༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གློ་དོལ་ཕྱོགས་སུ་བོན་གྱི་མཛད་འཕྲིན་གྲུབ་ནས་ཕྱིར་རང་དགོན་དུ་ཕེབས་པ།

དེ་རིང་སྟེ་ཕྱི་ཚེས་༤ཉིན་སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་བལ་ཡུལ་གློ་དོལ་སོགས་ཀྱི་མཛད་འཕྲིན་གྲུབ་ནས་རང་དགོན་དུ་ཞབས་སོར་འཁོད་ཡོད་པ་རེད། 

དེ་ཡང་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གློ་དོལ་ཕྱོགས་ཀྱི་བླ་དགེ་སྔགས་གསུམ་དང་ཆོས་ལུགས་རིས་སུ་མ་ཆད་པའི་སྐྱེས་ཆེན་མང་པོས་ཞུ་སྐུལ་ལན་མང་བྱས་ངོར། ཕྱི་ཟླ་༧པའི་ཚེས་༣༠ཉིན་རང་དགོན་ནས་ཆིབས་ཐོན་གྱིས་གློ་དོལ་ཕྱོགས་སུ་བོན་གྱི་མཛད་འཕྲིན་བསྐྱངས་པ་དང་། བོན་དགོན་ཁག་དང་བོན་གྱི་གནས་རི་རྩ་ཆེན་རྣམས་སུ་གནས་སྐོར་སོགས་ཟླ་གཉིས་ལྷག་རིང་བསྐྱངས་ནས། དེ་རིང་སྟེ་ཕྱི་ཚེས་བཞི་ཉིན་རང་དགོན་དུ་ཆིབས་ཞལ་བསྒྱུར་ཡོད་པ་དང་། བོན་གཞིས་མང་ཚོགས་དང་བོན་བུ་ཁྱིམ་ཁང་གི་སློབ་ཕྲུག་དག་གིས་ཐོབ་རྒྱལ་ལ་མགོར་ཕེབས་བསུའི་བསྟར་ཕྲེང་བསྒྲིགས་ཤིང་། 

སྨན་རིའི་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་གཙོས་འདུས་མང་ཡོངས་དང་། བཙུན་མ། བོན་ཕྲུག་བདེ་དོན། བཤད་སྡེའི་གཞི་རིམ་མཛིན་གྲྭ་བཅས་ནས་དགོན་པའི་མདུན་སྒོར་སེར་ཕྲེང་རོལ་མོའི་མཆོད་པ་རྒྱ་ཆེན་དང་། གཤེན་རབ་མཆོད་ལྔའི་རོལ་མོའི་དབྱངས་ཀྱིས་བསུས་ནས་ཚོགས་ཁང་དུ་གདན་ཞུས་ཁྲི་གསོལ་གྲུབ་མཚམས། 

བླ་མ་མཆོད་ཐབས་དང་མ་འདལ་འདེགས་འབུལ་གྱི་མཛད་རིམ་གྲུབ་ནས། སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་ནས་སྔར་སྲོལ་ལྟར་འདུས་མང་ཡོངས་ལ། འགྱེད་མང་ཇ་བཏངས་ཡོད་པ་བཅས་ཀྱི་གནས་བསྡུས་སུ། 

པར་པ། ཁྲི་གཙུག་རྣམ་རྒྱལ།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow