བོད་ས་ཕག་ལོའི་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བཤད་སྒྲུབ་འདུས་སྡེའི་ལོ་འཁོར་ཡིག་རྒྱུགས་ཆེན་མོ་ལེགས་པར་གྲུབ་པ།

དེ་ཡང་གཤེན་གྱི་འབྱུང་ལྡན་༣༠༡བོད་ས་ཕག་ལོའི་བོད་ཟླ་༡༡པའི་ཚེས་༡༧དང་། ཕྱི་ལོ་༢༠༢༠ལོའི་ཟླ་༡ཚེས་༡༢ཉིན་གྱི་ཞོགས་པའི་ཆུ་ཚོད་༨།༣༠སྟེང་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་བཤད་སྒྲུབ་འདུས་སྡེའི་ལོ་འཁོར་ཡིག་རྒྱུགས་ཆེན་མོ་དབུ་འཛུགས་གནང་ཡོད་པ་དང་།

ཆུ་ཚོད་༨།༢༠སྟེང་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་ཡོངས་དང་། བཙུན་དགོན་རདྞ་སྨན་གླིང་གི་བཤད་སྡེའི་བཙུན་མ་ཡོངས། དེ་མིན་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་གཞི་རིམ་འཛིན་གྲྭའི་སློབ་མ་བཅས་ཉིན་དང་པོའི་རྒྱུགས་ལེན་ཡུལ་ངོས་གསང་སྔགས་སྒོམ་སྒྲུབ་གླིང་གི་ཚོམས་ཆེན་མདུན་སྒོར་གསལ་བསྒྲགས་སྔོན་སོང་ལྟར། འཛིན་གྲྭ་སྦྲགས་སྤེལ་གྱི་བཞུགས་རིམ་ལྟར་ལུས་བཤེར་བྱས་རྗེས་གདན་གྲལ་དུ་འཁོད་ནས་ཡིག་རྒྱུགས་བཏངས་ཡོད་པ་དང་།

ཕྱི་ཚེས་༡༣ཉིན་གྱི་ཞོགས་པའི་༨།༣༠སྟེང་ཉིན་གཉིས་པའི་ལོ་འཁོར་ཡིག་རྒྱུགས་ཆེན་མོའི་རྒྱུགས་ལེན་ཡུལ་ངོས་དཔལ་གཤེན་བསྟན་སྨན་རིའི་གླིང་གི་འཆམ་རར་སྒྲིག་གཞི་སྔོན་སོང་ལྟར་སྒྲིག་གཞི་ཚགས་ཚུད་ཡོང་ཕྱིར་ལུས་བཤེར་བྱས་རྗེས།

སྐབས་བབ་སློབ་ཚན་གྱི་དྲི་བ་དག་རེ་རེ་ལན་བསྡོམས་ཀྱིས་བོད་ས་ཕག་ལོའི་ལོ་འཁོར་ཡིག་རྒྱུགས་ཆེན་མོ་ཡོངས་སུ་བཀྲ་ཤིས་ངང་མཇུག་བསྡུས་ཡོད་པ་བཅས་ཀྱི་གནས་བསྡུས་སུ།
པར་པ། ལྷ་ཐོག་དགེ་བཤེས་ཤེ་ཙུ་རྒྱ་མཚོ།      

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow