན་པ་བཅོ་བརྒྱད་ལས་སྟོན་པ་བརྒྱད་པ་བོན་གྱི་སྤྱན་ལྡན་ཆེན་པོ་ཞེས་གྲགས་སྙན་གྱི་བ་དན་སྲིད་རྩེར་གཡོ་བ་མཆོག་གིས་མཛད་པའི་ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་ལེའུ་བརྒྱད་ཀྱི་བདག་ཉིད་ཅན་གྱི་ལེའུ་དང་པོའི་གཞུང་དོན་གསལ་བར་བྱས་ནས་ ༼ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་ལས་ལེའུ་དང་པོའི་མཆན་འགྲེལ་གཞུང་དོན་གསལ་བའི་སྒྲོན་མེ།༽ཞེས་བྱ་བ་བརྩམས་གནང་ཡོད་པར་རྒྱ་ཆེ་ཚད་མའི་གཞུང་ལ་དོན་གཉེར་ཅན་རྣམས་ལ་ཕན་ཐོགས་འབྱུང་ངེས་སུ་དམིགས་ནས་འདི་ག་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་ནས་རྒྱ་ཆེ་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་བསྟར་འབུལ་ཞུས་པ་ལགས་ན་ཕྱག་དེབ་རྩོམ་པ་པོ་དང་ཀློག་པ་པོ་ཡོངས་ཀྱི་སྨོན་འདུན་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག

ཅེས་ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་ནས་ཕྱི་ལོ་ ༢༠༡༨ ཟླ་བ་ ༠༡ ཚེས་ ༡༥ ཉིན་ལ་བྲིས་པ་དགེའོ།།

ངོ་སྤྲོད་མདོར་བསྡུས།

ཚ་རོང་སྐལ་བཟང་ཕུན་ཚོགས་ནི། ཚ་བ་དཔའ་ཤོད་ཝ་དག་གྲོང་དུ་སྐྱེས། རང་ལོ་དགུ་ཙམ་ནས་ཁྱུང་བླ་གཡུང་དྲུང་འགྱུར་མེད་ཀྱི་དྲུང་དུ་ཡི་གེ་འདོན་ཀློག་སོགས་བསླབ་པ་དོན་གཉེར། ཕྱི་ལོ་(2000)ལོར་བོན་གཞིས་ཐོབ་རྒྱལ་གསར་པར་འབྱོར་ནས། དེ་གའི་ཉིན་སློབ་ཏུ་ལོ་གཉིས་ཀྱི་རིང་དམའ་རིམ་སློབ་གྲྭར་ཕྱིན། དེ་རྗེས་རང་གི་ཞང་པོ་དང་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་ལྟར། ཕྱི་ལོ་(2001)ལོར་༧རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་མདུན་དུ་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་ཞུས། ཕྱི་ལོ་(2002)ལོར་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས། སློབ་གཉེར་གྱི་ཞོར་དུ་༧རྒྱལ་བ་སྨན་རི་བ་མཆོག་གི་བཀའ་མངགས་ལྟར་(2013)ནས་སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོ་ལས་གཡུང་དྲུང་བོན་གྱི་རྩོམ་སྒྲིག་སྡེ་ཚན་དུ་ལས་ཀ་བྱས།

ཕྱི་ལོ་(2012/2017)བར་སྨན་རིའི་བཤད་སྒྲུབ་འདུས་སྡེར་རིག་གནས་འགན་འཛིན་དང་། ཕྱི་ལོ་(2013/2014)ལ་སྨན་རིའི་འཆམ་མཇུག ཕྱི་ལོ་(2015/2016)ལ་སྨན་རིའི་འཆམ་དཔོན། ཕྱི་ལོ་(2012/2017)བར་ལོ་བདུན་གྱི་རིང་ལ་འཆམ་གྱི་འགན་འཛིན། (2013)ལོར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་རྩིས་པའི་ལས་དོན་བཅས་ཞུས།

ཕྱི་ལོ་(2014/2016)བར་ལོ་གསུམ་གྱི་རིང་དཔལ་ལྡན་སྨན་རིའི་བླ་སྤྱིའི་བཀའ་དགོངས་ལྟར་འཛིན་གྲྭ་འོག་མ་རྣམས་ལ་དཔེ་ཁྲིད་དགེ་རྒན་བྱས། (2017)ལོར་༧རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པ་གཉིས་ཀྱིས་བཀའ་རམས་པའི་མཚན་བཏགས་གནང་ཡོད་པ་བཅས་སོ།།

 

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow