ཨེ་ཤི་ཡའི་ཞི་བདེའི་ནང་པའི་མཐུན་ཚོགས་ཀྱི་སྐབས་༡༡པའི་ཚོགས་ཆེན་དང་ལོ་ངོ་༥༠འཁོར་བའི་དུས་སྟོན་སོག་པོའི་རྒྱལ་ས་ཨུ་ལན་སྦ་ཏར་ཚོགས་པའི་གནས་བསྡུས།

ཕྱི་ལོ་༢༠༡༩ལོའི་སྤྱི་ཟླ་༦ཚེས་༢༠ནས་༢༤བར་ཉིན་ལྔའི་རིང་ཨེ་ཤི་ཡའི་ཞི་བདེའི་ནང་པའི་ཐུན་ཚོགས་སྐབས་༡༡པ་དང་ལོ་ངོ་༥༠འཁོར་བའི་དུས་སྟོན་སོག་པོའི་རྒྱལ་ས་ཨུ་ལན་སྦ་ཏར་དགའ་ལྡན་དགོན་པར་འཚོགས་ཡོད་པ་དང་། དེ་ཡང་ཨེ་ཤི་ཡའི་རྒྱལ་ཁབ་བཅུ་གཉིས་ལྷག་གི་འཐུས་མི་ཚོགས་བཅར་ཞུས་འདུག་ལ།

དེ་ཡང་རྒྱ་གར་ས་གནས་ཀྱི་ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན། ཇོ་ནང་དང་བཅས་པའི་འཐུས་མི་ཆེད་ཕེབས་བྱས་ཡོད་འདུག་ལ། ཐེངས་འདིའི་ཚོགས་ཐོག་ཏུ་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་འཐུས་མི་ཚ་རོང་དགེ་བཤེས་བསོད་ནམས་བློ་གྲོས་ལགས་ཕེབས་ཡོད་པ་དང་། དེ་ཡང་འཐུས་མི་རྣམས་པར་ཇིང་གེ་རྒྱལ་པོའི་གནམ་ཐང་ནས་བསུ་ཐོན་གྱིས་སྣེ་ལེན་གཟབ་རྒྱས་བྱས་ཡོད་འདུག་ལ།

ཚོགས་འདུའི་བར་གསེང་དུ་འཆམ་དང་རིག་གཞུང་འཁྲབ་སྟོན། འགྲེམ་སྟོན་ཁང་སོགས་སུ་བལྟ་སྐོར་གྱི་ལས་རིམ་གོ་སྒྲིག་བྱས་ཡོད་འདུག་ལ། ཚོགས་ཐུན་སོགས་སུ་གནད་ཡོད་མི་སྣའི་གསུང་བཤད་དང་ནང་པ་དང་ནང་པ་མ་ཡིན་པའི་ཆོས་ལུགས་གཞན་དག་གི་གནད་ཡོད་མི་སྣས་བསྩལ་བའི་གསུང་འཕྲིན་སོགས་བརྙན་དང་ཡིག་ཐོག་སོགས་ནས་ཚོགས་བཅར་བ་ཡོངས་ལ་ངོ་སྤྲོད་བྱས་ཡོད་པ་དང་།

ཕྱི་ཚེས་༢༤ཉིན་གྱི་ཕྱི་དྲོར་ཨ་ལགས་སྦུ་ཏི་ཆི་ཁ་ལི་ད་དགོན་པ་དང་འགྲེམས་སྟོན་ཁང་སོགས་སུ་ཆུ་ཚོད་གཉིས་ལྷག་གི་གཟིགས་སྐོར་གྲུབ་རྗེས་ཐེངས་འདིའི་ཚོགས་འདུ་ཡོངས་སུ་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow