དེ་ཡང་ལྕགས་བྱི་ལོར་འཛམ་གླིང་ཀུན་ལ་ཏོག་དབྱིབས་ནད་དུག་གིས་འགྲོ་འོང་བཀག་སྡོམ་གྱི་ལས་གཞི་སྤྱི་སྒེར་རིམ་བཞིན་ལག་བསྟར་དང་། ཁྱིམ་སྡོད་བཀའ་རྒྱ་གཏན་འབེབས་དགོངས་དོན་སྲུང་བརྩི་ཞུ་མུས་དང་བསྟུན།
དེ་ཡང་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤རིན་པོ་མཆོག་གིས་རྐྱེན་ངན་ལམ་འཁྱེར་གྱི་ཉམས་ལེན་རྒྱུན་མཐུད་དང་། རྒྱལ་བ་གོང་མའི་མཛད་པ་ལྷུར་བཞེས་ཀྱིས་བསྙེན་སྒྲུབ་ལས་གསུམ་དང་། དབང་ལུང་ཁྲིད་གསུམ་གྱི་གདམས་དོན་ཚང་ལ་མ་ནོར་བར་ཕྱག་བསྟར་མཛད་ཅིང་།
དེ་ཡང་སྤྱི་ཟླ་༧པའི་ཚེས་༡༠ནས་སྤྱི་ཟླ་༡༢ཚེས་༠༩བར་སྙན་བརྒྱུད་ཞི་བ་ཨ་གསལ་འཕྲུལ་གྱི་ལྡེ་མིག ཚེ་དབང་བྱ་རུ་མ། དྲན་པ་ཚེ་སྒྲུབ། བྱམས་མ་རིགས་སྐྱོབས། ཕྱྭ་ཀེང་ཙེ་བཅས་ཀྱི་སྐུ་མཚམས་སུ་བཞུགས་ཤིང་། བཞུགས་ཡུན་རིང་ཉིན་རྒྱུན་ཆུ་ཚོད་གཅིག་རིང་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེའི་སྐུ་མདུན་ནས་ཆོ་ག་བཅུ་གཉིས། ཚེ་དབང་བྱ་རུ་མ། བྱམས་མ་འཇིགས་པ་བརྒྱད་སྐྱོབས། ཕྱྭ་སྲས་ཡིད་འོང་རྒྱལ་པོའི་གཟུངས་མཆོད། མདོ་གཡུང་དྲུང་ཀློང་རྒྱས། མ་ཏྲི་རིན་ཆེན་སྒྲོན་མ། ངན་སོང་སྐྱེ་སྒོ་གཅོད་པ། རྣམ་པར་རྒྱལ་བའི་བསྒྲུབ་སྐོར་ཆ་ལག་ཆ་རྐྱེན་བཅས། གསེར་འོད་ནོར་བུ་འོད་འབར་བཅས་ཀྱི་ལུང་ཞུས་ཡོད་པ་དང་།
དེ་ཡང་སྤྱི་ཟླ་༡༢པའི་ཚེས་༡༦ནས་༢༠༢༡ལོའི་སྤྱི་ཟླ་༢ཚེས་༣བར་ཉིན་ཞེ་དགུའི་རིང་མུན་མཚམས་བཅད་རྒྱར་བཞུགས་ནས་ཁ་སང་སྟེ་ཕྱི་ལོ་༢༠༢༡ལོའི་ཟླ་༢ཚེས་༣ཉིན་གྱི་ཕྱི་དྲོའི་ཆར་སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དབུས་སྨན་རིའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་བཅས་གྲྭ་ཚང་གི་ལས་སྣེ་དག་གི་བཀྲ་ཤིས་རྟེན་འབྲེལ་གྱི་སྨོན་བརྗོད་དང་སྦྲགས་གནམ་ནས་གཡུ་འབྲུག་གྲགས་ཤིང་ས་ལ་བཀྲ་ཤིས་ཀྱི་སྦྲང་ཆར་སིམ་སིམ་བབས་པའི་རྟེན་འབྲེལ་དང་བསྡོངས་སྐུ་མཚམས་བདེ་ལེགས་ངང་གྲོལ་ཡོད་པའི་གནས་བསྡུས་སུ།
པར་མཁོ་འདོན་པ་དགེ་བཤེས་ཤེས་རབ་དཔལ་ལྡན།
༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།