སྲིད་སྐྱོང་སྐུ་ངོ་སྤེན་པ་ཚེ་རིང་མཆོག་བོན་གཞིས་སུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་པ།

དེ་རིང་སྟེ་སྤྱི་ལོ་༢༠༢༡ལོའི་སྤྱི་ཟླ་༡༢ཚེས་༦ཉིན་རྒྱབ་༡།༣༠སྟེང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མི་རྗེ་སྲིད་སྐྱོང་སྐུ་ངོ་སྤེན་པ་ཚེ་རིང་མཆོག  བོན་གཞིས་སུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཡོད་པ་དང་།

ཐོབ་རྒྱལ་ལ་མགོར་གཞིས་ཆགས་མི་མང་རྣམས་ནས་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་། གསང་སྔགས་སྒོམ་སྒྲུབ་གླིང་གི་མདུན་ཐང་དུ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་ཚོགས་སྡེ་ཆེ་ཆུང་ཁག་གི་དབུ་འཛིན་རྣམ་པའི་ཕེབས་བསུ་དང་ཉིན་གུང་གསོལ་ཚིགས་གྲུབ་རྗེས།

སྐུ་ངོ་སྲིད་སྐྱོང་མཆོག་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དང་། སྐུ་གདུང་ཁང་། གསོ་རིག་འབུམ་བཞིའི་མཐོ་སློབ། བཙུན་དགོན་རདྞ་སྨན་གླིང་སོགས་སུ་འཚམས་གཟིགས་གནངས་ཞིང་། ཕྱིར་གཞིས་ཆགས་ཚོགས་ཁང་དུ་ཕེབས་ནས།

ས་གནས་འགོ་འཛིན་ལས་ཁུངས་ཀྱི་དྲུང་ཡིག་མཆོག་ནས་ཚོགས་འདུ་གཙོ་སྐྱོང་གནངས་ཞིང་། ས་གནས་གཞིས་འགོ་མཆོག་ནས་བོན་གཞིས་ཀྱི་སྔར་བྱུང་དང་། ད་ལྟའི་གནས་བབ་སོགས་སྙན་གསེང་ཞིབ་རྒྱས་ཞུས་རྗེས།

དཔལ་ལྡན་སྲིད་སྐྱོང་མཆོག་ནས་བོན་གཞིས་སེར་སྐྱ་མི་མང་ཡོངས་ལ་བཀའ་སློབ་གནངས་ཡོད་པ་དང་། ས་གནས་གཞིས་ཆགས་ཁག་གི་གནས་བབ་དང་། དབུས་བོད་མིའི་སྒྲིག་འཛུགས་དམངས་གཙོ་ཀ་བ་གསུམ་བཅས་ལྗིད་སྙོམས་སྟངས་འཛིན་གྱི་སྒྲིག་གཞི་ངོ་སྤྲོད། ཁྲིམས་མཐུན་དྲང་བདེན་གྱི་ངོ་བོ་ཚད་འཇལ་བྱེད་སྟངས་སོགས་བཀའ་སློབ་བསྩལ་ཡོད་པ་དང་། ལོ་ངོ་དྲུག་ཅུའི་སྔོན་བོད་ཀྱི་སྤྱི་ནོར་༧གོང་ས་རྒྱལ་བའི་དབང་པོ་མཆོག་བཙན་བྱོལ་དུ་ཕེབས་ནས།

དཀའ་ངལ་ཚད་མེད་བསྐྱོན་ནས་གཞིས་ཆགས་སློབ་གྲྭ་སོགས་གསར་འཛུགས་བཅས། བོད་ཀྱི་ངོ་བོ་མཚོན་པའི་ཆོས་དང་རིག་གཞུང་དར་སྤེལ་ཐད་སྐུ་ངལ་བསྐྱོན་པར་བོད་མི་ཡོངས་ནས་བཀའ་དྲིན་བསམ་ཤེས་བྱེད་དགོས་པ་དང་།

ལན་རེ་གོ་ནོར་ཐེབས་ནས་ནོར་འཁྲུལ་འབྱུང་སྲིད་ཀྱང་། དེ་ཡང་ནོར་འཁྲུལ་དེ་ནོར་འཁྲུལ་ཡིན་པའི་འདུ་ཤེས་སུ་བཞག་ནས་དགོངས་སེལ་ཞུ་དགོས་པ་གལ་ཆེན་ཡིན་སྐོར་དང་སྦྲགས། དྲི་བ་དྲི་ལན་གྱི་མཛད་རིམ་གྲུབ་མཚམས།

བོན་གཞིས་ས་གནས་འགོ་འཛིན་མཆོག་ནས་ཐུགས་རྗེ་ལེགས་གསོལ་གྱི་གཏམ་བཤད་ཀྱིས་མཇུག་གྲུབ་ཡོད་ཅིང་། སང་ཉིན་ཞོགས་པའི་ཕྱག་ཚོད་༨།༠༠སྟེང་དཔལ་ལྡན་སྲིད་སྐྱོང་མཆོག་བོན་གཞིས་ནས་ཕེབས་ཐོན་བྱེད་རྒྱུ་ཡིན་པ་བཅས་ཀྱི་གནས་བསྡུས་སུ། །

༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།
༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།
༄༅། །ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།
༄༅། །ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
previous arrow
next arrow